མ་པང་དང་བཟོ་ལྟ་
མ་པང་ནི་དམིགས་འཛུགས་རྣམ་གཞག་བཟོ་ལྟ་ རིས་དབྱིབས་ རེའུ་མིག་ བྱ་ཡུལ་དང་གཞན་པའི་ཆ་འཕྲིན་ཡིག་ཚགས་ལྡན་པ་ཞིག་རེད་ དེ་ནི་ཡིག་ཚགས་གཞན་པ་གསར་འཛུགས་བྱེད་པའི་རྨང་གཞི་ཡིན། དཔེར་ན་ ཁྱེད་ཀྱིས་ཡིག་ཚགས་ནང་གི་དུམ་བུ་དང་བཟོ་ལྟར་མཚན་འཇོག་བྱེད་པ་མ་ཟད་ཡིག་ཚགས་མ་པང་ལ་ཉར་ཚགས་བྱེད་ དེ་རྗེས་ཁྱེད་ཀྱིས་མ་པང་འདི་སྤྱད་རྗེས་བཟོ་ལྟ་གཅིག་མཚུངས་ལྡན་པའི་ཡིག་ཚགས་གསར་པ་གསར་འཛུགས་བྱེད།
ཁྱེད་ཀྱིས་ཆེད་མངགས་གཏན་འཁེལ་བྱས་པ་མ་གཏོགས་ དེ་མིན་ LibreOffice ཡི་གེ་ལས་སྣོན་ཡིག་ཚགས་ཚང་མ་"ཁས་ལེན་"མ་པང་གཞིར་བྱེད།
LibreOffice སྔོན་མཚན་འཇོག་མ་པང་ འབོར་ཆེན་ལྡན་ཡོད་ མ་པང་འདི་དག་སྤྱད་ན་རིགས་སྣ་ཚོགས་སམ་ཡིག་དེབ་ཀྱི་ཡིག་ཚགས་གསར་འཛུགས་བྱེད་ཆོག་ དཔེར་ན་ཚོང་དོན་འཕྲིན་ཡིན།