སིལ་གྲངས་ལྡན་པའི་གྲངས་ཀ་རྣམ་གཞག་ཅན་དུ་བསྒྱུར།

ལས་ཁྲའི་ནང་གྲངས་ཀ་ཞིག་མཐེབ་འཇུག་(དཔེར་ན་ 1234.5678)རྗེས་གྲངས་ཀ་ནི་རྟག་པར་གྲངས་ཀའི་ཁས་ལེན་རྣམ་གཞག་སྒོ་ནས་ལས་ཁྲའི་ནང་གསལ་ དེ་ཡང་གྲངས་ཀར་སིལ་གྲངས་ཚེག་གཉིས་ཀྱི་གནས་གྲངས་འབའ་ཞིག་ལྡན་ དེར་བརྟེན་ཁྱེད་ཀྱིས་མཐོང་བའི་གྲངས་ཀ་ནི་ 1234.57 ཡིན། Enter མཐེབ་གནོན་རྡེབ་བྱས་རྗེས་མ་ལག་ནང་དུ་སྔར་བཞིན་གྲངས་ཀ་དེར་ལྡན་པའི་སིལ་གྲངས་ཚེག་བཞིའི་གནས་གྲངས་རྒྱུན་འཁྱོངས་བྱེད་ མངོན་པ་ནི་དོར་འཇུག་རྗེས་ཀྱི་གྲངས་ཀ་ཙམ་ཡིན།

རྣམ་གཞག་ཅན་ལ་སིལ་གྲངས་ཀྱི་གྲངས་ཀ་ལྡན།

  1. འོད་རྟགས་དེ་རྣམ་གཞག་ཅན་བཀོད་སྒྲིག་བྱ་དགོས་པའི་སར་སྤོ་བ་ རྣམ་གཞག་ - དྲ་མིག་འདེམས་ནས་དྲ་མིག་རྣམ་གཞག་གླེང་སྒྲོམ་འདེམས་དགོས།

  2. འདེམས་གཞིའི་ཁྭ་གྲངས་ཀ་ནང་གྲངས་ཀའི་རྣམ་གཞག་གིས་འདེམས་གཞིའི་རྣམ་གྲངས་ཤིག་མཐོང་ཐུབ། གླེང་སྒྲོམ་གྱི་གཡས་གཤམ་འོག་དུ་སྔོན་ལྟའི་སྒེའུ་ཁུང་ཞིག་ཡོད་ ཁྱེད་ཀྱིས་རྣམ་གཞག་གཅིག་བརྗེ་བའི་སྐབས་མིག་སྔའི་གྲངས་ཀ་དེ་མར་མཐོང་ཐུབ།

རིས་རྟགས།

གལ་ཏེ་ཁྱེད་ཀྱིས་མངོན་པའི་སིལ་གྲངས་གནས་གྲངས་ཙམ་བཟོ་བཅོས་བྱ་འདོད་ན་ཐབས་ཤེས་སྟབས་བདེ་ཤོས་ཤིག་ནི་"རྣམ་གཞག་ཚང་།"སྟེང་གི་གྲངས་ཀའི་རྣམ་གཞག་བེད་སྤྱོད་པ་ཡིན། སིལ་གྲངས་གནས་གྲངས་སམ་གྲངས་ཀའི་གནས་གྲངས་གསབ་སྣོན་ནམ་གྲངས་ཀའི་རྣམ་གཞག་གསབ་སྣོན་བྱེད། སིལ་གྲངས་གནས་གྲངས་རིས་རྟགས་སུབ་པ།

Please support us!