རེའུ་མིག་འཆར་འགོད་

ས་བཅད་འདི་འི་ནང་གང་འདྲ་བྱས་ཏེ་མཐོང་རིས་འཆར་འགོད་ནང་གཞི་གྲངས་མཛོད་གསར་པའི་རེའུ་མིག་གི་ཆ་འཕྲིན་གསར་བཟོ་བྱེད་པ་འདུས་ཡོད།

གཞན་ཡང་རེའུ་མིག་གསར་བཟོ་པའི་གཞི་གྲངས་མཛོད་ཀྱི་གཞི་གྲངས་མཛོད་ཡིག་ཆ་ཁ་ཕྱེས་ རེའུ་མིག་རིས་རྟགས་ལ་རྐྱང་རྡེབ་བྱེད།མཐོང་རིས་འཆར་འགོད་ནང་རེའུ་མིག་གསར་བཟོ་བྱེད་པ་འདེམས་རེའུ་མིག་གསར་་པ་ཞིག་བཟོ་ཆོག

མཐོང་རིས་འཆར་འགོད་ནང་རེའུ་མིག་ཡིག་དུམ་གསར་བཟོ་བྱེད།

ཟུར་མཆན་རིས་རྟགས་

ཡིག་དུམ་ཚང་མ་དང་ལེན་དང་གཏན་འཁེལ་བྱེད་པའི་ཡིག་དུམ་རིགས་གཅིག་མཚུངས་པའི་གཞི་གྲངས་དགོས། དཔེར་ན་ གྲངས་ཀའི་ཡིག་དུམ་ནང་ཡི་གེ་བཅུག་ཐབས་བྲལ། dBase III རྣམ་གཞག་ནང་གི་བརྗེད་བྱང་ཡིག་ད་ཝཝ་ནི་ནང་ཁུལ་དེ་དག་གྱི་ཡིག་དེབ་ཡིག་ཆའི་འདྲེན་སྤྱོད་ཡིན་ མང་ཤོས་ལ་ 64KB ཡི་གེ་འདུས་ཡོད།


གཞན་ཡང་ ཁྱེད་ཀྱིས་གཞི་གྲངས་ཡིག་དུམ་ཚང་མ་གསལ་བཤད་ཞིག་ནང་བཅུག་བྱེད་ གསལ་བཤད་ཡི་གེ་དྲན་བརྡའི་རོགས་རམ་གྱི་རེའུ་མིག་མཐོང་རིས་ཀྱི་ཁ་བྱང་ཚང་ནང་མངོན།

ཡིག་དུམ་གཏོགས་གཤིས།

འདེམས་ངེས་གཞི་གྲངས་ཡིག་དུམ་ཚང་མ་གཏོགས་གཤིས་ནང་བཅུག་བྱེད། གཞི་གྲངས་མཛོད་རིགས་ལ་རགས་ལས་ཡོད་ ནང་བཅུག་ཐབས་འགའ་ཤས་སྤྱོད་མི་རུང་།

ཁས་ལེན་ཐང་ནང་ ཁྱེད་ཀྱིས་གཞི་གྲངས་ཡིག་དུམ་གཞི་གྲངས་གཤར་བྱང་གསར་བཟོ་སྐབས་སྔོན་བཀོད་ཀྱི་ནང་དོན་ནང་བཅུག་བྱེད། ནང་དོན་འདི་བཟོ་བཅོས་བྱས་ཆོག

ངེས་པར་དུ་ནང་བཅུག་ཁུལ་དུ་ཁྱེད་ཀྱི་གཞི་གྲངས་ཡིག་དུམ་འདི་སྟོང་པ་ཡིན་མིན་མཚན་འཇོག

ཡིག་དུམ་རིང་ཚད་ཁུལ་དུ་ ཡིག་དུམ་རིགས་ཀྱི་མི་འདྲ་བར་རེའུ་འགོད་སྒྲོམ་ནང་བཀོད་སྒྲིག་ཞིག་འདེམས།

གཞི་གྲངས་མཛོད་ངོ་སྤྲོད་

Please support us!