LibreOffice གློག་རྡུལ་རེའུ་མིག་གི་བྱེད་ནུས་

LibreOfficeགློག་རྡུལ་རེའུ་མིག་ནི་གློག་རྡུལ་ལས་ཀའི་རེའུ་མིག་གི་བེད་སྤྱད་བྱ་རིམ་ཞིག་ཡིན་ དེ་ནི་གཞི་གྲངས་ལ་རྩིས་རྒྱག་དང་དབྱེ་ཞིབ་དོ་དམ་གཞི་གྲངས་སྤྱོད་པ་དང་ Microsoft Excel གློག་རྡུལ་རེའུ་མིག་འདྲེན་བཇུག་དང་བཟོ་བཅོས་ལ་སྤྱད་པའོ།

རྩིས་རྒྱག

LibreOffice གློག་རྡུལ་རེའུ་མིག་གིས་མཁོ་འདོན་བྱས་པའི་རྟེན་གྲངས་རྩིས་རྟེན་གྲངས་དང་རིམ་བརྩིས་རྟེན་གྲངས་ཚུད་ རྟེན་གྲངས་འདི་དག་སྤྱི་བགྲོས་གསར་འཛུགས་ལ་བེད་སྤྱད་ནས་ཪྙོག་འཛིན་རྩིས་རྒྱག་ལ་ཕན་བེད་བསྐྲུན།

ཁྱེད་ཀྱིས་ད་དུང་རྟེན་གྲངས་སྣེ་སྟོན་ བེད་སྤྱད་ནས་རང་ཉིད་ཀྱི་སྤྱི་འགྲོས་གསར་འཛུགས་བྱས་ཆོག

ཞུགས་གྲངས་སྣ་ཚོགས་བེད་སྤྱད་པའི་རྩིས་རྒྱག་ཐབས།

དོ་སྣང་བྱེད་འོས་ཀྱི་བྱེད་ནུས་ཡོད་པ་སྟེ་ རྐྱེན་རྒྱུ་འགའ་ལས་གྲུབ་པའི་རྩིས་རྒྱག་ལ་ལྟོས་ནས་དེའི་ནང་གི་རྐྱེན་རྒྱུ་གཅིག་ལ་བཟོ་བཅོས་རྒྱབ་ན་ལམ་སེང་གསར་དུ་བྱུང་བའི་རྩིས་རྒྱག་འབྲས་བུ་འཚོལ་ཐུབ། དཔེར་ན་དངུལ་བུན་རྩིས་རྒྱག་ཁྲོད་འཇལ་བའི་འཁོར་ཡུན་གྱི་བཟོ་བཅོས་དེ་ཇི་ལྟར་བྱས་ནས་སྐྱེད་ཁའི་ཚད་དམ་དངུལ་གྲངས་སྐྱིན་འཇལ་ལ་ཤུགས་རྐྱེན་ཐེབས་པ་མཐོང་ཐུབ། གཞན་ཡང་སྔོན་མཚན་འཇོག་འཆར་འགོད་མི་འདྲ་བ་བེད་སྤྱད་ནས་ཅུང་ཆེ་བའི་རེའུ་མིག་དེ་དོ་དམ་བྱ་ཐུབ།

གཞི་གྲངས་མཛོད་ཀྱི་བྱེད་ནུས།

གློག་རྡུལ་རེའུ་མིག་བེད་སྤྱད་ནས་གཞི་གྲངས་ལ་རིམ་སྒྲིག་དང་གསོག་འཇོག་ འཚག་འདེམས་བཅས་བྱས་ཆོག

LibreOffice གློག་རྡུལ་རེའུ་མིག་ནང་ གཞི་གྲངས་མཛོད་ནས་རིའུ་མིག་འདྲུད་སྐྱེལ་ཐུབ་པ་མ་ཟད་གློག་རྡུལ་རེའུ་མིག་དེ་ཉིད་LibreOffice ཡི་གེ་ལས་སྣོན་ནང་བེད་སྤྱད་ནས་འཕྲིན་ཡིག་གི་གཞི་གྲངས་འབྱུང་ཁུངས་རྣམ་གཞག་ཅན་དུ་འགྱུར་ཐུབ།

གཞི་གྲངས་རིགས་དབྱེ།

ཙིག་རྟགས་ལ་ཐེངས་འགའ་ཞིག་མནན་ནས་གློག་རྡུལ་རེའུ་མིག་གསར་དུ་སྒྲིག་འཛུགས་བྱེད་ཐུབ་པ་ དེས་དམིགས་འཛུགས་ས་ཁོངས་མངོན་པ་དང་གབ་པ་གཉིས་ཀར་ཕན་ དམིགས་འཛུགས་ཀྱི་ཆ་རྐྱེན་ལ་ལྟས་ནས་ས་ཁོངས་རྣམ་གཞག་ཅན་དུ་འགྱུར་བའམ་རིགས་དབྱེའི་ཕྱོགས་བསྡུས་དང་བསྡོམས་འབོར་མྱུར་དུ་རྩིས་རྒྱག་ཐུབ།

འགུལ་བསྐྱོད་རྣམ་པའི་རིས་མཚོན།

LibreOffice གློག་རྡུལ་རེའུ་མིག་ཉིད་འགུལ་བསྐྱོད་རྣམ་པའི་རིས་མཚོན་བརྒྱུད་ལས་ཀའི་རེའུ་མིག་གཞི་གྲངས་མངོན་ཐུབ་པ་དང་འགུལ་བསྐྱོད་རྣམ་པའི་རིས་མཚོན་ནི་གཞི་གྲངས་བཟོ་བཅོས་དང་སྦྲགས་རང་འགུལ་གྱི་གསར་བཟོས་ཐུབ།

Microsoft ཡིག་ཆ་ཁ་ཕྱེ་བ་དང་ཉར་ཚགས་བྱེད་པ།

LibreOffice འཚག་འདེམས་བེད་སྤྱད་ནས་ Excel ཡིག་ཆ་བརྗེ་བསྒྱུར་དང་ཡང་ན་རིགས་མང་བའི་རྣམ་གཞག་གཞན་གྱི་ཐོག་ནས་ཡིག་ཆ་ཁ་ཕྱེ་བ་དང་ཉར་ཚགས་བྱ་ཐུབ།

Please support us!