གནས་ངེས་བྱ་ཡུལ་

བྲིས་རྟགས་སྤྱད་དེ་ཡིག་ཚགས་ནང་བྱ་ཡུལ་དང་རིས་རྟགས་སམ་སྒྲོམ་གནས་ངེས་བྱེད། ཡིག་ཚགས་བཟོ་བཅོས་བྱེད་དུས་འཆིང་བརྒྱབ་པའི་རྣམ་གྲངས་ཀྱིས་ལྟོས་བཅས་ངང་སྤོ་འགུལ་བྱེད་ ཡང་ན་སྔོན་གྱི་གནས་སར་འཆིང་རྒྱག གཤམ་དུ་སྤྱོད་ཆོག་པའི་འཆིང་རྒྱག་འདེམས་གཞི་སྤྱད་ཆོག་

འཆིང་བརྒྱབ་

བྱེད་ནུས་གསལ་བཤད་

ཡིག་རྟགས་ལ་བརྩི་བ་

འདེམས་ངེས་ཀྱི་རྣམ་གྲངས་ཡིག་རྟགས་ལ་བརྩིས་ནས་མིག་སྔའི་ཡི་གེའི་ནང་འཆིང་བརྒྱབ། གལ་ཏེ་འདེམས་གཞིའི་རྣམ་གྲངས་ཀྱི་མཐོ་ཚད་ནི་མིག་སྔའི་ཡིག་གཟུགས་ཀྱི་ཆེ་ཆུང་ལས་ཆེ་ན་ རྣམ་གྲངས་འདི་གནས་སའི་ཕྲེང་གི་མཐོ་ཚད་འཕར་སྣོན་བྱེད།

བཪྙན་རིས་བེད་སྤྱོད་ནས་ HTML ཤོག་ངོས་སྟེང་དཀྱིལ་བསྡུ་བྱེད་ན་དེ་ "ཡིག་རྟགས་ལ་བརྩི་བར་"འཆིང་རྒྱག་པ་དང་ དེ་རྗེས་དུམ་མཚམས་དཀྱིལ་བསྡུ་བྱེད།

ཡིག་རྟགས་སྟེང་དུ་

འདེམས་ངེས་ཀྱི་རྣམ་གྲངས་ཡིག་རྟགས་ལ་འཆིང་རྒྱག་པ།

དུམ་བུའི་སྟེང་

འདེམས་ངེས་ཀྱི་རྣམ་གྲངས་ནི་མིག་སྔའི་ཡིག་དུམ་ལ་འཆིང་བརྒྱབ་པ།

ཤོག་ངོས་སྟེང་

འདེམས་ངེས་ཀྱི་རྣམ་གྲངས་ནི་མིག་སྔའི་ཤོག་ངོས་སྟེང་འཆིང་བརྒྱབ་པ།

སྒྲོམ་ནང་དུ་

འདེམས་ངེས་རྣམ་གྲངས་ནི་མཐའ་འཁོར་གྱི་སྒྲོམ་གཞིར་འཆིང་བརྒྱབ་པ།


བྱ་ཡུལ་དང་པར་རིས་སྒྲོམ་གཞི་བསྒར་འཛུད་བྱེད་དུས་ འཆིང་བརྒྱབ་པའི་རིས་རྟགས་རྣམ་གྲངས་ཀྱི་འཆིང་བརྒྱབ་པའི་གནས་སར་མངོན། འཆིང་བརྒྱབ་པའི་རྣམ་གྲངས་བརྒྱུད་ནས་གནས་ས་གཞན་པར་འདྲུད་ནས་རྣམ་གྲངས་འདི་གནས་ངེས་བྱེད། རྣམ་གྲངས་ཀྱི་འཆིངས་བརྒྱབ་པའི་འདེམས་གཞིར་བཟོ་བཅོས་བྱེད་ན་ རྣམ་གྲངས་དེའི་སྟེང་ཙིག་རྟགས་གཡས་མཐེབ་ཀྱིས་རྐྱང་རྡེབ་བྱ་ དེ་རྗེས་འཆིང་བརྒྱབ་ཡན་ལག་ཚལ་ཐོའི་ནང་འདེམས་གཞི་འདེམས་དགོས།

Please support us!