སྒོར་ཟུར་སྐྱེ་གྲུབ་

རིས་འགོད་བྱེད་ནུས་གྲུ་བཞིའི་དབྱིབས་ནང་ཡང་ན་རིས་དཔེའི་སྒྲོམ་ནང་བསྒར་འཛུད་བྱེད་པ་སྤྱོད་པ་མ་ཟད་རྩོམ་སྒྲིག་མཐུད་ཚེག་སྐབས་བྱ་ཡུལ་གཡོན་གོང་ཟུར་ལ་སྒྲོམ་ཆུང་ཞིག་མངོན། སྒྲོམ་འདིའི་བྱ་ཡུལ་གྱི་ཟུར་སྒོར་མོ་འགྱུར་བའི་ཚད་དྲན་བརྡ་བྱེད། སྒྲོམ་འདི་གཡོན་གོང་ཟུར་གྱི་ཆེས་རྩེ་སྣེའི་ཁུལ་གནས་པའི་སྐབས་ ཟུར་སྒོར་ལ་འགྱུར་མེད་པ་མཚོན། སྒྲོམ་ནི་བྱ་ཡུལ་རྩེ་ཁུལ་ཀྱི་ལྟེ་བའི་ཁུལ་གྱི་ཚོད་ཚེག་ཐོག་གནས་སྐབས་ཟུར་ནི་ཚད་ཆེ་ཤོས་ཀྱི་སྒོར་ལ་འགྱུར་བ་མཚོན། གནས་ས་འདི་གཉིས་བར་སྒྲོམ་སྤོ་སྒུལ་བྱེད་ ཟུར་སྒོར་ལ་འགྱུར་བའི་བྱ་རིམ་ལེགས་སྒྲིག་བྱེད།

ལག་དབྱིབས་ཙིག་རྟགས་སྟོན་མདའ་

གལ་སྲིད་འོད་རྟགས་སྒྲོམ་འདིའི་ཐོག་བཞག་ན་ འོད་རྟགས་ལག་དབྱིབས་མཚོན་རྟགས་ལ་གྱུར། འདིའི་སྐབས་ སྒྲོམ་འདི་འདྲུད་སྒུལ་བྱེད་དེ་ཟུར་སྒོར་ལ་སྒྱུར་བའི་བྱ་རིམ་བཟོ་བཅོས་བྱེད། རྩ་འཛིན་ནི་འབྲས་བུའི་སྔོན་ལྟ་མངོན།

རེས་འགོད་བྱ་ཡུལ་ཡིག་ཚགས་གཞན་ནང་འདྲ་ཕབ་

Please support us!