HTML འདྲེན་བཏོན་ - ཤོག་ཨང་2

འགྲེམས་བསྒྲགས་རིགས་གཏན་འཁེལ་བྱེད།

མཐའ་སྒྲོམ་བྱ་ཡུལ་འདུས་དགོས་མིན་གཏན་འཁེལ་བྱེད་ཆོག་ལ་ཁ་བྱང་འཛུགས་དགོས་མིན་དང་ ཡང་ན་གསལ་སྟོན་ཡིག་ཟིན་ཟུར་མཆན་མངོན་དགོས་མིན་ཡང་གཏན་འཁེལ་བྱས་ཆོག

བཀའ་ཚིག་ལ་བཅར་འདྲི་...

LibreOffice Draw or LibreOffice Impress menu File - Export, select HTML file type, page 2 of the wizard.


པར་སྐྱུན་ཐབས་ཚུལ།

དགོས་ངོས་ཀྱི་འདྲེན་བཏོན་ལ་བརྩིས་བའི་བཀོད་སྒྲིག་མཚན་འཇོག་བྱེད།

HTML རྣམ་གཞག་ཚད་གཞི།

འདྲེན་བཏོན་ཤོག་ངོས་སྤྱད་ནས་ཚད་གཞིའི་ HTML ཤོག་ངོས་གསར་འཛུགས་བྱེད།

སྒྲོམ་གཞི་འདེམས་པའི་ཚདགཞི་ HTML

སྒྲོམ་གཞི་འདེམས་པའི་ཚདགཞི་ HTML ཤོག་ངོས་ གསར་འཛུགས་བྱེད། འདྲེན་བཏོན་ཤོག་ངེས་དེ་གཙོ་བའི་སྒྲོམ་གཞིའི་མངོན་ སྒྲོམ་གཡོན་ངོས་དེ་ཆེས་ཐག་སྦྲེལ་གྱི་རྣམ་པས་དཀར་ཆག་ནང་མངོན་པར་འགྱུར།

ཁ་བྱང་ཤོག་ལྷེའི་གསར་འཛུགས།

ཡིག་ཚགས་ཀྱི་ཁ་བྱང་ཤོག་ལྷེའི་གསར་འཛུགས་བྱེད།

དུས་མཉམ་དུ་མངོན་པའི་ཟུར་མཆན་གཏན་འཁེལ་བྱེད།

རང་འགུལ།

ཁས་ལེན་གྱི་ HTML གསལ་སྟོན་ཡིག་ཟིན་གསར་འཛུགས་བྱེད་ཏེ་ཡིག་ཟིན་དེ་ kiosk ལ་བརྩིས་ནས་འདྲེན་བཏོན། གསལ་སྟོན་ཡིག་ཟིན་དེའསའས་ནང་གཏན་འཁེལ་བྱེད་བྱས་པའི་དུས་ཚོད་ལ་གཞིགས་ནས་རང་འགུལ་སྒྲོན་བཪྙན་སྤྱིན་ཤོག་བརྗེ་བསྒྱུར་བྱས།

ཡིག་ཚགས་ནང་མཚན་འཇོག་བྱེད་པ་དང་སྦྲགས།

སྒྲོན་བཪྙན་སྤྱིན་ཤོག་གི་བརྗེ་བསྒྱུར་དུས་ཚོད་དེ་ཁྱེད་ཀྱི་གསལ་སྟོན་ཡིག་ཟིན་ནང་གི་སྒྲོན་བཪྙན་སྤྱིན་ཤོག་རེ་རེ་བཀོང་སྒྲིག་དུས་ཚོད་ལ་རག་ལས། གལ་ཏེ་ཁྱེད་ཀྱིས་ལག་འགུལ་བརྗེ་བསྒྲུར་ཤོག་ངོས་བཀོཀོ་སྒྲིག་བྱས་ཡོད་ན་མཐེབ་གཞོང་ནང་གི་ ཡིག་དེབ་གང་རུང་གནོན་ཏེ་ཚང་མ་ HTML གསལ་སྟོན་ཡིག་ཟིན་ཤོག་བརྗེ་བྱེད།

རང་འགུལ།

རང་འགུལ་གྱི་གཏན་འཁེལ་དུས་ཚོད་ལ་གཞིགས་ནས་ཤོག་ངོས་བརྗེ་བསྒྱུར་བྱེད་ དེ་དང་གསལ་སྟོན་ཡིག་ཟིན་གྱི་ནང་དོན་འབྲེལ་བ་མེད།

སྒྲོན་བཪྙན་སྤྱིན་ཤོག་བཪྙན་གཏོང་དུས་ཚུད།

སྒྲོན་བཪྙན་སྤྱིན་ཤོག་རེ་རེ་མངོན་པའི་དུས་ཚོད་མཚན་འཇོག་བྱེད།

བར་མ་ཆད།

སྒྲོན་བཪྙན་སྤྱིན་ཤོག་འཇུག་ཤོས་དེ་མངོན་ཚར་བའི་རྗེས་ རང་འགུག་གྱི་ HTML གསལ་སྟོན་ཡིག་ཟིན་བསྐྱར་དུ་བསྒྲོགས་གཏོང་བྱས་རྒྱུད་སྒོ་འཛུགས།

WebCast

WebCast ཕྱིར་བཏོན་ནང་རང་འགུག་གྱི་ Perl འམ་ ASP བརྒྱུད་ནས་སྐྱེད་གྲུབ་ཞབས་དེབ་ལ་རྒྱབ་སྐྱོར་བྱེད། དེ་ན་གཏམ་བཤས་མཁན་གྱི་ Web མིག་བཤར་ཆས་ནང་ཤོག་ངོས་བཟོ་བཅོས་བྱ་ཐུབ། དཔེ་ན་ ཁ་པར་ཚོགས་འདུའི་གང་རུང་ནང་ Internet བརྒྱུད་ནས་སྒྲོན་བཪྙན་སྤྱིན་ཤོག་ བྱས་དགོས་ནས་ Web མིག་བཤར་ཆས་ནང་ལྟོས་བཅོས་ཀྱི་ཤོག་ངོས་སྤྱོད་ཆོག ལེའུ་འདེ་རྗེས་ཀྱི་ཆ་ཤས་ནང་ WebCast འབྲེལ་ཡོད་ཆ་འཕྲིན་ཞིབ་ཕྲགསལ་བཤད་ཡོད།

Active Server Pages (ASP)

འདེམས་གཞི་འདེམས་པའི་སྐབས་ ASP "WebCast འདྲེན་བཏོན་"གྱིས་ ASP ཤོག་ངོས་གསར་འཛུགས་བྱ་ཐུབ། གཟབ་དགོས་པ་ནི་ ASP ཡི་ Web ཞབས་ཞུ་ཆས་རྒྱབ་སྐྱོར་བྱས་རྗེས་ HTML གསལ་སྟོན་ཡིག་ཟིན་མཁོ་འདོན་བྱེད།

Perl

WebCast འདྲེན་བཏོན་དེ་ HTML ཤོག་ངོས་དང་ Perl ཤོག་དེབ་གསར་འཛུགས་ལ་སྤྱོད།

མངོན་པ་ URL

ལྟད་མོ་བས་གསལ་སྟོན་ཡིག་ཟིན་ལྟ་ཞིབ་བྱ་བར་ནང་འཇུག་དགོས་པའི་ URL(ལྟོས་མེད་དམ་ལྟོས་བཅོས་)གཏན་འཁེལ་བྱེད།

གསལ་སྟོན་ཡིག་ཟིན་གྱི་ URL

Web ཞབས་ཞུ་ཆས་སྟེང་གསར་འཛུགས་བྱས་པའི་ HTML གསལ་སྟོན་ཡིག་ཟིན་གྱི་ལ་ URL ཉར་ཚགས་བྱས་པ་གཏན་འཁེལ་བྱེད།(ལྟོས་མེད་དམ་ལྟོས་བཅོས་)

Perl ཞབས་དེབ་ཀྱི་ URL

སྐྱེ་གྲུབ་བྱས་པའི་ Perl ཞབས་དེབ་ཀྱི་ URL (ལྟོས་མེད་དམ་ལྟོས་བཅོས་)གཏན་འཁེལ་བྱེད།

WebCast འདྲེན་བཏོན་དང་འབྲེལ་ཡོད་ཀྱི་ཞིབ་ཕྲའི་ཆ་འཕྲིན།

WebCast ལག་བརྩལ་སྤྱད་དེ་ LibreOffice གསལ་སྟོན་ཡིག་ཟིན་འདྲེན་བཏོན་བྱ་སྐབས་ འདེམས་གཞི་གཉིས་འདེམས་རྒྱུ་འཁོར་འདོན་བྱས་པ་ཏེ་ Active Server Pages (ASP) དང་ Perl

ཐ་ཚིག་རིས་རྟགས་

རིགས་གང་ཞིག་འདེམས་པ་ནང་འང་ WebCast ཚང་མར་ Perl འམ་ ASP ཞབས་དེབ་བྱེད་ནུས་ཀྱི་ HTTP ཞབས་ཞུ་ཆས་མཁོ་འདོན་བྱས་ཐུབ། དེར་བརྟེན་ ཕྱིར་བཏོན་འདེམས་གཞི་གང་ཞིག་སྤྱད་མིན་དེ་སྤྱད་པའི་ HTTP ཞབས་ཞུ་ཆས་རག་ལས།


ASP ནང་གི་ WebCast

འདྲེན་བཏོན།

མི་འདྲ་བའི་ HTML འདྲེན་བཏོན་ལ་གཅིག་མཚུངས་ཀྱི་རྒྱུད་ལག་སྤྱོད་མི་ཆོག

སྤྱོད་པ་ ASP WebCast

HTTP ཞབས་ཞུ་ཆས་ནས་འདྲེན་བཏོན་བྱས་པའི་ཡིག་ཆ་འཚམས་འདྲི་བྱ་བའི་སྐབས་ WebCastབེད་སྤྱོད་བྱེད།

དཔེ་གཞི་

ཁྱེད་ཀྱིས་རྩིས་འཁོར་ལ་ Microsoft Internet Information ཆ་འཕྲིན་ཞབས་ཆས་སྒྲིག་འཇུག་བྱས་ཡོད་པར་བྱ་བཞག་ན་སྒྲིག་འཇུག་བྱས་སྐབས། HTML ཡིག་ཚགས་ཀྱི་ཕྱིར་བཏོན་དཀར་ཆག་ནི་ C:\Inet\wwwroot\lectureགཏན་འཁེལ་བྱེད་ དེར་བརྟེན་ཁྱེད་ཀྱི་རྩིས་འཁོར་གྱི་ URL ནི་ http:

ཉན་པ་པོས་ད་ཆ་ URL http:

Perl སྟེང་གི་ WebCast

འདྲེན་བཏོན།

སྤྱོད་པ་ Perl WebCast

ད་ཆ་ Perl ཡི་ HTTP ཞབས་ཞུ་ཆས་སྒུལ་སྤྱོས་བྱས་པའི་ནང་ཕྱིར་བཏོན་བྱ་སྐབས་གསར་འཛུགས་བྱས་པའི་ཡིག་ཆབཀོད་སྒྲིག་བྱ་བའི་དགོས་པ་ཡོད། Perl ལ་རྒྱབ་སྐྱོར་བྱེད་མཁན་ HTTP ཞབས་ཞུ་ཆས་ཁ་སོ་སོ་མི་འདྲ་བའི་རྐྱན་གྱི་ བཀོལ་སྤྱོད་དེ་རང་འགུལ་ཁ་གསབ་ཀྱི་ལེགས་གྲུབ་བྱས་ཐབས་མེད།

ད་ཆ་ཁྱོད་ཀྱིས་ WebCast བེད་སྤྱོད་བྱ་དགོས་ངེས་ཡིན།

དཔེ་གཞི་

དཔེ་གཞི་འདིའི་ནང་ Linux རྩིས་འཁོར་དང་ HTTP ཞབས་ཞུ་ཆས་སྤྱོད། HTTP ཞབས་ཞུ་ཆས་ཀྱི་ URL ནི་ http:

ཁྱེད་ཀྱི་ Perl ཡིག་ཆ་སྒྲིག་འཇུག་ཡག་པོ་བྱས་ཏེ་ སྙན་ཞུའི་མི་སྣས་ URL "http:

Please support us!