Const Statement

ཡིག་རྟགས་ཕྲེང་བ་དེ་རྒྱུན་གྲངས་མཚན་འཇོག་བྱས།

བརྡ་འཕྲོད་


Const Text = Expression

ཁུགས་གྲངས་

Text ཚད་གཞི་འགྱུར་ཚད་མིང་བཏགས་ཚད་ལྡན་དང་འཚམས་པའི་རྒྱུན་གྲངས་གང་རུང་གི་མིང་།

རྒྱུན་གྲངས་ཀྱིས་བྱ་རིམ་ཀློག་རུང་རང་བཞིན་གྱི་འགྱུར་ཚད་མཐོ་རུ་གཏོང་བར་ཕན་པ་ཡོད་པ་ཞིག་ཡིན་ འོན་ཀྱང་དོན་དངོས་ཐོག་དེ་འགྱུར་ཚད་མ་ཡིན་ཞིང་ཚབ་ཨང་ནང་སྤྱད་པའི་ཀུན་འཕྲོད་རྟགས་ཡིན། རྒྱུན་གྲངས་མཚན་འཇོག་བྱད་པ་ཙམ་གྱིས་བསྐྱར་དུ་བཟོ་བཅོས་བྱ་ཐབས་མེད། གཤམ་གསལ་རྗོད་པ་སྤྱད་ནས་རྒྱུན་གྲངས་མཚན་འཇོག་བྱས་ཆོག་

CONST ConstName=Expression

དེ་ཁྲོད་ཀྱི་མཚོན་ཚུལ་ནི་རིགས་གང་རུང་ཡིན་ཆོག། གལ་ཏེ་བྱ་རིམ་སྒུལ་སློང་བྱས་ཟིན་ན་ LibreOffice ཧུང་གིས་ནང་ཁུལ་དུ་བྱ་རིམ་ཚབ་ཨང་བརྗེ་བསྒྱུར་བྱེད་ དེར་བརྟེན་རྒྱུན་གྲངས་བེད་སྤྱོད་བྱེད་ཐེངས་རེའི་སྐབས་ཚང་མར་མཚན་འཇོག་བྱས་པའི་མཚོན་ཚུལ་སྤྱད་ནས་རྒྱུན་གྲངས་དེ་ཚབ་བརྗེ་བྱེད།

དཔེ་གཞི་


Sub ExampleConst
    Const iVar = 1964
    MsgBox iVar
    Const sVar = "Program", dVar As Double = 1.00
    MsgBox sVar & " " & dVar
End Sub

Please support us!