བཀོད་སྒྲིག་གཞན་དག།

གཞི་གྲངས་ཁུངས་ཀྱི་འདེམས་གཞི་གཞན་དག་གཏན་འཁེལ་བྱེད།

བཀའ་ཚིག་ལ་བཅར་འདྲི་...

In a database window, choose Edit - Database - Properties, click Additional Settings tab


གཤམ་གྱི་ཚོད་ཆས་སྤྱོད་རུང་ཡིན་མིན་ནི་གཞི་གྲངས་ཁུངས་ཀྱི་གཞི་གྲངས་རྣམ་གཞག་ལ་རག་ལུས་ཡོད།

གཙོ་འཁོར་མིང་།

གཞི་གྲངས་མཛོད་ཚུད་པའི་ཞབས་ཞུའི་ཆས་ཀྱི་གཙོ་འཁོར་མིང་ནང་འཇུག་བྱེད་ དཔེར་ན་ ldap.server.com

ཉག་ཁའི་ཨང་།

གཞི་གྲངས་མཛོད་བླུགས་པའི་ཞབས་ཞུའི་ཆས་ཀྱི་ཉག་ཁའི་ཨང་ནང་འཇུག་བྱེད།

MySQL JDBC སྒུལ་འདེད་བྱ་རིམ་རིགས།

MySQL གཞི་གྲངས་མཛོད་ཀྱི་ JDBC སྒུལ་འདེད་བྱ་རིམ་གྱི་མིང་ནང་འཇུག་བྱེད།

ཡིག་རྟགས་ཚོགས།

LibreOffice ནང་གཞི་གྲངས་འདི་ལྟ་ཞིབ་བྱ་རྒྱུའི་ཡིག་རྟགས་ཚོགས་ལ་སྤྱོད་པ་འདེམས་དགོས། བཀོད་སྒྲིག་འདིས་གཞི་གྲངས་མཛོད་ལ་ཤུགས་རྐྱེན་མི་ཐེབས། བཀོལ་སྤྱོད་མ་ལག་གི་ཁས་ལེན་ཡིག་རྟགས་སྤྱོད་ན་ ཁྱེད་ཀྱིས་"མ་ལག་"འདེམས་དགོས།

ཟུར་མཆན་རིས་རྟགས་

ཡི་གེ་དང་ dBase གཞི་གྲངས་མཛོད་ཚང་མ་ཡིག་རྟགས་ཀྱིས་རིང་ཚད་ཀྱི་རྒྱས་བཅད་བྱས་པའི་ཡིག་རྟགས་ཚོགས་སྤྱོད་པར་བཀག་བྱེད་ དེའི་ནང་ཡིག་རྟགས་ཡོད་ཚད་ཁ་གྲངས་མཚུངས་པའི་ཡིག་ཚིག་ཨང་སྒྲིག་བྱེད།


Oracle JDBC སྒུལ་འདེད་བྱ་རིམ་རིགས།

Oracle གཞི་གྲངས་མཛོད་ཀྱི་ JDBC སྒུལ་འདེད་བྱ་རིམ་གྱི་མིང་ནང་འཇུག་བྱེད།

སྒུལ་འདེད་བྱ་རིམ་བཀོད་སྒྲིག

སྒུལ་འདེད་བྱ་རིམ་གྱི་འདེམས་གཞི་གཞན་དག་གཏན་འཁེལ།

ཡིག་ཆ་གཞིར་བྱས་པའི་གཞི་གྲངས་མཛོད་ནང་རིགས་སྤྱོད་པ།

དཀར་ཆག་གི་མིག་སྔའི་གཞི་གྲངས་ཁུངས་བེད་སྤྱོད། འདེམས་གཞི་འདིས་ ODBC གཞི་གྲངས་ཁུངས་ནི་གཞི་གྲངས་མཛོད་ཞབས་ཞུའི་ཆས་ཡིན་དུས་སྤྱོད་གོ་ཧ་ཅང་ཆེ། གལ་ཏེ་ ODBC གཞི་གྲངས་ཁུངས་ནི་ dBase སྒུལ་འདེད་བྱ་རིམ་ཡིན་ན་འདེམས་གཞི་འདི་འདེམས་མི་རུང་།

རྩ་བའི་གནས་ས་ DN

LDAP གཞི་གྲངས་མཛོད་ཀྱི་འགོ་ཚུགས་གནས་ས་བཤེར་འཚོལ་ནང་འཇུག་བྱ་ དཔེར་ན་ dc=com

ཟིན་ཐོའི་གྲངས་ཆེ་ཤོས།

LDAP ཞབས་ཞུའི་ཆས་ལ་འཚམས་འདྲི་བྱེད་དུས་ཁུར་སྣོན་བྱ་རྒྱུའི་ཟིན་ཐོ་ཆེ་ཤོས་ནང་འཇུག་བྱ།

སུབ་པའི་ཟིན་ཐོ་དུས་མཚུངས་སུ་མངོན་པ།

ཡིག་ཆའི་ནང་གི་ཟིན་བྲིས་ཡོད་ཚད་མངོན་ བྲིས་རྟགས་ནི་སུབ་པའི་ཟིན་བྲིས་ཡིན་པའང་ཚུད། གལ་ཏེ་བསྐྱར་འདེམས་སྒྲོམ་འདོ་བདམས་ན་ ཟིན་བྲིས་སུབ་ཐབས་བྲལ་ལོ།

ཟུར་མཆན་རིས་རྟགས་

dBase རྣམ་གཞག་ནང་དུ་སུབ་པའི་གཞི་གྲངས་གཤར་བྱང་སྔར་བཞིན་པའི་ཡིག་ཆའི་ནང་སོར་ཉར་བྱེད།


དྲན་བརྡའི་རིས་རྟགས་

ཁྱེད་ཀྱིས་གཞི་གྲངས་མཛོད་ལ་བཟོ་བཅོས་བྱས་པ་ལྟ་ཞིབ་བྱེད་ན་ ཁྱེད་ཀྱིས་གཞི་གྲངས་མཛོད་འདི་དང་སྦྲེལ་བ་ཁ་བརྒྱབ་རྗེས་བསྐྱར་དུ་གཞི་གྲངས་མཛོད་འདིར་སྦྲེལ་དགོས།


བཤེར་འདྲེན།

Opens the Indexes dialog, where you can organize the table indexes in the current dBASE database.

དངོས་ཡིག་ལ་ཤོག་སྨིན་ལྡན་པ།

གལ་ཏེ་ཡིག་དེབ་ཡིག་ཆ་འདིའི་ཕྲེང་དང་པོར་ཡིག་དུམ་མིང་ལྡན་ན་ ཁྱེད་ཀྱིས་བསྐྱར་འདེམས་སྒྲོམ་འདི་འདེམས་དགོས།

ཡིག་དུམ་བར་ཆོད་རྟགས།

བར་གཅོད་རྟགས་ཡིག་དེབ་ཡིག་ཆའི་ནང་གི་གཞི་གྲངས་ཡིག་དུམ་གྱི་ཡིག་རྟགས་ནང་འཇུག་གམ་འདེམས་པར་བྱེད།

ཡིག་དེབ་བར་ཆོད་རྟགས།

ཡིག་དེབ་ཡིག་ཆའི་ནང་གི་ཡི་གེའི་ཡིག་དུམ་གྱི་ཡིག་རྟགས་ནང་འཇུག་གམ་འདེམས་པ། ཡིག་དུམ་བར་ཆོད་རྟགས་དང་མཚུངས་པའི་ཡིག་རྟགས་བེད་སྤྱོད་བྱེད་མི་ཐུབ་པ།

སིལ་གྲངས་བར་ཆོད་རྟགས།

ཡིག་དེབ་ཡིག་ཆའི་ནང་སིལ་གྲངས་བར་གཅོད་རྟགས་ཀྱི་ཡིག་རྟགས་ནང་འཇུག་གམ་འདེམས་པར་བྱེད་ དཔེར་ན་ རྫོགས་རྟགས་སམ་ (0.5) མཚམས་རྟགས་(0,5)

སྟོང་གནས་བར་ཆོད་རྟགས།

ཡིག་དེབ་ཡིག་ཆའི་ནང་སྟོང་གནས་བར་ཆོད་རྟགས་ ཀྱི་ཡིག་རྟགས་ནང་འཇུག་གམ་འདེམས་དགོས་ དཔེར་ན་ མཚོན་རྟགས་ (1,000) ཡང་ན་རྫོགས་རྟགས་ (1.000)

ཡིག་ཆའི་རྒྱ་སྐྱེད་མིང་།

ཡིག་དེབ་ཡིག་ཆ་རྣམ་གཞག་འདེམས་པ། ཁྱེད་ཀྱིས་བདམས་པའི་རྒྱ་སྐྱེད་མིང་གིས་གླེང་སྒྲོམ་འདིའི་ནང་གི་ཁས་ལེན་ཁ་ཤས་ཀྱི་བཀོད་སྒྲིག་ལ་ཤུགས་རྐྱེན་བྱེད། དཔེར་ན་ རྒྱ་སྐྱེད་མིང་ *.csv ཡིག་རྟགས་ཚོགས་མ་ལག་ལ་བཟོ་བཅོས་བྱེད་ ཡིག་དུམ་བར་ཆོད་རྟགས་བར་གཅོད་རྟགས་ མཚམས་རྟགས་ (,)ལ་བཟོ་བཅོས་བྱེད། རྒྱ་སྐྱེད་མིང་ *.txt དང་ *.sdf ཡིས་ཡིག་དུམ་བར་ཆོད་རྟགས་བར་གཅོད་རྟགས་དབྱེ་རྟགས་ (;)ལ་བཟོ་བཅོས་བྱེད།

Please support us!