བརྗེ་རེས་གོ་རིམ།

བརྗེ་རེས་གོ་རིམ་གླེང་སྒྲོམ་ནང་སྤྱོད་པོས་ Tab མཐེབ་གནོན་དུས་ཚོད་ཆས་ཡིག་དུམ་ལ་ཐོབ་པའི་མདོ་གནས་ཀྱི་གོ་རིམ་བཟོ་བཅོས་བྱེད།

བཀའ་ཚིག་ལ་བཅར་འདྲི་...

On Form Design bar, click

རིས་རྟགས་

གསོན་སློང་གོ་རིམ།


གལ་སྲིད་ཡིག་ཚགས་ནང་རེའུ་བྱང་གཞི་རྒྱུ་བསྒར་འཛུད་བྱེད་ན་LibreOffice ཡིས་རང་འགུལ་ངང་ Tab མཐེབ་སྤྱད་ནས་ཚོད་ཆས་ཤིག་ནས་ཚོད་ཆས་གཞན་ཞིག་ལ་འགྱུར་བའི་གོ་རིམ་གཏན་འཁེལ་བྱེད། གབ་སྣོན་གསར་པ་བྱས་པའི་ཚོད་ཆས་ཁག་བརྒྱུད་གྲས་ཀྱི་མཇུག་མཐར་འཇོག བརྗེ་རེས་གོ་རིམ་གླེང་སྒྲོམ་ནང་སྒེར་གྱི་དགོས་མཁོ་གཞིར་བཟུང་ནས་བརྒྱུད་གྲས་འདིའི་གོ་རིམ་ལེགས་སྒྲིག་བྱེད་དོ།

ཚོད་ཆས་འདིའི་གཏོགས་གཤིས།གླེང་སྒྲོམ་ནང་ བརྒྱུད་ནས་གོ་རིམ།ནང་དམིགས་འཛུགས་གཏོགས་གཤིས་ལ་ལྟོས་བཅས་ཀྱི་ཐང་ནང་འཇུག་བྱས་ནས་ཚོད་ཆས་ཀྱི་བཤེར་འདྲེན་མཚན་འཇོག་བྱེད།

རྐྱང་འདེམས་གནོན་མཐེབ་གཅིག་འདེམས་ཐུབ་དུས་ Tab མཐེབ་སྤྱད་ནས་རྐྱང་འདེམས་གནོན་མཐེབ་འདི་ལ་འཚམས་འདྲི་བྱེད་ཐུབ། གལ་ཏེ་ཇུས་འགོད་བྱས་པའི་རྐྱང་འདེམས་གནོན་མཐེབ་ཚོ་སྒྲིག་ནང་བདམས་པའི་གནས་སྟངས་སུ་གནས་པ་མེད་ཕྱིན་སྤྱོད་པོས་མཐེབ་གཞོང་བརྒྱུད་ཚོ་སྒྲིག་འདི་དང་ཡང་ན་དེའི་ནང་གི་རྐྱང་འདེམས་གནོན་མཐེབ་གང་རུང་ཞིག་ལ་འཚམས་འདྲི་བྱ་ཐབས་བྲལ།

ཚོད་ཆས།

རེའུ་བྱང་ནང་གི་ཚོད་ཆས་ཡོད་ཚད་སྟར་སྒྲིག་བྱེད། Tab མཐེབ་སྤྱད་ནས་གཏན་འཁེལ་བའི་གོ་རིམ་བཞིན་སྟེང་ནས་འོག་བར་ཚོད་ཆས་འདི་དག་འདེམས། ནི་ཚོད་ཆས་རེའུ་འགོད་ནང་ཚོད་ཆས་ཤིག་འདེམས་དགོས་ བརྗེ་རེས་གོ་རིམ་ནང་དེ་ལ་འཚམས་པའི་གནས་ས་བཀོད་སྒྲིག་བྱེད་དགོས།

སྟེང་ལ་སྤོ་འགུལ།

སྟེང་ལ་སྤོ་འགུལ་གནོན་མཐེབ་ལ་རྐྱང་མཐེབ་བྱ་ བདམས་པའི་ཚོད་ཆས་ནི་ Tab མཐེབ་བརྗེ་རེས་གོ་རིམ་ནང་སྟེང་ལ་གནས་ས་ཞིག་སྤོར་རོ།

འོག་ལ་སྤོ་འགུལ།

འོག་ལ་སྤོ་འགུལ་གནོན་མཐེབ་ལ་རྐྱང་རྡེབ་བྱ་ བདམས་པའི་ཚོད་ཆས་ནི་ Tab མཐེབ་གོ་རིམ་ནང་གཤམ་ལ་གནས་ས་ཞིག་སྤོར་དགོས།

རང་འགུལ་རིམ་སྒྲིག

རང་འགུལ་རིམ་སྒྲིག་གནོན་མཐེབ་ལ་རྐྱང་རྡེབ་བྱེད་ ཚོད་ཆས་ནི་ཡིག་ཆའི་ནང་གི་གནས་ས་གཞིར་བཟུང་རང་འགུལ་ངང་རིམ་སྒྲིག་བྱེད།

Please support us!