LibreOffice 24.8 Help
ཁྱེད་ཀྱིས་"རང་འགུལ་སྐོང་གསབ།"བཀའ་ཚིག་གམ་"རིམ་སྟར།"བཀའ་ཚིག་བརྒྱུད་དྲ་མིག་ནང་ཚེས་གྲངས་རང་འགུལ་སྐོང་འཇུག་བྱེད་ཐུབ།
"རང་འགུལ་སྐོང་གསབ།"གིས་མཚན་འཇོག་གི་མ་ཚུལ་ལ་གཞིགས་ནས་ཚེས་གྲངས་རིམ་སྟར་རང་འགུལ་སྐྱེ་གྲུབ་བྱེད།
ལས་དེབ་ནང་ དྲ་མིག་ལ་རྐྱང་རྡེབ་བྱ་ དེ་རྗེས་གྲངས་ཀ་མཐེབ་འཇུག་བྱ།
དྲ་མིག་གཞན་ཞིག་ལ་རྐྱང་རྡེབ་བྱ་བ་དང་ དེ་རྗེས་ཁྱེད་ཀྱིས་གྲངས་ཀ་ནང་འཇུག་བྱས་པའི་དྲ་མིག་ལ་རྐྱང་རྡེབ་བྱ་བར་ཕྱིར་ལོག་བྱ།
དྲ་མིག་གཡས་གཤམ་ཟུར་གྱི་སྐོང་གསབ་ཚོད་ཚེག་སྐོང་གསབ་དགོས་པའི་དྲ་མིག་ལ་དྲུད་དགོས་ དེ་རྗེས་ཙིག་རྟགས་གནོན་མཐེབ་གློད་དགོས།
དྲ་མིག་ནི་རིམ་འཕར་གྲངས་ཀས་སྐོང་གསབ་བྱེད།
མགྱོགས་མྱུར་ངང་རྒྱུན་མཐུད་ཚེས་གྲངས་ཀྱི་རེའུ་འགོད་གསར་འཛུགས་དགོས་ན་དྲ་མིག་ནང་ "Monday"ནང་འཇུག་བྱ་བ་དང་ དེ་རྗེས་སྐོང་འཇུག་ཚོད་ཚེག་འདྲུད་སྒུལ་བྱ་རོགས།
Hold down CommandCtrl if you do not want to fill the cells with different values.
If you select two or more adjacent cells that contain different numbers, and drag, the remaining cells are filled with the arithmetic pattern that is recognized in the numbers. The AutoFill function also recognizes customized lists that are defined under .
སྐོང་འཇུག་ཚོད་ཚེག་ལ་ཆ་རྡེབ་བྱས་ཏེ་མིག་སྔའི་གཞི་གྲངས་མིང་གི་སྟར་པ་སྟོང་པ་ཡོད་ཚད་རང་འགུལ་སྐོང་འཇུག་བྱས་ཆོག དཔེར་ན་ སྔོན་ལ་ A1 ནང་ Janནང་འཇུག་བྱ་ དེ་རྗེས་སྐོང་འཇུག་ཚོད་ཚེག་འོག་ལ་ A12 བར་དྲུད་ན་སྟར་དང་པོའི་ནང་ཟླ་བ་བཅུ་གཉིས་པོའི་ཐང་ཐོབ་ཀྱི་ཡོད། ད་ཆ་ B1 དང་ C1 ནང་ཐང་འགའ་ཤས་ནང་འཇུག་བྱ། དྲ་མིག་དེ་གཉིས་འདེམས་པ་དང་དེ་རྗེས་སྐོང་འཇུག་ཚོད་ཚེག་ལ་རྐྱང་རྡེབ་བྱ། དེ་ལྟར་གཞི་གྲངས་མིང་ B1:C12རང་འགུལ་གྱིས་སྐོང་འཇུག་བྱེད།
ལས་ཁྲའི་ནང་ནང་དོན་སྐོང་གསབ་བྱ་དགོས་པའི་དྲ་མིག་ས་ཁོངས་འདེམས་པ།
འདེམས་པ།
རིམ་སྟར་ལ་སྤྱོད་པའི་ཞུགས་གྲངས་འདེམས་པ།
གལ་ཏེ་ཐིག་གཤིས།རིམ་སྟར་འདེམས་ན་ཁྱེད་ཀྱིས་ནང་འཇུག་བྱས་པའི་འཕར་ཚད་དེ་རིམ་སྟར་ནང་གི་རྒྱུན་མཐུད་ཨང་སྒྲིག་ཁག་ནང་གསབ་སྣོན་བྱས་ཏེ་གཤམ་གྱི་ཐང་གསར་འཛུགས་བྱེད།
གལ་ཏེ་སྡུར་མཚུངས་རིམ་སྟར་འདེམས་ན་ ཁྱེད་ཀྱིས་ནང་འཇུག་བྱས་པའི་འཕར་ཚད་དེ་རྒྱུན་མཐུད་ཨང་སྒྲིག་སོ་སོ་ཡིས་བསྒྱུར་བར་ བྱེད་པ་དང་ཐང་རྗེས་མ་དེ་གསར་འཛུགས་བྱེད།
གལ་ཏེ་ཚེས་གྲངས་རིམ་སྟར་འདེམས་ན་ ཁྱེད་ཀྱིས་ནང་འཇུག་བྱས་པའི་འཕར་ཚད་དེ་གཏན་འཁེལ་བྱས་པའི་དུས་ཚོད་འཇལ་བྱེད་ནང་སྣོན་པར་བྱེད།