གསར་བཟོའི་ཚོན་ཁྲའི་རི་མོ་སྐོང་གསབ་

ཚོན་ཁྲའི་རི་མོ་སྐོང་གསབ་ནི་རིས་འགོད་བྱ་ཡུལ་ཚོས་གཞི་མི་འདྲ་བ་གཉིས་ཉེར་སྤྱོད་བྱེད་པའམ་ཡང་ན་འདྲ་བའི་ཚོས་གཞི་གར་སླ་མི་འདྲ་བའི་ཚོས་གཞིའི་འདྲེས་སྦྱོར་རིམ་འཕར་བྱེད།

ཚོན་ཁྲའི་རི་མོ་ཉེར་སྤྱོད་བྱེད་ ཁྱེད་

  1. རིས་འགོད་བྱ་ཡུལ་འདེམས།

  2. གཡས་མཐེབ་ཚལ་ཐོ་[སྐོང་གསབ་བཟོ་ལྟ་...]འདེམས་པ་དང་དེ་རྗེས་"ཚོན་ཁྲའི་རི་མོ་""སྐོང་གསབ་"རིས་ལ་བརྩིས་པ་འདེམས།

  3. འདེམས་གཞི་"ཚོན་ཁྲའི་རི་མོ་"འདེམས་པ་མ་ཟད་ཚོན་ཁྲའི་རི་མོའི་ཤོག་ཚན་ནང་རི་མོ་གཅིག་འདེམས།

རང་མཚན་འཇོག་གི་ཚོན་ཁྲའི་རི་མོ་གསར་བཟོ་བྱེད་

ཁྱེད་ཀྱིས་རང་གི་ཚོན་ཁྲའི་རི་མོ་མཚན་འཇོག་བྱེད་ ད་ཡོད་ཀྱི་ཚོན་ཁྲའི་རི་མོ་བཟོ་བཅོས་བྱེད་ ད་དུང་ཚོན་ཁྲའི་རི་མོའི་ཡིག་ཆའི་རེའུ་འགོད་ཉར་ཚགས་དང་ཁུར་སྣོན་བྱེད།

རང་མཚན་འཇོག་ཚོན་ཁྲའི་རི་མོ་གསར་བཟོ་བྱེད་ ཁྱེད་

  1. གཡས་མཐེབ་ཚལ་ཐོའི་[སྐོང་གསབ་བཟོ་ལྟ་...]འདེམས་པ་མ་ཟད་"ཚོན་ཁྲའི་རི་མོ་"འདེམས་གཞིའི་ཁྭ་རྐྱང་རྡེབ་བྱེད།

  2. ད་ཡོད་ཀྱི་ཚོན་ཁྲའི་རི་མོའི་རེའུ་མིག་ནང་ རི་མོ་གཅིག་འདེམས་ དེ་ནི་ཚོན་ཁྲའི་རི་མོ་གསར་བཟོ་བྱེད་པའི་རྨང་གཞི་ཡིན།

  3. ཡི་གེའི་སྒྲོམ་ནང་ཚོན་ཁྲའི་རི་མོའི་མིང་རྒྱུས་འཇུག་བྱེད་ དེ་རྗེས་"གཏན་འཁེལ་"རྐྱང་རྡེབ་བྱེད།

    མིང་འདི་ཚོན་ཁྲའི་རི་མོའི་རེའུ་འགོད་ཀྱི་མཇུག་ལ་མངོན་ བདམས་ནས་རྩོམ་སྒྲིག་བྱེད།

  4. གསར་བཟོ་ཚོན་ཁྲའི་རི་མོ་བཀོད་སྒྲིག་བྱེད་པ་ལེགས་གྲུབ་བྱུང་བའི་རྗེས་ བཟོ་བཅོས་ཉར་སྡེར་གྱི་བཟོ་བཅོས་ནང་དོན་གནོན་རྡེབ་བྱེད། སྔོན་མཐོང་ཚང་ནང་ཁྱེད་ཀྱིས་གསར་བཟོའི་ཚོན་ཁྲའི་རི་མོའི་མཐོང་རིས་མཐོང་ཐུབ།

  5. "གཏན་འཁེལ་"རྐྱང་རྡེབ་བྱེད།

རེས་མོས་ཚུགས་གཅིག་གི་ཚོན་ཁྲའི་རི་མོའི་བྱ་ཐབས་བཟོ་བཅོས་བྱེད།

ཙིག་རྟགས་སྤྱད་དེ་ཚོན་ཁྲའི་རི་མོའི་གཏོགས་གཤིས་དང་རིས་འགོད་བྱ་ཡུལ་གྱི་གསལ་དྭངས་ཚད་ལེགས་སྒྲིག་བྱེད།

རིས་འགོད་བྱ་ཡུལ་གྱི་ཚོན་ཁྲའི་རི་མོ་ལེགས་སྒྲིག་བྱེད་ ཁྱེད་

  1. ཚོན་ཁྲའི་རི་མོ་བཟོ་བཅོས་བྱས་པའི་རིས་འགོད་བྱ་ཡུལ་འདེམས།

  2. གཡས་མཐེབ་ཚལ་ཐོའི་[སྐོང་གསབ་བཟོ་ལྟ་...]འདེམས་པ་མ་ཟད་"ཚོན་ཁྲའི་རི་མོ་"འདེམས་གཞིའི་ཁྭ་རྐྱང་རྡེབ་བྱེད།

  3. ཚོན་ཁྲའི་རི་མོའི་ཐང་ལེགས་སྒྲིག་བྱ་རྒྱུ་ནི་ཁྱེད་ཀྱི་དགོས་མཁོ་དང་འཚམས་དགོས་པ་མ་ཟད་"གཏན་འཁེལ་"རྐྱང་རྡེབ་བྱེད།

དྲན་བརྡའི་རིས་རྟགས་

བྱ་ཡུལ་གྱི་གསལ་དྭངས་ལེགས་སྒྲིག་བྱེད་ བྱ་ཡུལ་འདི་འདེམས་ གཡས་མཐེབ་ཚལ་ཐོ་[སྐོང་གསབ་བཟོ་ལྟ་...]འདེམས་པ་མ་ཟད་"གསལ་དྭངས་"འདེམས་གཞིའི་ཁྭ་རྐྱང་རྡེབ་བྱེད།


Please support us!