LibreOffice 24.8 Help
རྟེན་གྲངས་དེས་ལོ་ཟླ་ཚེས་ཀྱིས་མཚོན་པའི་ཚེས་གྲངས་ཤིག་ནང་ཁུལ་རིམ་སྟར་གྲངས་ཤིག་ལ་བརྗེ་བསྒྱུར་བྱ་ཐུབ་པ་དང་སྦྲགས་དྲ་མིག་གི་རྣམ་གཞག་ཐོག་ནས་མངོན། DATE རྟེན་གྲངས་གནས་སའི་དྲ་མིག་གི་རྣམ་གཞག་ནི་ཚེས་གྲངས་རྣམ་གཞག་ཡིན་ འོན་ཏེ་ཁྱེད་ཀྱིས་ 0 གྲངས་ཀའི་རྣམ་གཞག་སྤྱད་ནས་བསྐྱར་དུ་དྲ་མིག་རྣམ་གཞག་ཅན་དུ་བཟོ་ཐུབ་པ་དང་དེས་ན་གྲངས་ཀའི་རྣམ་པས་ཚེས་གྲངས་དེའི་ནང་ཁུལ་རིམ་སྟར་གྲངས་མངོན་གྱི་ཡོད།
DATE(year; month; day)
year ནི་ 1583 དང་ 9956 བར་རམ་ 0 དང་ 99བར་གྱི་ཧྲིལ་གྲངས་ཤིག་ཡིན།
In you can set from which year a two-digit number entry is recognized as 20xx.
month ནི་ཟླ་གྲངས་མཚོན་པར་སྤྱོད་པའི་ 1 དང་ 12 བར་གྱི་ཧྲིལ་གྲངས་ཤིག་ཡིན།
day ནི་ཟླ་བ་གཅིག་ནང་ཉིན་གང་རུང་གི་ 1 དང་ 31 བར་གྱི་ཧྲིལ་གྲངས་ཤིག་མཚོན་པར་སྤྱོད་པ་ཡིན།
གལ་སྲིད་ནང་འཇུག་བྱས་པའི་ཟླ་གྲངས་དང་ཉིན་གྲངས་ནི་ཆོག་པའི་ཁྱབ་ཁོངས་ལས་ཆེ་བ་ཡོད་ན་བྱ་རིམ་གྱིས་དེ་གྲངས་ཀའི་གནས་གྲངས་ཤིག་ལ་གནས་གོང་འདྲིལ་བྱེད། དཔེར་ན་:ནང་འཇུག་བྱས་པ་ནི་ =DATE(00;12;31)ཡིན་ན་ཐོབ་པའི་འབྲས་བུ་ནི་ 00-12-31ཡིན། ནང་འཇུག་བྱས་པ་ནི་ =DATE(00;13;31)ཡིན་ན་ཐོབ་པའི་འབྲས་བུ་ནི་ 01-01-31ཡིན།
མཐེབ་མཇུག་རྟེན་གྲངས་ DATE(00;1;1) ཐོབ་པའི་འབྲས་བུ་ནི་ 00-1-1