LibreOffice 25.2 Help
གཞི་གྲངས་ཟླ་སྒྲིལ་སྐབས་ལས་ཁྲ་མང་པོའི་དྲ་མིག་ནང་དོན་དེ་གཅིག་ལ་ཟླ་སྒྲིལ་བྱེད།
ཟླ་སྒྲིལ་རྩིས་རྒྱག་བྱ་དགོས་པ་འདུས་པའི་དྲ་མིག་ས་ཁོངས་ཀྱི་ཡིག་ཚགས་ཁ་ཕྱེ་བ།
ཟླ་སྒྲིལ་གླེང་སྒྲོམ་འདེམས་དགོས།
ཁ་ཕྱེ་ཁུངས་གཞི་གྲངས་ས་ཁོངས་སྒྲོམ་ནང་ནས་ཁུངས་དྲ་མིག་ས་ཁོངས་ཤིག་འདེམས་ནས་ས་ཁོངས་གཞན་དང་ཟླ་སྒྲིལ་བྱ་བདེ་བ་ཡོང་།
ས་ཁོངས་དེར་གལ་ཏེ་མིང་བཏགས་བྱས་མེད་ན་ ཁུངས་གཞི་གྲངས་ས་ཁོངས།འགྲམ་གྱི་ཡིག་དུམ་ལ་རྐྱང་རྡེབ་བྱ། ཁྱེད་ཀྱིས་ཆེམ་སྒུལ་གྱི་ཡིག་དེབ་འོད་རྟགས་མཐོང་ཐུབ། ད་ཆ་མཐེབ་གཞོང་སྤྱད་ནས་ཨང་དང་པོའི་ཁུངས་གཞི་གྲངས་ས་ཁོངས་ཀྱི་འདྲེན་སྤྱོད་ནང་འཇུག་བྱ་བའམ་རྩིག་རྟགས་སྤྱད་ནས་ས་ཁོངས་འདེམས་པ།
གསབ་སྣོན།ལ་རྐྱང་རྡེབ་ཀྱིས་བདམས་པའི་ས་ཁོངས་དེ་རྩིས་རྒྱག་ས་ཁོངས་ཟླ་སྒྲིལ་ཡིག་དུམ་སྣོན་འཇུག་བྱེད།
ད་ཆ་ཡང་བསྐྱར་གོང་གསལ་ཐབསཤེས་བརྒྱུད་ནས་ས་ཁོངས་གཞན་དག་བདམས་དགོས་ ས་ཁོངས་ཁག་བདམས་རྗེས་གསབ་སྣོན།རྡེབ་གནོན་བྱ།
འདྲ་ཕབ་འབྲས་བུ་སླེབས་པ་སྒྲོམ་ནང་ནས་དམིགས་འབེན་ས་ཁོངས་འདེམས་ནས་འབྲས་བུ་མངོན་པར་སྤྱོད་པའི་ས་ཁོངས་གཏན་འཁེལ་བྱེད།
གལ་ཏེ་དམིགས་འབེན་ས་ཆར་མིང་མེད་ན་འདྲ་ཕབ་འབྲས་བུ་སླེབས་འགྲམ་གྱི་ཡིག་དུམ་རྐྱང་རྡེབ་བྱས་ཆོག་ དེ་རྗེས་དམིགས་འབེན་ས་ཁོངས་ཀྱི་འདྲེན་སྤྱོད་ནང་འཇུག་བྱ་ཐུབ། ཡང་ན་ཙིག་རྟགས་བརྒྱུད་པའམ་འོད་རྟགས་དེ་དམིགས་འབེན་ས་ཁོངས་ཀྱི་གཡོན་སྟེང་ཟུར་གྱི་དྲ་མིག་སར་འཇོག་པར་བརྒྱུད་ནས་དམིགས་འབེན་ས་ཁོངས་འདེམས་པའོ།
རྟེན་གྲངས།སྒྲོམ་ནང་ནས་རྟེན་གྲངས་ཤིག་འདེམས་པ། ཟླ་སྒྲིལ་རྩིས་རྒྱག་ས་ཁོངས་ཀྱི་གྲངས་ཐང་དེ་རྟེན་གྲངས་དེ་གཞིར་བཟུང་ནས་རྩིས་རྒྱག་བྱེད། ཁས་ལེན་བཀོད་སྒྲིག་ནི་"སྤྱི་སྡོམས།"རྟེན་གྲངས་ཡིན།
"གཏན་འཁེལ།"རྐྱང་རྡེབ་བྱ་ ཟླ་སྒྲིལ་ཁྱབ་ཁོངས།
རྩིས་རྒྱག་ཟླ་སྒྲིལ།གླེང་སྒྲོམ་ནང་གི་གཞན་དག་ ལ་རྐྱང་རྡེབ་ཀྱིས་བཀོད་སྒྲིག་གཞན་མངོན།
བདམས་པའི་ཚང་གནས་དང་ཁུངས་གཞི་གྲངས་སྦྲེལ་ཐུད་བྱས་ དེས་ཟླ་སྒྲིལ་རྩིས་རྒྱག་གི་དམིགས་འབེན་ས་ཁོངས་སུ་རྩིས་རྒྱག་གི་གྲངས་ཐང་འབྲས་བུ་ཉར་ཚག་མི་བྱེད་པར་རྩིས་རྒྱག་བྱས་པའི་འབྲས་བུའི་སྤྱི་འགྲོས་ཉར་ཚགས་བྱེད། ཐབས་ཤེས་དེའི་ཐོག་ནས་ རྗེས་སུ་ཁུངས་གཞི་གྲངས་ས་ཁོངས་ཀྱི་གྲངས་ཐང་ལ་འགྱུར་བ་འགྲོ་བའི་སྐབས་དམིགས་འབེན་ས་ཁོངས་ཀྱི་ལྟོས་བཅས་ཐང་ལ་ལྟོས་བཅས་ཀྱི་འགྱུར་བ་འགྲོ་ཐུབ་པ་ཡོང་།
དམིགས་འབེན་ས་ཁོངས་ནང་གི་ལྟོས་བཅས་དྲ་མིག་འདྲེན་སྤྱོད་རྒྱུན་མཐུད་ཕྲེང་ནང་བསྒར་འཛུད་བྱེད་ ཕྲེང་དེ་དག་རང་འགུལ་རིམ་སྒྲིག་བྱ་བ་དང་སྦྲགས་གབ་སོ་ རྟེན་གྲངས་རྩིས་རྒྱག་གི་མཇུག་མཐའི་འབྲས་བུ།
གལ་ཏེ་ཁུངས་གཞི་གྲངས་ས་ཁོངས་ཀྱི་དྲ་མིག་དེ་དྲ་མིག་གི་ས་ཁོངས་ནང་གི་གནས་སར་གཞིགས་ནས་ཟླ་སྒྲིལ་བ་མིན་པར་ཟླ་སྒྲིག་བྱས་པའི་ཕྲེང་ཤོག་བྱང་ངམ་སྟར་ཤོག་བྱང་ལ་གཞིགས་ནས་ཟླ་སྒྲིལ་བ་ཡིན་ན་ཟླ་སྒྲིལ་ཐབས་ཚུལ་འོག་ཕྲེང་ཤོག་བྱང་ངམ་སྟར་ཤོག་བྱང་འདེམས་དགོས།
ཕྲེང་ཤོག་བྱང་དང་སྟར་ཤོག་བྱང་ལ་གཞིགས་ནས་ཟླ་སྒྲིལ་བྱ་དགོས་ན་ཤོག་བྱང་ངེས་པར་དུ་བདམས་པའི་ཁུངས་ས་ཁོངས་ནང་འདུས་པ་བྱ་དགོས།
ཤོག་བྱང་ནང་གི་ཡི་གེ་ངེས་པར་དུ་གཅིག་མཚུངས་དགོས་ དེ་ལྟར་བྱས་ན་ཕྲེང་ངམ་སྟར་ཡང་དག་པར་ཟླ་སྒྲིག་བྱ། གལ་ཏེ་ཕྲེང་ངམ་སྟར་གྱི་ཤོག་བྱང་དང་དམིགས་འབེན་ས་ཁོངས་ནང་གི་ནང་དོན་གཅིག་མཚུངས་ཡིན་ན་ཕྲེང་ངམ་སྟར་གསར་པ་ཞིག་ཏུ་བརྩིས་ནས་དམིགས་འབེན་ས་ཁོངས་ལ་ཟུར་སྣོན་བྱ།
རྩིས་རྒྱག་ས་ཁོངས་དང་དམིགས་འབེན་ས་ཁོངས་ཟླ་སྒྲིལ་བའི་གཞི་གྲངས་ནི་ཉེར་སྡེར་བྱ་སྐབས་དུས་མཉམ་དུ་ཉར་ཚགས་བྱེད། གལ་ཏེ་ཁྱེད་ཀྱི་རྗེས་སུ་ཡང་བསྐྱར་དེའི་ནང་ཟླ་སྒྲིལ་རྩིས་རྒྱག་མཚན་འཇོག་བྱས་པའི་ཡིག་ཚགས་ཁ་ཕྱེ་ན་གཞི་གྲངས་དེ་དག་བེད་སྤྱོད་ལ་མཁོ་སྤྲོད་བྱེད།