LibreOffice 7.6 Help
རང་འགུལ་ནང་འཇུག་བྱེད་ནུས་བརྗེ་བསྒྱུར་བྱེད་ བྱེད་ནུས་དེ་སྟར་གཅིག་ནང་གི་གཤར་བྱང་གཞན་དག་ལ་གཞིགས་ནས་རང་འགུལ་གྱིས་དྲ་མིག་ནང་དོན་ནང་འཇུག་ལེགས་གྲུབ་བྱེད། སྟར་ནང་མང་ཤོས་ལ་དྲ་མིག་ 2000 ངམ་མི་འདྲ་བའི་ཡིག་རྟགས་ཕྲེང་ 200 འདུས།
ལེགས་གྲུབ་བྱས་པའི་ཡི་གེ་འབུར་ཐོན་དུ་མངོན་པ།
ལེགས་གྲུབ་བྱས་པའི་ནང་དོན་དང་ལེན་བྱ་དགོས་ན་ Enter མཐེབ་བམ་འོད་རྟགས་མཐེབ་གནོན་རོགས།
ལེགས་གྲུབ་བྱས་པའི་ནང་དོན་ལ་ཡི་གེ་གསབ་སྣོན་ནམ་རྩོམ་སྒྲིག་བྱ་དགོས་ན་ F2 མཐེབ་གནོན་རོགས།
To view more completions, press CommandCtrl+Tab to scroll forward, or CommandCtrl+Shift+Tab to scroll backward.
To see a list of all available AutoInput text items for the current column, press OptionAlt+Down Arrow.
སྔོན་དུ་ནང་འཇུག་བྱས་པའི་ནང་དོན་དང་ཟླ་སྒྲིག་པའི་སྤྱི་འགྲོས་མཐེབ་འཇུག་བྱ་སྐབས་"རོགས་རམ།"དྲན་སྟོན་ཞིག་མངོན་ རྟེན་གྲངས་སྣེ་སྟོན།མཚན་འཇོག་ཡོད་ཚད་ཀྱི་ས་ཁོངས་མིང་དང་ གཞི་གྲངས་མཛོད་ཡོད་ཚད་ཀྱི་ས་ཁོངས་མིང་དེ་བཞིན་ཤོག་བྱང་ས་ཁོངས་ནང་དོན་ནང་མཇུག་མཐར་བེད་སྤྱད་པའི་རྟེན་གྲངས་བཅས་བསྒྲིགས་པར་བྱེད།
རང་འགུལ་ནང་འཇུག་བྱེད་ནུས་ཀྱིས་ཆེ་བྲིས་ཆུང་བྲིས་དབྱེ་བ་འབྱེད། དཔེར་ན་ དྲ་མིག་གཅིག་ནང་"Total"ནང་འཇུག་བྱས་རྗེས་གལ་ཏེ་རང་འགུལ་ནང་འཇུག་ཁ་མ་བརྒྱབ་ན་དྲ་མིག་དེ་གནས་པའི་དྲ་མིག་གཞན་དག་ནང་"total"ནང་འཇུག་བྱ་ཐབས་མེད།