འབྲེལ་བ།

ཁྱེད་ཀྱིས་རེའུ་མིག་གཉིས་བར་གྱི་འབྲེལ་བ་མཚན་འཇོག་བྱ་ཆོག

བཀའ་ཚིག་ལ་བཅར་འདྲི་...

In a database file window, choose Tools - Relationships.


ཟུར་མཆན་རིས་རྟགས་

བེད་སྤྱོད་ཀྱི་གཞི་གྲངས་མཛོད་ཁོ་ནར་བརྩིས་པའི་འདེམས་གཞིར་གསར་བཅོས་དང་སུབ་པ་རྒྱབ་སྐྱོར་བྱེད་དུས་ འདེམ་གཞི་འདི་རྣམས་བཅོས་རུང་།


རེའུ་མིག

གལ་སྲིད་འབྲེལ་བ་གསར་པ་ཞིག་གསར་འཛུགས་བྱེད་ན་ གླེང་སྒྲོམ་སྟེང་ཁུལ་གྱི་ཚོ་སྒྲིག་སྒྲོམ་གཉིས་ནང་ནས་སོ་སོ་རེའུ་མིག་རེ་བདམས་དགོས།

[འབྲེལ་བ་] སྒེའུ་ཁུང་ནང་ གལ་ཏེ་སྦྲེལ་བའི་ཐིག་ལ་ཆ་རྡེབ་བྱས་པ་བརྒྱུད་ད་ཡོད་འབྲེལ་བའི་འབྲེལ་བ་གླེང་སྒྲོམ་ཁ་ཕྱེ་ཟིན་ན་ འབྲེལ་བ་འདིའི་ནང་གི་འབྲེལ་ཡོད་རེའུ་མིག་བཟོ་བཅོས་བྱ་ཐབས་བྲལ་ལོ།

འགག་གནད་ཡི་གེའི་ཡིག་དུམ།

འབྲེལ་བའི་འགག་གནད་རིག་གི་ཡིག་དུམ་མཚན་འཇོག་བྱེད།

ཐག་སྦྲེལ་ལ་བདམས་པའི་རེའུ་མིག་མིང་འདི་ལྟར་གྱི་མིང་ལ་མངོན། གལ་ཏེ་ཡིག་དུམ་ཞིག་ལ་རྐྱང་རྡེབ་བྱས་ན་ མདའ་རྩེའི་གནོན་མཐེབ་བརྒྱུད་དེ་རེའུ་མིག་ནང་གི་ཡིག་དུམ་འདེམས་ཆོག། ཕྲེང་གཅིག་ལ་འབྲེལ་བ་ཞིག་བྲི་འཇུག་བྱེད།

འདེམས་གཞི་གསར་བཅོས།

འགག་གནད་ཡི་གེ་གཙོ་བོ་ཡིག་དུམ་བཟོ་བཅོས་བྱེད་དུས་ནུས་པ་ཐོན་པའི་འདེམས་གཞི་འདེམས་དགོས།

བཀོལ་སྤྱོད་མེད།

འགག་གནད་ཡི་གེ་གཙོ་བོ་བཟོ་བཅོས་བྱེད་དུས་གཞན་པའི་ཕྱི་ཁུལ་འགག་གནད་ཡི་གེའི་ཡིག་དུམ་ལ་ཤུགས་རྐྱེན་མི་ཐེབ།

བརྩེགས་རིམ་གསར་བཅོས།

གལ་ཏེ་འགག་གནད་ཡི་གེ་གཙོ་བོའི་ཐང་བཅོས་ན་ ཕྱི་ཁུལ་གྱི་འགག་གནད་ཡི་གེའི་ཡིག་དུམ་(རིམ་བརྩེགས་གསར་བརྗེ།)ཡོད་ཚད་གསར་བཅོས་བྱེད།

ཀླད་ཀོར་བཀོད་སྒྲིག

གལ་ཏེ་ལྟོས་བཅོས་ཀྱི་འགག་གནད་ཡི་གེ་བཅོས་ན་ འདེམས་གཞི་འདི་སྤྱད་ནས་ལྟོས་བཅོས་ཀྱི་ཕྱི་ཁུལ་འགག་གནད་ཡིག་དུམ་ཡོད་ཚད་ "IS NULL"ལ་བཀོད་སྒྲིག་བྱེད། གནས་འདིར་ "IS NULL" ཡིག་དུམ་འདི་སྟོང་པ་ཡིན་པ་མཚོན།

ཁས་ལེན་བཀོད་སྒྲིག

གལ་ཏེ་ལྟོས་བཅས་ཀྱི་འགག་གནད་ཡི་གེ་གཙོ་བོ་བཟོ་བཅོས་བྱས་ན་ འདེམས་གཞི་འདི་སྤྱད་དེ་ཕྱི་ཁུལ་འགག་གནད་ཡིག་དུམ་གྱི་ཁས་ལེན་ཐང་ཞིག་གཏན་འཁེལ་བྱས། ལྟོས་བཅས་རེའུ་མིག་གི་གསར་འཛུགས་བརྒྱུད་རིམ་ནང་ཡིག་དུམ་གཏོགས་གཤིས་གཏན་འཁེལ་བྱེད་དུས་ཕྱི་ཁུལ་འགག་གནད་ཡིག་དུམ་གྱི་ཁས་ལེན་ཐང་མཚན་འཇོག་བྱེད།

སུབ་པའི་འདེམས་གཞི།

འགག་གནད་ཡི་གེ་གཙོ་བོའི་ཡིག་དུམ་སུབ་དུས་ནུས་པ་ཐོན་པའི་འདེམས་གཞི་འདེམས་དགོས།

བཀོལ་སྤྱོད་མེད།

འགག་གནད་གཙོ་བོའི་ཡི་གེ་སུབ་པ་གཏན་འཁེལ་བྱེད་ན་གཞན་པའི་ཕྱི་ཁུལ་འགག་གནད་ཡི་གེའི་ཡིག་དུམ་ལ་ཤུགས་རྐྱེན་མི་ཐེབ།

བརྩེགས་རིམ་སུབ་པ།

གང་འདྲ་བྱས་ཏེ་ལྟོས་བཅས་ཀྱི་འགག་གནད་ཡི་གེ་ཡིག་དུམ་ཕུད་ཕྱི་ཁུལ་གྱི་འགག་གནད་ཡིག་དུམ་ཡོད་ཚད་སུབ།

ཐ་ཚིག་རིས་རྟགས་

གལ་ཏེ་བརྩེགས་རིམ་སུབ་པ་འདེམས་གཞི་བརྒྱུད་འགག་གནད་ཡི་གེ་གཙོ་བོ་ཡིག་དུམ་སུབ་ན་ གཞན་པའི་འགགམགནད་ཡི་གེ་འདི་་ཕྱི་ཁུལ་འགག་གནད་ཡི་གེར་བརྩིས་པའི་རེའུ་མིག་ནང་གི་ཟིན་ཐོ་ཡོད་ཚད་སུབ། དེར་བརྟེན་ འདེམས་གཞི་འདི་ཡིད་གཟབ་ངང་སྤྱོད་དགོས་ཞིང་གཞི་གྲངས་མཛོད་ཀྱི་ཆ་ཤས་གཙོ་བོ་སུབ་པ་ལས་གཡོལ་དགོས།


ཀླད་ཀོར་བཀོད་སྒྲིག

གལ་ཏེ་ལྟོས་བཅས་ཀྱི་འགག་གནད་ཡི་གེ་སུབ་ན་ཕྱི་ཁུལ་གྱི་འགག་གནད་ཡི་གེའི་ཡིག་དུམ་ "IS NULL" ཐང་ལ་གཏན་འཁེལ་བྱེད།

ཁས་ལེན་བཀོད་སྒྲིག

གལ་ཏེ་ལྟོས་བཅས་ཀྱི་འགག་གནད་ཡི་གེ་གཙོ་བོ་སུབ་ན་བཀོད་སྒྲིག་ཐང་ཕྱི་ཁུལ་འགག་གནད་ཡི་གེའི་ཡིག་དུམ་ཡོད་ཚད་གཏན་འཁེལ་བྱེད།

Please support us!