ནོར་དོན་རྟེན་གྲངས་ཀྱི་ཆ་ཤས་གཉིས་པ།

བཀའ་ཚིག་ལ་བཅར་འདྲི་...

[བསྒར་འཛུད།] - [རྟེན་གྲངས།...] - "རྟེན་གྲངས།"འདེམས་གཞིའི་ཁཱ། - "ནོར་དོན།"རིགས་དབྱེ་


ནང་དོན་རྟེན་གྲངས་ཀྱི་ཆ་ཤས་དང་པོ་ཕྱིར་ལོག

ནོར་དོན་རྟེན་གྲངས་ཀྱི་ཆ་ཤས་གསུམ་པའི་བར་མུ་མཐུད་པ།

CUMIPMT

བསྡོམ་འབོར་གྱི་སྐྱེད་ཀའི་རྣམ་གྲངས་རྩིས་རྒྱག་ གཏན་འཇགས་ཁེ་སྤོགས་གཞིར་བྱས་པའི་མ་འཇོག་གི་སྐྱེད་ཀའི་བསྡོམ་འབོར་རོ།

བརྡ་སྤྲོད།

CUMIPMT(rate;NPER;PV;Start_period;End_period;Type)

Rate:འཁོར་ཡུན་ཁག་གི་ཁེ་སྤོགས།

NPER:གཏོང་སྤྲོད་ཀྱི་སྤྱིའི་འཁོར་ཡུན་གྲངས། NPER ནི་ཧྲིལ་གྲངས་མིན་པའི་ཐང་ཡིན་ཆོག

PV:གཏོང་སྤྲོད་བྱ་རྒྱུའི་མིག་སྔའི་ཐང་།

S:འགོ་འཛུགས་འཁོར་ཡུན།

E:ཆེས་མཐའ་འཇུག་གི་འཁོར་ཡུན།

Type:དུས་བགོས་གཏོང་སྤྲོད་ཀྱི་དུས་བཀག་གཙང་བའི་ཚེས་གྲངས་གཏན་འཁེལ་བྱེད་ འཁོར་ཡུན་འགོ་ཚུགས་དུས་སམ་མཇུག་བསྡུ་དུས་དུས་བཀག་གཙང་བ།

དཔེ་གཞི།

གལ་སྲིད་དངུལ་བུན་ཞིག་གི་མིག་སྔའི་དངུལ་སྨར་ཐང་ནི་དངུལ་ལོར་འཇལ་བྱེད་ 5,000 དང་ལོའི་སྐྱེད་ཀའི་ཚད་ནི་ 5.5%ཡིན་ བུན་འཇལ་དུས་ཚོད་ནི་ལོ་ 2 ཡིན་ ཟླ་བ་གཞིར་བཟུང་གཏོང་སྤྲོད་བྱེད་པ་མ་ཟད་ཁག་བགོས་གཏོང་སྤྲོད་ཚད་ནི་འཁོར་ཡུན་གཅིག་གི་འགོ་ཚུགས་དུས་སླེབས་ ཨང་ 4 ནས་ཨང་ 6 འཁོར་ཡུན་ནང་གི་སྐྱེད་ཀའི་བསྡོམས་འབོར་ག་ཚོད་རེད་དམ་

CUMIPMT(5.5%/12;24;5000;4;6;1) = དངུལ་ལོར་འཇལ་བྱེད་-57.54 ཡིན། ཨང་ 4 ནས་ཨང་ 6 འཁོར་ཡུན་ནང་སྐྱེད་ཀའི་བསྡོམས་འབོར་ནི་དངུལ་ལོར་འཇལ་བྱེད་ 57.54 ཡིན།

CUMIPMT_ADD

འཁོར་ཡུན་ནང་གི་སྐྱེད་ཀའི་བསྡོམས་འབོར་རྩིས་རྒྱག

note

The functions whose names end with _ADD or _EXCEL2003 return the same results as the corresponding Microsoft Excel 2003 functions without the suffix. Use the functions without suffix to get results based on international standards.


བརྡ་སྤྲོད།

CUMIPMT_ADD(rate;nper;pv;start_period;end_period;type)

rate:འཁོར་ཁག་གི་ཁེ་སྤོགས།

nper:གཏོང་སྤྲོད་འཁོར་ཡུན་བསྡོམས་འབོར། ཁེ་སྤོགས་དང་གཏོང་སྤྲོད་འཁོར་ཡུན་གྱི་འཇལ་བྱེད་ངེས་པར་དུ་མཚུངས་དགོས་ དེ་གཉིས་ཀ་ངེས་པར་དུ་ལོའམ་ཟླ་བ་གཞིར་བཟུང་རྩིས་རྒྱག་དགོས།

pv:མིག་སྔའི་ཐང་།

start_period:ཨང་དང་པོའི་གཏོང་སྤྲོད་འཁོར་ཡུན་རྩིས་རྒྱག

end period:ཆེས་མཐའ་མཇུག་གི་གཏོང་སྤྲོད་འཁོར་ཡུན།

type:དུས་བཀག་གཙང་བའི་གཏོང་སྤྲོད་རིགས་:འཁོར་ཡུན་ཞིག་གི་མཇུག་བསྡུ་དུས་(type = 0)དང་འཁོར་ཡུན་ཞིག་གི་འགོ་འཛུགས་དུས་(type = 1)།

དཔེ་གཞི།

སྡོད་ཁང་སྟར་པ་ཞིག་གི་གཏའ་མ་བཞག་ནས་དངུལ་གུན་གཡར་བ་གཤམ་སྟར་ཡིན།

ཁེ་སྤོགས་:ལོ་རེར་ 9.00% (9% / 12 = 0.0075) ཡུན་ཚད་ནི་ལོ་:30 (NPER = 30 * 12 = 360) Pv: དངུལ་ལོར་འཇལ་བྱེད་125000ཡིན།

གཏམ་མ་བཞག་ནས་དངུལ་བུན་གཏོང་བའི་ལོ་གཉིས་པའི་ནང་(འཁོར་ཡུན་ཨང་13ནས་24བར་)སྐྱེད་ཀ་ག་ཚོད་གཏོང་ལོའི་སྐྱེད་ཀའི་པཱ་སེའི་ཁེ་སྤོགས་

=CUMIPMT_ADD(0.0075;360;125000;13;24;0) ཕྱིར་ལོག་ -11135.23

ཟླ་བ་དང་པོའི་གཏོང་སྤྲོད་སྐྱེད་ཀ་ག་ཚོད་རེད་དམ་

=CUMIPMT_ADD(0.0075;360;125000;1;1;0) ཐོབ་འབྲས་ནི་ -937.50ཡིན།

CUMPRINC

གཏན་འཇགས་ཁེ་སྤོགས་འོག་མ་འཇོག་དུས་ཡུན་ནང་འཇལ་རྒྱུའི་སྐྱེད་ཀའི་བསྡོམས་འབོར་ཕྱིར་ལོག་བྱེད།

བརྡ་སྤྲོད།

CUMPRINC(rate;NPER;pv;Start_period;End_period;type)

Rate:འཁོར་ཡུན་ཁག་གི་ཁེ་སྤོགས།

NPER:གཏོང་སྤྲོད་ཀྱི་སྤྱིའི་འཁོར་ཡུན་གྲངས། NPER ནི་ཧྲིལ་གྲངས་མིན་པའི་ཐང་ཡིན་ཆོག

PV:གཏོང་སྤྲོད་བྱ་རྒྱུའི་མིག་སྔའི་ཐང་།

S:འགོ་འཛུགས་འཁོར་ཡུན།

E:ཆེས་མཐའ་འཇུག་གི་འཁོར་ཡུན།

Type:དུས་བགོས་གཏོང་སྤྲོད་ཀྱི་དུས་བཀག་གཙང་བའི་ཚེས་གྲངས་གཏན་འཁེལ་བྱེད་ འཁོར་ཡུན་འགོ་ཚུགས་དུས་སམ་མཇུག་བསྡུ་དུས་དུས་བཀག་གཙང་བ།

དཔེ་གཞི།

དངུལ་བུན་ཞིག་གི་ལོའི་ཁེ་སྤོགས་ 5.5% ཡིན་པ་མ་ཟད་ངེས་པར་དུ་ཟླ་བ་ 36 ནང་སྐྱིན་ཚབ་འཇལ་ཐུབ་པར་ཆ་བཞག་ན་ཁག་བགོས་འཇལ་རྒྱུའི་ཚད་ནི་ག་ཚོད་རེད་དམ་ དངུལ་སྨར་ཐང་ནི་དངུལ་ལོར་འཇལ་བྱེད་ 15,000 ཡིན། འཁོར་ཡུན་ཨང་ 10 ནས་ཨང་ 18 ནང་གཏོང་སྤྲོད་བྱ་རྒྱུའི་ཁག་བགོས་འཇལ་རྒྱུའི་ཚད་རྩིས་རྒྱག་རྒྱུ། དུས་བཀག་གཙང་བའི་ཚེས་གྲངས་ནིམཇུག་བསྡུའི་ཚེས་གྲངས་ཡིན།

CUMPRINC(5.5%/12;36;15000;10;18;0) = དངུལ་ལོར་འཇལ་བྱེད་-3669.74 ཡིན། ཨང་ 10 ནས་ཨང་ 18 འཁོར་ཡུན་ནང་གཏོང་སྤྲོད་བྱ་རྒྱུའི་ཁག་བགོས་འཇལ་རྒྱུའི་དངུལ་ལོར་འཇལ་བྱེད་3669.74 ཡིན།

CUMPRINC_ADD

དངུལ་བུན་བཏང་བ་ཞིག་དུས་ཚད་ངེས་ཅན་ནང་གི་བསྡོམས་འབོར་སྐྱིན་ཚབ་འཇལ་ཚད་རྩིས་རྒྱག་པ།

note

The functions whose names end with _ADD or _EXCEL2003 return the same results as the corresponding Microsoft Excel 2003 functions without the suffix. Use the functions without suffix to get results based on international standards.


བརྡ་སྤྲོད།

CUMPRINC_ADD(rate;nper;pv;start_period;end_period;type)

rate:འཁོར་ཁག་གི་ཁེ་སྤོགས།

nper:གཏོང་སྤྲོད་འཁོར་ཡུན་བསྡོམས་འབོར། ཁེ་སྤོགས་དང་གཏོང་སྤྲོད་འཁོར་ཡུན་གྱི་འཇལ་བྱེད་ངེས་པར་དུ་མཚུངས་དགོས་ དེ་གཉིས་ཀ་ངེས་པར་དུ་ལོའམ་ཟླ་བ་གཞིར་བཟུང་རྩིས་རྒྱག་དགོས།

pv:མིག་སྔའི་ཐང་།

start_period:ཨང་དང་པོའི་གཏོང་སྤྲོད་འཁོར་ཡུན་རྩིས་རྒྱག

end period:ཆེས་མཐའ་མཇུག་གི་གཏོང་སྤྲོད་འཁོར་ཡུན།

type:དུས་བཀག་གཙང་བའི་གཏོང་སྤྲོད་རིགས་:འཁོར་ཡུན་ཞིག་གི་མཇུག་བསྡུ་དུས་(type = 0)དང་འཁོར་ཡུན་ཞིག་གི་འགོ་འཛུགས་དུས་(type = 1)།

དཔེ་གཞི།

སྡོད་ཁང་སྟར་པ་ཞིག་གི་གཏའ་མ་བཞག་ནས་དངུལ་གུན་གཡར་བ་གཤམ་སྟར་ཡིན།

rate:ལོ་རེར་ 9 00%(9% / 12 = 0.0075)ཡིན་ དངུལ་བུན་གཏོང་བའི་ལོ་ཚད་ལོ་:30 (བུན་སྤྲོད་འཁོར་ཡུན་= 30 * 12 = 360)ཡིན་ དངུལ་ལོར་འཇལ་བྱེད་NPV: 125000 ཡིན།

གཏའ་མ་བཞག་ནས་དངུལ་བུན་གཏོང་བའི་ལོ་གཉིས་པའི་ནང་(ཨང་13ནས་24བར་གྱི་འཁོར་ཡུན་ནང་)མ་དངུལ་ག་ཚོད་གཏོང་སྤྲོད་བྱེད་དགོས་སམ་

CUMPRINC_ADD(0.0075;360;125000;13;24;0) ཕྱིར་ལོག་ -934.1071

ཟླ་བ་ཨང་དང་པོའི་འཇལ་རྒྱུའི་དངུལ་འབོར་ནི།

CUMPRINC_ADD(0.0075;360;125000;1;1;0) ཕྱིར་ལོག་ -68.27827

DOLLARDE

གྲངས་ཆ་ཞིག་གིས་མཚོན་པའི་རིན་གོང་ཆ་གྲངས་སྤྱད་ནས་མཚོན་དགོས།

བརྡ་སྤྲོད།

DOLLARDE(fractional_dollar;fraction)

fractional_dollar:གྲངས་ཆ་ཞིག་གི་མཚོན་པའི་གྲངས་ཀ།

fraction:གྲངས་ཆའི་མ་ཆར་སྤྱོད་རྒྱུའི་ཧྲིལ་གྲངས།

དཔེ་གཞི།

=DOLLARDE(1.02;16) 1ནི་2/16མཚོན། ཐོབ་འབྲས་ནི་ 1.125ཡིན།

=DOLLARDE(1.1;8) 1ནི་1/8དང་འདྲ་མཚུངས་ཡིན། ཐོབ་འབྲས་ནི་ 1.125ཡིན།

DOLLARFR

སིལ་གྲངས་སྤྱད་ནས་མཚོན་འཔི་རིན་གོང་དེ་མཉམ་བསྲེས་གྱི་གྲངས་ཆར་བརྗེ་འགྱུར་བྱེད།

བརྡ་སྤྲོད།

DOLLARFR(decimal_dollar;fraction)

decimal dollar:བཅུ་གོང་འདྲིལ་ལུགས་ཀྱི་གྲངས་ཀ་ཞིག

fraction:གྲངས་ཆའི་མ་ཆར་སྤྱོད་རྒྱུའི་ཧྲིལ་གྲངས།

དཔེ་གཞི།

=DOLLARFR(1.125;16) བརྗེ་འགྱུར་བྱས་པའི་མ་ཆ་ནི་ 16 ཡིན་པའི་ཆ་གྲངས་ཡིན། ཐོབ་འབྲས་ནི་ 1.02 སྟེ་ 1ནི་2/16ཡང་ཡིན།

=DOLLARFR(1.125;8) མ་ཆ་ 8ཡིན་པའི་གྲངས་ཆར་བརྗེ་འགྱུར་བྱེད། ཐོབ་འབྲས་ནི་ 1.1སྟེ་ 1 ནི་ 1/8ལ་བྲིས་ཀྱང་ཆོག

MDURATION

ལོ་ཤས་ནང་གཏན་འཇགས་ཁེ་སྤོགས་རིན་ལྡན་དངུལ་འཛིན་གྱི་ Macauley དག་བཅོས་དུས་ཡུན་རྩིས་རྒྱག

བརྡ་སྤྲོད།

MDURATION(Settlement; Maturity; Coupon; Yield; Frequency [; Basis])

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

Coupon: ལོའི་མིང་ཐོག་ཁེ་སྤོགས་(སྐྱེད་ཀའི་པཱ་སེའི་ཁེ་སྤོགས་)

YIELD: རིན་ལྡན་དངུལ་འཛིན་གྱི་ཕན་སྐྱེད་ཕྱོད།

frequency:ལོ་རེའི་སྐྱེད་ཀ་གཏོང་སྤྲོད་ཀྱི་ཐེངས་གྲངས་(1,2 ཡང་ན་ 4)

basis:འདེམས་རུང་ཇི་ལྟར་བྱས་ནས་ལོ་བརྩི་བའི་ཐབས་ཤེས་གསལ་བཤད་བྱེད།

གཞི་འཛིན་

རྩིས་རྒྱག

0 འམ་སྟོང་པ།

ཨ་རིའི་ཐབས་ཤེས་(NASD) ཟླ་12དང་ཟླ་རེརེ་ཉིན་30ཡིན།

1

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་

2

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 360 ཡོད།

3

ཟླ་བ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 365 ཡོད།

4

ཡོ་རབ་ཐབས་ཤེས་ ཟླ་12 དར་ཟླ་རེརེ་ཉིན་ 30 ཡིན།


དཔེ་གཞི།

རིན་ལྡན་དངུལ་འཛིན་ཞིག་ 1.1.2001ལ་ཉོས། དུས་བཀག་གཙང་དུས་ནི་ 1.1.2006ཡིན། ལོའི་པཱ་སེའི་སྐྱེད་ཚད་ 8%ཡིན། ལོའི་ཕན་སྐྱེད་ཕྱོད་9.0%ཡིན། ལོ་ཕྱེད་ལ་སྐྱེད་ཀ་ཐེངས་རེ་སྤྲོད་(ལོ་གཅིག་ལ་སྐྱེད་ཀ་ཐེངས་2ཡིན་)ཉིན་རེའི་ལྷག་པའི་དངུལ་འབོར་རྩིས་རྒྱག་ཐབས་སྤྱོད་(basis 3)དག་བཅོས་རྗེས་ཀྱི་འཁོར་ཡུན་རིང་ཚད་ག་ཚོད་རེད་དམ་

=MDURATION("2001-01-01"; "2006-01-01"; 0.08; 0.09; 2; 3) returns 4.02 years.

MIRR

མ་འཇོག་ཁག་གི་ནང་ཁུལ་དག་བཅོས་ཕན་སྐྱེད་ཕྱེད་རྩིས་རྒྱོབ།

བརྡ་སྤྲོད།

MIRR(values; invest_rate; reinvest_rate)

Values: ནང་དོན་དང་ལྟོས་ཟླ་ཡིན་ཞིང་གཏོང་སྤྲོད་དངུལ་འབོར་དང་འཚམས་པའི་དྲ་མིག་གི་ཚོ་གྲངས་སམ་དྲ་མིག་འདྲེན་སྤྱོད་བྱེད་པ།

མ་འཇོག་:མ་འཇོག་གི་ཁེ་སྤོགས་(ཚོ་གྲངས་ཀྱི་ལྡོག་ཐང་)

reinvest_rate ཡང་བསྐྱར་མ་འཇོག་གི་ཁེ་སྤོགས་(ཚོ་གྲངས་ཀྱི་དངོས་ཐང་)

དཔེ་གཞི།

དྲ་མིག་གི་ནང་དོན་ནི་ A1=-5、A2=10、A3=15、A4=8ཡིན་པར་ཆ་བཞག་ན་ མ་འཇོག་ནི་ 0.5ཡིན་ ཡང་བསྐྱར་མ་འཇོག་ཐང་ནི་ 0.1ཡིན་ རྩིས་བརྒྱབ་པའི་ཐོབ་འབྲས་ནི་ 94.16%ཡིན།

NOMINAL

ལོ་རེའི་དོན་དངོས་ཁེ་སྤོགས་དང་ཁེ་སྤོགས་བསྐྱར་མའི་འཁོར་ཡུན་སྤྲད་རྗེས་ ལོའི་མིང་ཐོག་ཁེ་སྤོགས་རྩིས་རྒྱག་པ།

བརྡ་སྤྲོད།

NOMINAL(effect-rate;npery)

EFFECT_RATE:ནུས་ལྡན་སྐྱེད་ཀ།

NPERY:ལོ་རེའི་སྐྱེད་ཀ་གཏོང་སྤྲོད་ཀྱི་འཁོར་ཡུན་གྲངས།

དཔེ་གཞི།

དོན་དངོས་ཁེ་སྤོགས་ནི་13.5%ཡིན་པར་ཆ་བཞག་པ་མ་ཟད་ ལོ་རེའི་སྐྱེད་ཀ་གཏོང་སྤྲོད་ཀྱི་ཐེངས་གྲངས་12ཡིན་པ། རྩིས་རྒྱག་རྒྱུ་ནི་ལོའི་མིང་ཐོག་སྐྱེད་ཀ་ཡིན།

NOMINAL(13.5%;12) = 12.73% ལོའི་མིང་ཐོག་ཁེ་སྤོགས་ནི་12.73%ཡིན།

NOMINAL_ADD

དོན་དངོས་ཁེ་སྤོགས་དང་ལོའི་སྐྱེད་ཀ་སྤྲོད་ཐེངས་གཞིར་བཟུང་ནས་མིང་ཐོག་གི་ལོའི་ཁེ་སྤོགས་རྩིས་རྒྱག

note

The functions whose names end with _ADD or _EXCEL2003 return the same results as the corresponding Microsoft Excel 2003 functions without the suffix. Use the functions without suffix to get results based on international standards.


བརྡ་སྤྲོད།

NOMINAL_ADD(effect_rate;npery)

Effective rate:དོན་དངོས་ལོའི་ཁེ་སྤོགས།

Npery:ལོ་རེའི་སྐྱེད་ཀ་གཏོང་སྤྲོད་ཀྱི་ཐེངས་གྲངས།

དཔེ་གཞི།

དོན་དངོས་ཁེ་སྤོགས་ནི་ 5.354% ཡིན་པ་མ་ཟད་དུས་ཚིགས་རེར་སྐྱེད་ཀ་སྤྲོད་དུས་མིང་ཐོག་ཁེ་སྤོགས་ནི་ག་ཚོད་རེད་དམ་

=NOMINAL_ADD(5.3543%; 4) ཕྱིར་ལོག་ 0.0525 ཡང་ན་ 5.25%

NPV

Returns the present value of an investment based on a series of periodic cash flows and a discount rate. To get the net present value, subtract the cost of the project (the initial cash flow at time zero) from the returned value.

If the payments take place at irregular intervals, use the XNPV function.

བརྡ་སྤྲོད།

NPV(Rate; Number 1 [; Number 2 [; … [; Number 254]]])

RATE:འཁོར་ཡུན་ཀག་གི་དུས་མ་ཐིམ་པའི་སྐྱེད་ཀའི་ཚད།

Number 1; Number 2; … ; Number 254 are numbers, references to cells or to cell ranges of numbers.

note

This function ignores any text or empty cell within a data range. If you suspect wrong results from this function, look for text in the data ranges. To highlight text contents in a data range, use the value highlighting feature.


དཔེ་གཞི།

What is the net present value of periodic payments of 10, 20, 30 and -5 currency units with a discount rate of 8.75%. At time zero the costs were paid as -40 currency units.

=NPV(8.75%;10;20;30;-5) = 45.86 currency units. The net present value is the returned value minus the initial costs of 40 currency units, therefore 5.86 currency units.

PDURATION

མ་འཇོག་ལས་བྱུང་བའི་ཐོབ་འབྲས་ཀྱི་འཁོར་ཡུན་གྲངས་རྩིས་རྒྱག་པ།

བརྡ་སྤྲོད།

PDURATION(Rate; PV; FV)

Rate:རྒྱུན་གྲངས་ཤིག་ ཟེར་བ་ནི་འཁོར་ཡུན་ཧྲིལ་པོའི་ནང་གི་ཁེ་སྤོགས་ལ་ཟེར། འཁོར་ཡུན་ཁག་གི་ཁེ་སྤོགས་ Rate/འཁོར་ཡུན་གྲངས་དང་མཚུངས། ནང་ཁུལ་གྱི་ལོའི་ཁེ་སྤོགས་ནི་ Rate/12ཡིན།

PV:མིག་མདུན་གྱི་རིན་ཐང་ཡིན། དངུལ་སྨར་ཐང་ནི་མ་འཇོག་གི་དངུལ་འབོར་རམ་དངོས་རྫས་མ་འཇོག་གི་མིག་སྔའི་དངུལ་སྨར་ཐང་ཡིན། མ་འཇོག་གི་ཚད་ངེས་པར་དུ་ 0ལས་ཆེ་བ་དགོས་ཏེ་ཀླད་ཀོར་མིན་པའམ་0ལས་ཆུང་མི་རུང་།

FV:རེ་སྒུག་ཐང་ནི་ འབྱུང་འགྱུར་ཐང་གིས་མ་འཇོག་གི་རེ་སྒུག་( འབྱུང་འགྱུར་)ཐང་གཏན་འཁེལ་བྱེད།

དཔེ་གཞི།

མ་འཇིག་ཅིག་གི་དངུལ་སྨརཐང་ནི་དངུལ་ལོར་འཇལ་བྱེད་ནི་ 25000 ཡིན་ སྐྱེད་ཀ་ནི་ 4.75%ཡིན་ ཐང་དངུལ་ལོར་འཇལ་བྱེད་ 1000000 མ་འོངས་ཐང་ལ་འཕར་བར་བྱེད་ གཏོང་སྤྲོད་འཁོར་ཡུན་79.49 དགོས། འཁོར་ཡུན་ཁག་གི་ཁག་བགོས་གཏོང་སྤྲོད་ཚད་དང་རེ་སྒུག་མ་འཇོག་འབྱུང་འགྱུར་ཐང་/དུས་ཚོད་ཧྲིལ་པོའི་ཡུན་ཚད་གཉིས་མཚུངས་ཏེ་:1000000/79.49 = 12850.20

PMT

ཁེ་སྤོགས་གཏན་འཇགས་ཀྱི་གནས་ཚུལ་འོག་ལོ་ཕོགས་ཀྱི་དུས་བཀག་དངུལ་ཚད་གཏོང་སྤྲོད་ཕྱིར་ལོག

བརྡ་སྤྲོད།

PMT(Rate; NPer; PV [ ; [ FV ] [ ; Type ] ])

Rate:འཁོར་ཡུན་ཁག་གི་ཁེ་སྤོགས།

NPER:ལོ་ཕོགས་གཏོང་སྤྲོད་ཀྱི་འཁོར་ཡུན་གྲངས།

PV:འབྱུང་འགྱུར་གཏོང་སྤྲོད་བྱ་ཚད་ཀྱི་མིག་སྔའི་རིན་གོང་ཁག་(དངུལ་སྨར་ཐང་)

FV (འདེམས་རུང་):ཁག་བགོས་གཏོང་སྤྲོད་མཇུག་རྫོགས་དུས་ལེན་པའི་རེ་སྒུག་ཐང་ (འབྱུང་འགྱུར་ཐང་)

Type (འདེམས་རུང་):ཁག་བགོས་གཏོང་སྤྲོད་ཀྱི་དུས་བཀག་གཙང་བའི་ཚེས་གྲངས། Type=1 འཁོར་ཡུན་འགོ་འཛུགས་དུས་གཏོང་སྤྲོད་བྱེད་པ་མཚོན་Type=0 འཁོར་ཡུན་མཇུག་བསྡུ་དུས་གཏོང་སྤྲོད་བྱེད་པ་མཚོན།

In the LibreOffice Calc functions, parameters marked as "optional" can be left out only when no parameter follows. For example, in a function with four parameters, where the last two parameters are marked as "optional", you can leave out parameter 4 or parameters 3 and 4, but you cannot leave out parameter 3 alone.

དཔེ་གཞི།

གལ་ཏེ་དངུལ་བུན་ཞིག་གི་དངུལ་སྨར་ཐང་གི་དངུལ་ལོར་འཇལ་བྱེད་ 25,000 ཡིན་ ལོའི་ཁེ་སྤོགས་ནི་ 1.99%ཡིན་ འཇལ་རྒྱུའི་ཡུན་ཚད་ནི་ལོ་ 3 ཡིན་ འཁོར་ཡུན་གཏོང་སྤྲོད་ཚད་ག་ཚོད་རེད་དམ་ བསྡོམས་ཟླ་བ་ 36 ཡིན་ཏེ་གཏོང་སྤྲོད་འཁོར་ཡུན་ 36ཡིན་ གཏོང་སྤྲོད་འཁོར་ཡུན་གྱི་ཁེ་སྤོགས་ནི་ 1.99%/12ཡིན།

PMT(1.99%/12;36;25000) = -715.96 དངུལ་ལོར་འཇལ་བྱེད་ཡིན། དེར་བརྟེན་ཟླ་བའི་དུས་བཀག་གཏོང་སྤྲོད་ཚད་ནི་དངུལ་ལོར་འཇལ་བྱེད་ 715.96 ཡིན།

PPMT

ཁེ་སྤོགས་གཏན་འཇགས་ཡིན་པ་མ་ཟད་དུས་བཀག་གཏན་འཁེལ་གཏོང་སྤྲོད་ཀྱི་ཆ་རྐྱེན་འོག་ གཏན་འབེབས་གཞིར་བཟུང་ནས་གཏན་འཁེལ་དུས་ཚོད་ནང་མ་འཇོག་བྱས་པའི་མ་དངུལ་གཏོང་སྤྲོད་ཚད་ཕྱིར་ལོག་བྱེད།

བརྡ་སྤྲོད།

PPMT(Rate; Period; NPer; PV [ ; FV [ ; Type ] ])

Rate:འཁོར་ཡུན་ཁག་གི་ཁེ་སྤོགས།

Period:ཁག་བགོས་འཇལ་བའི་འཁོར་ཡུན། P=1 འཁོར་ཡུན་དང་པོ་མཚོན་ P=NPER ཆེས་འཇུག་མཐའི་འཁོར་ཡུན།

NPER:ལོ་ཕོགས་གཏོང་སྤྲོད་ཀྱི་སྤྱིའི་འཁོར་ཡུན་གྲངས།

PV:གཏོང་སྤྲོད་བྱ་རྒྱུའི་ད་ཐང་ཁག

FV(འདེམས་རུང་):རེ་སྒུག་(འབྱུང་འགྱུར་)ཐང་།

Type(འདེམས་རུང་):དུས་བཀག་ཚེས་གྲངས་གཏན་འཁེལ། F=1 འཁོར་ཡུན་གྱི་འགོ་ཚུགས་དུས་དུས་བཀག་སླེབས་པ་མཚོན་པ་ F=0 འཁོར་ཡུན་མཇུག་རྫོགས་དུས་དུས་བཀག་སླེབས་པ་མཚོན།

In the LibreOffice Calc functions, parameters marked as "optional" can be left out only when no parameter follows. For example, in a function with four parameters, where the last two parameters are marked as "optional", you can leave out parameter 4 or parameters 3 and 4, but you cannot leave out parameter 3 alone.

དཔེ་གཞི།

གལ་ཏེ་བུན་དངུལ་ཞིག་གི་ད་ཐང་ནི་དངུདལ་ལོར་འཇལ་བྱེད་ནི་ 5,000 ཡིན་ འབྱུང་འགྱུར་ཐང་ནི་དངུལ་ལོར་འཇལ་བྱེད་ 8,000 ཡིན་ ལོའི་ཁེ་སྤོགས་ནི་ 8.75%ཡིན་ འཇལ་དུས་ཀྱི་ཡུན་ཚད་ནི་ལོ་ 3 ཡིན་པ་མ་ཟད་ རྒྱུན་དུ་འཁོར་ཡུན་གྱི་འགོ་ཚུགས་དུས་གཏོང་སྤྲོད་བྱེད་ དུས་བཀག་གི་ཟླ་བའི་གཏོང་སྤྲོད་ཚད་ནི་ག་ཚོད་རེད་དམ་

PPMT(8.75%/12;1;36;5000;8000;1) = དངུལ་ལོར་འཇལ་བྱེད་-350.99 ཡིན།

PRICE

དམིགས་འབྲན་ཕན་སྐྱེད་ཕྱོད་གཞིར་བཟུང་ནས་འཐུ་ཆ་རེར་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་དུས་བཀག་སྐྱེད་ཀའི་རིན་ལྡན་དངུལ་འཛིན་གྱི་གྲོས་ཐང་ཡིན་ རིན་ལྡན་དངུལ་འཛིན་འདིའི་ཕན་སྐྱེད་ཕྱོད་སྔོན་རྩིས་རྒྱོབ།

བརྡ་སྤྲོད།

PRICE(Settlement; Maturity; Rate; Yield; Redemption; Frequency [; Basis])

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

Rate: ལོའི་མིང་དོན་སྐྱེད་ཚད་(སྐྱེ་ཁའི་སྤ་སེའི་སྐྱེད་ཚད་)

YIELD: རིན་ལྡན་དངུལ་འཛིན་གྱི་ཕན་སྐྱེད་ཕྱོད།

redemption: ངོས་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་འཇལ་རྒྱུའི་རིན་གོང་སྡུར་ཚད།

frequency:ལོ་རེའི་སྐྱེད་ཀ་གཏོང་སྤྲོད་ཀྱི་ཐེངས་གྲངས་(1,2 ཡང་ན་ 4)

basis:འདེམས་རུང་ཇི་ལྟར་བྱས་ནས་ལོ་བརྩི་བའི་ཐབས་ཤེས་གསལ་བཤད་བྱེད།

གཞི་འཛིན་

རྩིས་རྒྱག

0 འམ་སྟོང་པ།

ཨ་རིའི་ཐབས་ཤེས་(NASD) ཟླ་12དང་ཟླ་རེརེ་ཉིན་30ཡིན།

1

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་

2

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 360 ཡོད།

3

ཟླ་བ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 365 ཡོད།

4

ཡོ་རབ་ཐབས་ཤེས་ ཟླ་12 དར་ཟླ་རེརེ་ཉིན་ 30 ཡིན།


དཔེ་གཞི།

རིན་ལྡན་དངུལ་འཛིན་ཞིག་ 1999 ལོའི་ཟླ་ 2 ཚེས་ 15ཉིན་ཉོ་འཇུག་བྱས། 2007 ལོའི་ཟླ་ 11 ཚེས་ 15 ཉིན་དུས་བཀག་གཙང་། མིང་ཐོག་ཁེ་སྤོགས་ནི་ 5.75%ཡིན། ཕན་སྐྱེད་ཕྱོད་ནི་ 6.5%ཡིན། འཇལ་རྒྱུའི་རིན་གོང་ནི་དངུལ་ལོར་འཇལ་བྱེད་ 100ཡིན། སྐྱེད་ཀ་ལོ་ཕྱེད་ལ་ཐེངས་གཅིག་སྤྲོད་ (ལོ་གཅིག་ལ་ཐེངས་ 2ཡིན་)རྨང་གྲངས་ 0 གཞིར་བྱས་རིན་གོང་རྩིས་རྒྱབ་:

=PRICE("1999-02-15"; "2007-11-15"; 0.0575; 0.065; 100; 2; 0) returns 95.04287.

PRICEDISC

དངུལ་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པ་མ་ཟད་སྐྱེད་ཀ་སྤྲོད་མི་དགོས་པའི་རིན་ལྡན་དངུལ་འཛིན་གྱི་རིན་གོང་རྩིས་རྒྱོབ།

བརྡ་སྤྲོད།

PRICEDISC(Settlement; Maturity; Discount; Redemption [; Basis])

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

discount:རིན་ལྡན་དངུལ་འཛིན་གྱི་དུས་མ་ཐིམ་པའི་སྐྱེད་ཀ་སྤྲོད་ཚད་ནི་བརྒྱ་ཆའི་སྡུར་ཚད།

redemption: ངོས་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་འཇལ་རྒྱུའི་རིན་གོང་སྡུར་ཚད།

basis:འདེམས་རུང་ཇི་ལྟར་བྱས་ནས་ལོ་བརྩི་བའི་ཐབས་ཤེས་གསལ་བཤད་བྱེད།

གཞི་འཛིན་

རྩིས་རྒྱག

0 འམ་སྟོང་པ།

ཨ་རིའི་ཐབས་ཤེས་(NASD) ཟླ་12དང་ཟླ་རེརེ་ཉིན་30ཡིན།

1

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་

2

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 360 ཡོད།

3

ཟླ་བ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 365 ཡོད།

4

ཡོ་རབ་ཐབས་ཤེས་ ཟླ་12 དར་ཟླ་རེརེ་ཉིན་ 30 ཡིན།


དཔེ་གཞི།

རིན་ལྡན་དངུལ་འཛིན་ཞིག་ 15.2.1999ལ་ཉོས། དུས་བཀག་གཙང་བའི་ཚེས་གྲངས་ནི 1.3.1999ཡིན། དུས་མ་ཐིམ་པའི་སྐྱེད་ཀའི་སྡུར་ནི་ 5.25%ཡིན། འཇལ་རྒྱུའི་རིན་གོང་ནི་ 100ཡིན། basis 2 རིན་གོང་དུས་མ་ཐིམ་པའི་སྐྱེད་ཀསྤྲོད་པའི་ཚད་གཤམ་ལྟར་རོ།

=PRICEDISC("1999-02-15"; "1999-03-01"; 0.0525; 100; 2) returns 99.79583.

PRICEMAT

ཐང་100 དངུལ་ལོར་འཇལ་བྱེད་ཡིན་ཞིང་དུས་མཇུག་སྐྱེད་ཀ་སྤྲོད་དུས་ངེས་གཏན་མེད་པའི་རིན་ལྡན་དངུལ་འཛིན་གྱི་དོན་དངོས་རིན་ཐང་རྩིས་རྒྱོབ།

བརྡ་སྤྲོད།

PRICEMAT(Settlement; Maturity; Issue; Rate; Yield [; Basis])

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

issue: རིན་ལྡན་དངུལ་འཛིན་གྱི་འགྲེམས་སྤེལ་ཚེས་གྲངས།

rate: རིན་ལྡན་དངུལ་འཛིན་གྱི་འགྲེམ་སྤེལ་ཉིན་གྱི་སྐྱེད་ཀ།

YIELD: རིན་ལྡན་དངུལ་འཛིན་གྱི་ཕན་སྐྱེད་ཕྱོད།

basis:འདེམས་རུང་ཇི་ལྟར་བྱས་ནས་ལོ་བརྩི་བའི་ཐབས་ཤེས་གསལ་བཤད་བྱེད།

གཞི་འཛིན་

རྩིས་རྒྱག

0 འམ་སྟོང་པ།

ཨ་རིའི་ཐབས་ཤེས་(NASD) ཟླ་12དང་ཟླ་རེརེ་ཉིན་30ཡིན།

1

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་

2

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 360 ཡོད།

3

ཟླ་བ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 365 ཡོད།

4

ཡོ་རབ་ཐབས་ཤེས་ ཟླ་12 དར་ཟླ་རེརེ་ཉིན་ 30 ཡིན།


དཔེ་གཞི།

ཚོང་འགྲིག་པའི་ཉིན་མོ་ནི་: 1999ལོའི་ཟླ་2ཚེས་7ཉིན་ དུས་བཀག་གཙང་བའི་ཚེས་གྲངས་ནི: 1999ལོའི་ཟླ་4ཚེས་13ཉིན་ཡིན་ འགྲེམས་སྤེལ་ཚེས་གྲངས་ནི་:1998ལོའི་ཟླ་11ཚེས་11ཉིན་ཡིན། ཁེ་སྤོགས་ནི་:6.1%ཡིན་ ཕན་སྐྱེད་ཕྱོད་ནི་:6.1%ཡིན་ རྨང་གྲངས་ནི་:30/360 = 0ཡིན།

རིན་གོང་རྩིས་རྒྱག་གཤམ་སྟར་ཡིན།

=PRICEMAT("1999-02-15";"1999-04-13";"1998-11-11"; 0.061; 0.061;0) returns 99.98449888.

SLN

འཁོར་ཡུན་ཞིག་གི་ནང་མ་རྩའི་དྲང་ཐིག་ཪྙིང་འགྱུར་ཚབ་བརྗེ་ཕྱིར་ལོག་བྱེད། ཪྙིང་འགྱུར་ཚབ་བརྗེ་དུས་ཡུན་ཧྲིལ་པོའི་ནང་གི་ཪྙིང་འགྱུར་ཚབ་བརྗེའི་བསྡོམས་འབོར་ནི་གཏན་འཇགས་ཡིན།

བརྡ་སྤྲོད།

SLN(cost; salvage; life)

COST:མ་རྩའི་ཐོག་མའི་མ་གནས།

SALVAGE:མ་རྩ་ཪྙིང་འགྱུར་ཚབ་བརྗེའི་ཡུན་ཚད་མཇུག་བསྡུ་དུས་ཀྱི་རིམ་གོང་།

LIFE:ཪྙིང་འགྱུར་ཚབ་ལེན་ཡུན་ཚད་ཀྱིས་མ་རྩའི་ཪྙིང་འགྱུར་ཚབ་ལེན་གྱི་འཁོར་ཡུན་གྲངས་གཏན་འཁེལ་བྱེད།

དཔེ་གཞི།

ཐོག་མའི་མ་རྩ་ནི་དངུལ་ལོར་འཇལ་བྱེད་ 50000 ཡིན་པའི་གཞུང་དོན་སྒྲིག་ཆས་ཀྱི་ཪྙིང་འགྱུར་ཚབ་ལེན་དུས་ཚད་ནི་ལོ་ 7 ཡིན། ལོ་7 རྗེས་གཞུང་དོན་སྒྲིག་ཆས་ཀྱི་རིན་གོང་སྔོན་རྩིས་དངུལ་ལོར་འཇལ་བྱེད་ནི་ 3500 ཡིན་ནོ།

དངུལ་ལོར་འཇལ་བྱེད་SLN(50000;3.500;84) = 553.57 ¸ªཡིན། གཞུང་དོན་སྒྲིག་ཆས་འདིའི་ལོ་རེའི་ཪྙིང་འགྱུར་ཚབ་ལེན་ནི་དངུལ་ལོར་འཇལ་བྱེད་ 553.57ཡིན།

TBILLEQ

Calculates the annual return on a treasury bill. A treasury bill is purchased on the settlement date and sold at the full par value on the maturity date, that must fall within the same year. A discount is deducted from the purchase price.

བརྡ་སྤྲོད།

TBILLEQ(settlement;maturity;discount)

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

Discount: རིན་ལྡན་དངུལ་འཛིན་སྐབས་ཀྱི་ཕབ་ཆ་གཅོག་པའི་བརྒྱ་ཆའི་སྡུར་བ་ཉོ་སྒྲུབ་བྱེད།

དཔེ་གཞི།

ཚོང་འགྲིག་པའི་ཉིན་མོ་ནི་:1999 ལོའི་ཟླ་ 3 ཟླ་ 31 ཉིན་ དུས་བཀག་གཙང་བའི་ཚེས་གྲངས་ནི:1999 ལོའི་ཟླ་ 6 ཚེས་ 1 ཉིན་ཡིན་ དུས་མ་ཐིམ་པའི་སྐྱེད་ཀ་ནི་:9.14%ཡིན།

ཡུན་ཐུང་རྒྱལ་མཛོད་དངུལ་བུན་གྱི་ལྟོས་ཟླའི་ལྟོས་ཟླར་གྱུར་བའི་རིན་ལྡན་དངུལ་འཛིན་གྱི་ཕན་སྐྱེད་རྩིས་བརྒྱབ་པ་གཤམ་ལྟར་ཡིན།

=TBILLEQ("1999-03-31";"1999-06-01"; 0.0914) returns 0.094151 or 9.4151 per cent.

TBILLPRICE

དངུལ་ལོར་འཇལ་བྱེད་ 100 རེརེ་རྒྱལ་མཛོད་དངུལ་འཛིན་གྱི་རིན་གོང་རྩིས་རྒྱོབ།

བརྡ་སྤྲོད།

TBILLPRICE(settlement;maturity;discount)

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

discount:རིན་ལྡན་དངུལ་འཛིན་ཉོ་འཇུག་བྱེད་དུས་དུས་མ་ཐིམ་པའི་སྐྱེད་ཀ་སྤྲོད་ཚད་ཀྱི་བརྒྱ་ཆའི་སྡུར།

དཔེ་གཞི།

ཚོང་འགྲིག་པའི་ཉིན་མོ་ནི་: 1999ལོའི་ཟླ་3ཚེས་31ཡིན་ དུས་བཀག་གཙང་བའི་ཚེས་གྲངས་ནི་: 1999ལོའི་ཟླ་6ཚེས་1ཉིན་ཡིན་ དུས་མ་ཐིམ་པའི་སྐྱེད་ཀའི་ཚད་ནི་: 9%ཡིན།

རྒྱལ་མཛོད་དངུལ་བུན་གྱི་འབྲས་བུ་གཤམ་ལྟར་རོ།

=TBILLPRICE("1999-03-31";"1999-06-01"; 0.09) returns 98.45.

TBILLYIELD

ཡུན་ཐུང་རྒྱལ་མཛོད་དངུལ་འཛིན་གྱི་ཕན་སྐྱེད་ཕྱོད་རྩིས་རྒྱག

བརྡ་སྤྲོད།

TBILLYIELD(settlement;maturity;price)

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

price: དངུལ་ཐང་ནི་དངུལ་ལོར་འཇལ་བྱེད་100 ཡིན་པའི་རྒྱལ་མཛོད་དངུལ་བུན་རིན་གོང་(ཉོ་བའི་རིན་གོང་)

དཔེ་གཞི།

ཚོང་འགྲིག་པའི་ཉིན་མོ་ནི་:1999 ལོའི་ཟླ་ 3 ཚེས་ 31 ཉིན་ སྐྱེད་ཀ་བརྩི་དུས་: 1999 ལོའི་ཟླ་ 6 ཚེས་ 1 ཉིན་ རིན་གོང་: 98.45 དངུལ་ལོར་འཇལ་བྱེད་ཡིན།

རྒྱལ་མཛོད་བུན་དངུལ་ཕན་སྐྱེད་ཕྱོད་ཀྱི་འབྲས་བུ་གཤམ་ལྟར་རོ་:

=TBILLYIELD("1999-03-31";"1999-06-01"; 98.45) returns 0.091417 or 9.1417 per cent.

YIELD

རིན་ལྡན་དངུལ་འཛིན་གྱི་ཕན་སྐྱེད་ཕྱོད།

བརྡ་སྤྲོད།

YIELD(Settlement; Maturity; Rate; Price; Redemption; Frequency [; Basis])

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

rate: ལོའི་སྐྱེད་ཀའི་པཱ་སེའི་ཁེ་སྤོགས།

price:ངོས་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་རིན་ལྡན་དངུལ་འཛིན་གྱི་རིན་གོང་(ཉོ་བའི་རིན་གོང་)

redemption: ངོས་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་འཇལ་རྒྱུའི་རིན་གོང་སྡུར་ཚད།

frequency:ལོ་རེའི་སྐྱེད་ཀ་གཏོང་སྤྲོད་ཀྱི་ཐེངས་གྲངས་(1,2 ཡང་ན་ 4)

basis:འདེམས་རུང་ཇི་ལྟར་བྱས་ནས་ལོ་བརྩི་བའི་ཐབས་ཤེས་གསལ་བཤད་བྱེད།

གཞི་འཛིན་

རྩིས་རྒྱག

0 འམ་སྟོང་པ།

ཨ་རིའི་ཐབས་ཤེས་(NASD) ཟླ་12དང་ཟླ་རེརེ་ཉིན་30ཡིན།

1

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་

2

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 360 ཡོད།

3

ཟླ་བ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 365 ཡོད།

4

ཡོ་རབ་ཐབས་ཤེས་ ཟླ་12 དར་ཟླ་རེརེ་ཉིན་ 30 ཡིན།


དཔེ་གཞི།

རིན་ལྡན་དངུལ་འཛིན་ཞིག་ 15.2.1999 ལོར་ཉོ་འཇུག་བྱས། དུས་བཀག་གཙང་དུས་ནི་ 15.11.2007བར་ཡིན། ཁེ་སྤོགས་ནི་ 5.75%ཡིན། དོན་དངོས་རིམ་གོང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་ ངོས་ཐང་རིན་གོང་ནི་དངུལ་ལོར་འཇལ་བྱེད་ 95.04287 ཡིན་འཇལ་རྒྱུའི་རིན་གོང་ནི་དངུལ་ལོར་འཇལ་བྱེད་100 ཡིན། སྐྱེད་ཀ་ནི་ལོ་ཕྱེད་ལ་ཐེངས་རེ་སྤྲོད་(སྐྱེད་ཀ་ལོ་གཅིག་ལ་ཐེངས་གཉིས་2ཡིན་)basis ནི་ 0ཡིན། ཕན་སྐྱེད་ཕྱོད་ག་ཚོད་རེད་དམ་

=YIELD("1999-02-15"; "2007-11-15"; 0.0575 ;95.04287; 100; 2; 0) returns 0.065 or 6.50 per cent.

YIELDDISC

Calculates the annual yield of a non-interest-bearing security.

བརྡ་སྤྲོད།

YIELDDISC(Settlement; Maturity; Price; Redemption [; Basis])

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

price:ངོས་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་རིན་ལྡན་དངུལ་འཛིན་གྱི་རིན་གོང་(ཉོ་བའི་རིན་གོང་)

redemption: ངོས་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་འཇལ་རྒྱུའི་རིན་གོང་སྡུར་ཚད།

basis:འདེམས་རུང་ཇི་ལྟར་བྱས་ནས་ལོ་བརྩི་བའི་ཐབས་ཤེས་གསལ་བཤད་བྱེད།

གཞི་འཛིན་

རྩིས་རྒྱག

0 འམ་སྟོང་པ།

ཨ་རིའི་ཐབས་ཤེས་(NASD) ཟླ་12དང་ཟླ་རེརེ་ཉིན་30ཡིན།

1

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་

2

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 360 ཡོད།

3

ཟླ་བ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 365 ཡོད།

4

ཡོ་རབ་ཐབས་ཤེས་ ཟླ་12 དར་ཟླ་རེརེ་ཉིན་ 30 ཡིན།


དཔེ་གཞི།

དུས་མ་ཐིམ་པའི་སྐྱེད་ཀ་ཡོད་པའི་རིན་ལྡན་དངུལ་འཛིན་ 15.2.1999 ལ་ཉོ་འཇུག་བྱས། དུས་བཀག་གཙང་དུས་ནི་ 1.3.1999ཡིན། དོན་དངོས་རིན་གོང་ནི་དངུལ་ལོར་འཇལ་བྱེད་ 100 རེརེ་དངུལ་ཐང་རིན་གོང་དངུལ་ལོར་འཇལ་བྱེད་ 99.795 ཡིན་ འཇལ་རྒྱུའི་རིན་གོང་ནི་འཇལ་བྱེད་ 100 ཡིན། basis ནི་ 2ཡིན། ཕན་སྐྱེད་ཕྱོད་ནི་ག་ཚོད་རེད་དམ་

=YIELDDISC("1999-02-15"; "1999-03-01"; 99.795; 100; 2) returns 0.052823 or 5.2823 per cent.

YIELDMAT

Calculates the annual yield of a security, the interest of which is paid on the date of maturity.

བརྡ་སྤྲོད།

YIELDMAT(Settlement; Maturity; Issue; Rate; Price [; Basis])

settlement: རིན་ལྡན་དངུལ་འཛིན་གྱི་ཉོ་བའི་ཚེས་གྲངས།

maturity: རིན་ལྡན་དངུལ་འཛིན་གྱི་དུས་བཀག་གཙང་ཉིན།

issue: རིན་ལྡན་དངུལ་འཛིན་གྱི་འགྲེམས་སྤེལ་ཚེས་གྲངས།

rate: རིན་ལྡན་དངུལ་འཛིན་གྱི་འགྲེམ་སྤེལ་ཉིན་གྱི་སྐྱེད་ཀ།

price:ངོས་ཐང་ནི་དངུལ་ལོར་འཇལ་བྱེད་ 100 ཡིན་པའི་རིན་ལྡན་དངུལ་འཛིན་གྱི་རིན་གོང་(ཉོ་བའི་རིན་གོང་)

basis:འདེམས་རུང་ཇི་ལྟར་བྱས་ནས་ལོ་བརྩི་བའི་ཐབས་ཤེས་གསལ་བཤད་བྱེད།

གཞི་འཛིན་

རྩིས་རྒྱག

0 འམ་སྟོང་པ།

ཨ་རིའི་ཐབས་ཤེས་(NASD) ཟླ་12དང་ཟླ་རེརེ་ཉིན་30ཡིན།

1

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་

2

ཟླ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 360 ཡོད།

3

ཟླ་བ་གཅིག་ནང་གི་ཡང་ཏིག་ཉིན་གྲངས་ ལོ་གཅིག་ལ་ཉིན་ 365 ཡོད།

4

ཡོ་རབ་ཐབས་ཤེས་ ཟླ་12 དར་ཟླ་རེརེ་ཉིན་ 30 ཡིན།


དཔེ་གཞི།

རིན་ལྡན་དངུལ་འཛིན་ 15.3.1999 ལ་ཉོ་འཇུགབྱས། དུས་བཀག་གཙང་དུས་ནི་ 3.11.1999ཡིན། འགྲམས་སྤེལ་ཚེས་གྲངས་ནི་ 8.11.1998ལ་ཡིན། ཁེ་སྤོགས་ནི་ 6.25%ཡིན་ དོན་དངོས་རིན་གོང་ནི་དངུལ་ལོར་འཇལ་བྱེད་ 100.0123 ཡིན་ basis ནི་ 0ཡིན། ཕན་སྐྱེད་ཕྱོད་ནི་ག་ཚོད་རེད་དམ་

=YIELDMAT("1999-03-15"; "1999-11-03"; "1998-11-08"; 0.0625; 100.0123; 0) returns 0.060954 or 6.0954 per cent.

ནང་དོན་རྟེན་གྲངས་ཀྱི་ཆ་ཤས་དང་པོ་ཕྱིར་ལོག

ནོར་དོན་རྟེན་གྲངས་ཀྱི་ཆ་ཤས་གསུམ་པའི་བར་མུ་མཐུད་པ།

Functions by Category

Please support us!