LibreOffice 24.8 Help
"ལག་རོགས།"གཡར་ནས་ལས་ཁྲ་ཞིག་ལ་ལས་ཁྲ་གཞན་ཞིག་ནང་གི་དྲ་མིག་འདྲེན་སྤྱོད་བྱས་ཆོག་ ལས་ཁྲ་དེ་གཉིས་གཅིག་མཚུངས་ཀྱི་ཡིག་ཚགས་ལ་གཏོགས་ ཡང་མི་འདྲ་ཡིག་ཚགས་ལའང་གཏོགས། ཁྱེད་ཀྱིས་དྲ་མིག་དེ་འདྲ་ཕབ་ཆས་སམ་ཐག་སྦྲེལ་ལམ་ཆེས་ཐག་སྦྲེལ་ལ་བརྩིས་ནས་ལས་ཁྲའི་ནང་བསྒར་འཛུད་བྱས་ཆོག ངེས་པར་དུ་ཁུངས་ཡིག་ཆའི་ནང་བསྒར་འཛུད་བྱ་དགོས་པའི་ས་ཁོངས་ལ་མིང་བཏགས་བྱ་ དེ་ལྟར་བྱས་ན་གཞི་ནས་དེ་དམིགས་འབེན་ཡིག་ཆའི་ནང་བསྒར་འཛུད་བྱ་ཐུབ།
ཁུངས་དྲ་མིག་འདུས་པའི་ཡིག་ཚགས་ཤིག་ཁ་ཕྱེ་བ།
To set the source range as the range, select the cells and choose Sheet - Named Ranges and Expressions - Define. Save the source document, and do not close it.
དེའི་ནང་ནང་དོན་བསྒར་འཛུད་བྱ་དགོས་པའི་ལས་ཁྲ་ཁ་ཕྱེ་བ།
ལག་རོགས།ཁ་ཕྱེ་བ་དང་ "ལག་རོགས།"མཐིལ་ངོས་ཀྱི་སྒྲོམ་ནང་ཁུངས་ཡིག་ཆ་འདེམས་དགོས།
ལག་རོགས་ནང་ཁུངས་ཡིག་ཆའི་བྱ་ཡུལ་"ས་ཁོངས་མིང་གི་"གཤམ་ཕྱོགས་སུ་མངོན།
"ལག་རོགས།"ནང་གི་འདྲུད་འཐེན་མ་ཚུལ་ རིས་རྟགས་སྤྱད་ནས་འདྲེན་སྤྱོད་ནི་ཆེས་ཐག་སྦྲེལ་ལམ་འདྲ་ཕབ་ཆས་ཀྱི་རྣམ་པས་བསྒར་འཛུད་བྱས་པ་གཏན་འཁེལ་བྱེད།
"ལག་རོགས།་"ནང་གི་"ས་ཁོངས་མིང་།"འོག་གི་མིང་ལ་རྐྱང་རྡེབ་བྱ་ སྦྲགས་མིག་སྔའི་ལས་ཁྲའི་ནང་འདྲེན་སྤྱོད་བསྒར་འཛུད་བྱ་དགོས་པའི་དྲ་མིག་ནང་འདྲུད་སྐྱེལ་བྱ།
ཐབས་ཤེས་འདི་ད་དུང་མིག་སྔའི་ལས་ཁྲར་གཅིག་མཚུངས་ཡིག་ཚགས་ཀྱི་ལས་ཁྲ་གཞན་ཞིག་ནང་གི་ས་ཁོངས་བསྒར་འཛུད་བྱ་བར་སྤྱོད་རུང་། མིག་སྔའི་ཡིག་ཚགས་འདེམས་ནས་སྔོན་གྱི་གོ་རིམ་ 4 ནང་གི་ཁུངས་ཡིག་ཚགས་ལ་བརྩི་བ་ཡིན།