ལས་ཁྲའི་ནང་ཕྱི་རོལ་གཞི་གྲངས་བསྒར་འཛུད་(WebQuery)

སྤྱད་ནས་དྲ་ཤོག་བཤེར་འཚོལ་(LibreOffice གློག་རྡུལ་རེའུ་མིག་)འདྲེན་འཇུག་འཚག་ཆས་སྤྱད་ནས་ HTML ཡིག་ཚགས་ནང་གི་རེའུ་མིག་དེ་གློག་རྡུལ་རེའུ་མིག་ནང་བསྒར་འཛུད་ཆོག

ཁྱེད་ཀྱིས་མཚུངས་པའི་ཐབས་ཤེས་སྤྱད་ནས་ལས་ཁྲའམ་ Microsoft Excel ནང་མིང་གིས་མཚན་འཇོག་བྱས་པའི་ས་ཁོངས་བསྒར་འཛུད་བྱེད།

གཤམ་གྱི་བསྒར་འཛུད་ཐབས་འགའ་ཡོད།

གླེང་སྒྲོམ་བརྒྱུད་བསྒར་འཛུད།

  1. དྲ་མིག་འོད་རྟགས་དེ་ནང་དོན་གསར་པ་བསྒར་འཛུད་བྱེད་སར་སྤོ་བ།

  2. Choose Sheet - Link to External Data. This opens the External Data dialog.

  3. HTML ཡིག་ཚགས་ཀྱི་ URL འམ་གློག་རྡུལ་རེའུ་མིག་གྱི་མིང་ནང་འཇུག་བྱས་གྲུབ་རྗེས་ Enter མཐེབ་གནོན། ... མཐེབ་རྐྱང་རྡེབ་བྱས་ན་ཡིག་ཆ་འདེམས་པའི་གླེང་སྒྲོམ་ཁ་ཕྱེ།

  4. གླེང་སྒྲོམ་གྱི་རེའུ་འགོད་སྒྲོམ་ཆེ་བའི་ནང་བསྒར་འཛུད་བྱ་རྒྱུའི་མིང་བཏགས་ཟིན་པའི་ས་ཁོངས་དང་རེའུ་མིག་འདེམས་པ།

  5. ཁྱེད་ཀྱིས་ད་དུང་ n སྐར་ཆ་རེར་ས་ཁོངས་སམ་ལས་ཁྲ་ཐེངས་གཅིག་གསར་བཅོས་བྱས་ཆོག

འདྲེན་འཇུག་འཚག་ཆས་ཀྱིས་རང་འགུལ་གྱིས་དྲ་མིག་ཁོངས་མིང་འདོགས། འཚག་ཆས་ཀྱིས་གང་ལེགས་ཀྱིས་རྣམ་གཞག་སོར་འཇོག་བྱེད་ འོན་ཀྱང་བཪྙན་རིས་ཕབ་འཇུག་མི་བྱེད།

ལག་རོགས་བརྒྱུད་བསྒར་འཛུད།

  1. ཡིག་ཚགས་གཉིས་ཁ་ཕྱེ་རོགས་ ཁྱེད་ཉིད་དེའི་ནང་ཕྱི་རོལ་གཞི་གྲངས་LibreOffice ལས་དེབ་(དམིགས་ཡུལ་ཡིག་ཚགས་)དང་ཕྱི་རོལ་གཞི་གྲངས་ཀྱི་ཡོངས་ཁུངས་ཡིག་ཚགས་(ཁུངས་ཡིག་ཚགས་)བསྒར་འཛུད་བྱེད།

  2. དམིགས་ཡུལ་ཡིག་ཚགས་ནང་ལག་རོགས་ཁ་ཕྱེ་རོགས།

  3. ལག་རོགས་ནང་གཤམ་གྱི་ཚོ་སྒྲིག་སྒྲོམ་ནང་ཁུངས་ཡིག་ཚགས་འདེམས་པ། དེའི་སྐབས་ལག་རོགས་ནི་ཁུངས་ཡིག་ཚགས་ནང་འདུས་པའི་ས་ཁོངས་མིང་དང་གཞི་གྲངས་མཛོད་ས་ཁོངས་ཡང་ན་ལས་ཁྲའི་ནང་མངོན།

  4. In the Navigator select the Insert as link drag mode Icon.

  5. མཁོ་བའི་ཕྱི་རོལ་གཞི་གྲངས་"ལག་རོགས།"ནས་དམིགས་ཡུལ་ཡིག་ཚགས་ནང་འདྲུད་པ།

གལ་ཏེ་ཁྱེད་ཀྱིས་འཚག་འདེམས་ཆས་སྤྱད་ཟིན་ན་དབྱིན་ཐ་དྲ་ཤོག་བཤེར་འཚོལ་གྱིས་ HTML ཡིག་ཚགས་གཅིག་ཁུངས་ཡིག་ཚགས་ལ་རྩི་ནས་བཅུག་ན་ ལག་རོགས་ནང་རེའུ་མིག་འདི་རྣམས་མཐོང་ཐུབ་ དེ་ཚོ་ "HTML_table1" ནས་སྦྲེལ་ནས་མིང་འདོགས་ ད་དུང་གསར་འཛུགས་ས་ཁོངས་མིང་གཉིས་ཡོད།

རྩོམ་སྒྲིག་ཕྱི་རོལ་གཞི་གྲངས།

Please support us!