སྤྱི་འགྲོས་ཞིབ་གཙིགས་གཏན་འབེབས།

བཀའ་ཚིག་དེ་ལས་སྤྱི་འགྲོས་ཞིབ་འབེབས་ལ་སྤྱོད། སྤྱི་འགྲོས་ཞིབ་འབེབས་བྱེད་ནུས་བེད་སྤྱོད་ཀྱིས་ལས་དེབ་ནང་མིག་སྔའི་སྤྱི་འགྲོས་དྲ་མིག་དང་དྲ་མིག་གཞན་དག་བར་གྱི་འབྲེལ་བ་རྗེས་འདེད་བྱས་ཆོག

བཀའ་ཚིག་ལ་བཅར་འདྲི་...

Choose Tools - Detective.


མཚན་འཇོག་རྗེས་འདེད་རྗེས་ གལ་ཏེ་ཙིག་རྟགས་འོད་རྟགས་རྗེས་འདེད་དེར་གཏོད་ན་འོད་རྟགས་ཀྱི་བཟོ་དབྱིབས་འགྱུར་འགྲོ། རྗེས་འདེད་དེར་ཆ་རྡེབ་བྱས་ན་རྗེས་འདེད་མཇུག་སྣེའི་འདྲེན་སྤྱོད་ཀྱི་དྲ་མིག་འདེམས་རུང་།

འདྲེན་སྤྱོད་དྲ་མིག་རྗེས་འདེད།

བྱེད་ནུས་དེ་སྤྱི་འགྲོས་འདུས་པའི་མིག་སྔའི་དྲ་མིག་དང་སྤྱི་འགྲོས་དེས་སྤྱད་པའི་དྲ་མིག་བར་གྱི་འབྲེལ་བ་མངོན་པར་བྱེད།

འདྲེན་སྤྱོད་དྲ་མིག་རྗེས་འདེད་མདའ་རྩེ་རྩིས་མེད།

སུབ་པ་བརྒྱུད་པ་[འདྲེན་སྤྱོད་དྲ་མིག་རྗེས་འདེད།]བསྒར་འཛུད་ཀྱི་རིམ་པ་ཞིག་མདའ་རྩེ་རྗེས་འདེད་ལ་བཀའ་ཕབ་པ།

ཁོངས་གཏོགས་དྲ་མིག་རྗེས་འདེད།

མིག་སྔའི་དྲ་མིག་ནང་གི་ཐང་ལ་རག་ལས་པའི་སྤྱི་འགྲོས་བེད་སྤྱོད་བྱེད་ མིག་སྔའི་དྲ་མིག་ལ་རྗེས་འདེད་མདའ་རྩེ་འགོད་བྲིས་བྱེད།

ཁོངས་གཏོགས་དྲ་མིག་རྗེས་འདེད་མདའ་རྩེ་རྩིས་མེད།

[ཁོངས་གཏོགས་དྲ་མིག་རྗེས་འདེད།]ནས་བསྒར་འཛད་བྱས་པའི་རྗེས་འདེད་མདའ་རྩེའི་རིམ་པ་ཞིག་སུབ་པ།

རྗེས་འདེད་མདའ་རྩེ་ཡོད་ཚད་སུབ་པ།

ལས་དེབ་ཀྱི་རྗེས་འདེད་མདའ་རྩེ་ཡོད་ཚད་སུབ་པ།

རྗེས་འདེད་ནོར་འཁྲུལ།

བདམས་པའི་དྲ་མིག་ནང་ནོར་འཁྲུལ་ཐང་ཐོན་པའི་འདྲེན་སྤྱོད་དྲ་མིག་ཡོད་ཚད་ལ་རྗེས་འདེད་མདའ་རྩེ་འགོད་བྲིས་བྱེད།

ནུས་མེད་གཞི་གྲངས་སྒོར་འགྲེལ།

ལས་ཁྲའི་ནང་ནུས་ལྡན་རང་བཞིན་གྱི་སྒྲིག་སྲོལ་དང་མིང་འཚམས་པའི་གྲངས་ཐང་འདུས་པའི་དྲ་མིག་ཡོད་ཚད་ལ་བྲིས་རྟགས་འགོད།

རྗེས་འདེད་མདའ་རྩེ་ལག་སྒུལ་གསར་བརྗེས།

ལས་ཁྲའི་ནང་གི་རྗེས་འདེད་མདའ་རྩེ་ཡོད་ཚད་བསྐྱར་དུ་འགོད་བྲིས་བྱེད། རྗེས་འདེད་མདའ་རྩེ་བསྐྱར་དུ་འགོད་བྲིས་བྱ་སྐབས་བཟོ་བཅོས་བྱས་ཟིན་པའི་སྤྱི་འགྲོས་ལ་བསམ་གཞིགས་བྱེད།

རང་འགུལ་རྗེས་འདེད་མདའ་རྩེ་གསར་བརྗེས།

སྤྱི་འགྲོས་བཟོ་བཅོས་སྐབས་ལས་ཁྲའི་ནང་གི་རྗེས་འདེད་མདའ་རྩེ་ཡོད་ཚད་རང་འགུལ་གསར་བརྗེས་བྱེད།

སྤྱི་འགྲོས་ཞིབ་འབེབས་མ་ཚུལ།

གསོན་སློང་སྤྱི་འགྲོས་ཞིབ་འབེབས་མ་ཚུལ། ཙིག་རྟགས་སྟོན་མདའ་རིས་རྟགས་དམིགས་བསལ་ཞིག་ལ་འགྱུར་ མ་ཟད་ཁྱེད་ཀྱིས་དྲ་མིག་གང་རུང་ལ་རྐྱང་རྡེབ་ཀྱིས་འདྲེན་སྤྱོད་དྲ་མིག་ལ་རྗེས་འདེད་བྱེད་པ་ལྟ་ཞིབ་བྱ་ཐུབ། མ་ཚུལ་འདི་ལས་ཕྱིར་ཐོན་དགོས་ན་ Escape མཐེབ་གནོན་པའམ་གཡས་མཐེབ་ཚལ་ཐོའི་ནང་གི་[སྤྱི་འགྲོས་ཞིབ་འབེབས་མ་ཚུལ་མཇུག་སྒྲིལ།]བཀའ་ཚིག་ལ་རྐྱང་རྡེབ་བྱ།

Please support us!