རེས་འགོད་བྱ་ཡུལ་ཡིག་ཚགས་གཞན་ནང་འདྲ་ཕབ་

LibreOffice ནང་ ཡི་གེ་ལས་སྣོན་ཡིག་ཚགས་དང་ལས་དེབ་གསལ་སྟོན་ཡིག་ཟིན་བར་རེས་འགོད་བྱ་ཡུལ་འདྲ་ཕབ་བྱེད།

  1. ཁྱེད་ཀྱིས་རེས་འགོད་བྱ་ཡུལ་གཅིག་གམ་མང་པོ་འདེམས་རོགས།

  2. དཔེར་ན་+C རེས་འགོད་བྱ་ཡུལ་དྲས་སྦྱར་པར་དུ་འདྲ་ཕབ་བྱེད།

  3. ཡིག་ཚགས་ཞན་ཞིག་ལ་བརྗེ་བསྒྱུར་བྱེད། དེ་ནས་འོད་རྟགས་དེ་རེས་འགོད་བྱ་ཡུལ་བསྒར་འཛུད་བྱ་དགོས་པའི་གནས་ས་སྤོ་དགོས།

  4. དཔེར་ན་ +V རེས་འགོད་བྱ་ཡུལ་བསྒར་འཛུད།

ཡི་གེ་ལས་སྣོན་ཡིག་ཚགས་ནང་བསྒར་འཛུད།

བསྒར་འཛུད་ཀྱི་རེས་འགོད་བྱ་ཡུལ་དེ་མིག་སྔའི་དུམ་མཚམས་སུ་འཆིང་བརྒྱབ། བྱ་ཡུལ་བདམས་ཞིང་ OLE བྱ་ཡུལ་ཡོ་བྱད་ཚང་ངམ་སྒྲོམ་གཞིཡོ་བྱད་ཚང་སྟེང་གི་བཟོ་བཅོས་འཆིང་བརྒྱབ་རིས་རྟགས་རྐྱང་རྡེབ་བྱས་ན་ འཆིང་བརྒྱབ་དེ་བཟོ་བཅོས་ཆོག། བཀོལ་སྤྱོད་འདི་བར་ཐོན་ཚུལ་གྱི་ཚལ་ཐོ་གཅིག་ཁ་ཕྱེ་ དེ་ནང་འཆིང་བརྒྱབ་རིགས་བདམས་ཆོག

གློག་རྡུལ་རེའུ་མིག་ནང་བསྒར་འཛུད།

བསྒར་འཛུད་ཀྱི་རེས་འགོད་བྱ་ཡུལ་དེ་མིང་སྔའི་དྲ་མིག་ལ་འཆིང་བརྒྱབ། བྱ་ཡུལ་བདམས་ཟིན་པ་དང་སྦྲགས་འཆིང་བརྒྱབ་བཟོ་བཅོས་རིས་རྟགས་རྐྱང་རྡེབ་བྱ་ དྲ་མིག་དང་ཤོག་ངོས་བར་དུ་འཆིང་བརྒྱབ་པའི་རིས་རྟགས་བཟོ་བཅོས་བྱེད།

Please support us!