བཤེར་འདྲེན་དཀར་ཆག་
"བཤེར་འདྲེན་དཀར་ཆག་"འདེམས་ནས་དཀར་ཆག་རིགས་ལ་རྩི་བའི་སྐབས་གཤམ་གསལ་འདེམས་གཞི་ཁ་བེད་སྤྱོད་ཆས་ཆོག།
འདེམས་གཞི།
གཅིག་མཚུངས་ཀྱི་གཤར་བྱང་ཟླ་དྲིལ་བ།
གཤར་བྱང་རྐྱང་པ་བཀོལ་ནས་གཅིག་མཚུངས་ཀྱི་དཀར་ཆག་གཤར་བྱང་ཚབ་བརྗེ་བྱེད་ཅིང་ གཤར་བྱང་རྐྱང་པ་དེས་ཡིག་ཚགས་ནང་ཐོན་པའི་ཤོག་ཨང་གཤར་བྱང་བསྒྲིགས་ཡོད་དེ།དཔེར་ན་ གཤར་བྱང་"མཐོང་རིས་ 10、མཐོང་རིས་ 43"ཟླ་དྲིལ་བ་"མཐོང་རིས་ 10、43"
ཟླ་དྲིལ་ f ཡང་ན་ ff ཡི་གཤར་བྱང་ཁྲོད་པ།
གཤར་བྱང་རྐྱང་པ་ཚབ་བརྗེ་བྱས་ནས་ཐོག་པའི་ཤོག་ལྷེ་གཅིག་གམ་ཤོག་ལྷེ་མདུད་མའི་ཐོག་གི་དཀར་ཆག་གཤར་བྱང་མཚུངས་པ་སྤྱོད་ཅིང་ གཤར་བྱང་རྐྱང་པ་དེ་ཐེངས་དང་པོའི་གཤར་བྱང་དེའི་ཤོག་ཨང་སྒྲིག་པ་མ་ཟད་ "f"ཡང་ན་"ff"ཁྲོད་ཡོད་དེ།དཔེར་ན་ གཤར་བྱང་"མཐོང་རིས་ 10、མཐོང་རིས་ 11、མཐོང་རིས་ 12"ཟླ་དྲིལ་བ་"མཐོང་རིས་ 10ff" "མཐོང་རིས་ 10、མཐོང་རིས་ 10"ཟླ་དྲིལ་བ་"མཐོང་རིས་ 10f"
སྤྱོད་པ་ - ཟླ་དྲིལ།
གཤར་བྱང་རྐྱང་པ་ཚབ་བརྗེ་བྱས་ནས་ཐོག་པའི་ཤོག་ལྷེ་མདུད་མའི་ཐོག་གི་དཀར་ཆག་གཤར་བྱང་མཚུངས་པ་སྤྱོད་ཅིང་ གཤར་བྱང་ཐོན་པའི་ཤོག་ཨང་ཁྱབ་ཁོངས་ཁྲོད་ཡོད་དགོས། དཔེར་ན་ གཤར་བྱང་"མཐོང་རིས་ 10 མཐོང་རིས་ 11 མཐོང་རིས་ 12"ཟླ་དྲིལ་བ་"མཐོང་རིས་ 10-12"
ཡིག་འབྲུའི་ཆེ་བྲིས་ཆུང་བྲིས་ཀྱིས་ཁྱད་པར་ཕྱེ་བ།
གཅིག་མཚུངས་ཀྱི་དཀར་ཆག་རྣམ་གྲངས་ནང་ཡིག་ཆེ་ཆུང་དབྱེ་འབྱེད་བྱེདདགོས།ཡ་གླིང་སྐད་བརྡའི་ཐད་དམིགས་གསལ་ལས་སྣོན་འགའ་ཞིག་བྱེད་པ་མཁོ་བས།གལ་ཏེ་ཡིག་ཚགས་ནང་ཐོག་མར་ཐོན་པའི་་གཤར་བྱང་ལ་གཞིགས་ཏེ་གཤར་བྱང་གི་ཡིག་ཆེན་ཡིག་ཆུང་གཏན་འཁེལ་བྱེད་དགོས་ན་"གཅིག་མཚུངས་ཀྱི་གཤར་བྱང་ཟླ་དྲིལ་བ་"བསྐྱར་འདེམས་སྒྲོམ་གནང་དགོས།
ཡ་གླིང་སྐད་བརྡ་ལ་རིམ་མང་གོ་སྒྲིག་བྱེད་དགོས་ན་ "ཡིག་འབྲུའི་ཆེ་བྲིས་ཆུང་བྲིས་ཀྱིས་ཁྱད་པར་ཕྱེ་བ་"བསྐྱར་འདེམས་སྒྲོམ་འདེམས་དགོས།རིམ་མང་གོ་རིམ་སྒྲིབ་ནང་ གཤར་བྱང་གི་ཡིག་ཆེན་ཡིག་ཆུང་དང་སྒྲ་གདངས་རྟགས་སྣང་མེད་བྱེད་སྲིད་ལ་ གཤར་བྱང་གི་གཞི་རྩའི་རྣམ་པ་གཤིབ་བསྡུར་བྱེད་ཀྱི་ཡིན་གལ་སྲིད་རྣམ་པ་མཚུངས་ན་ སྒྲ་གདངས་རྟགས་གཤིབ་བསྡུར་བྱེད་པ་དང་གལ་སྲིད་རྣམ་པ་སྔར་བཞིན་གཅིག་མཚུངས་ཡིན་ན་ ཡིག་ཆེན་ཡིག་ཆུང་དང་ཡིག་རྟགས་ཀྱི་ཞེང་ཚད་འཇར་ཡིག་དབྱངས་གསལ་གྱི་ཁྱད་པར་གཤིབ་བསྡུར་བྱེད་ཀྱིས་ཡོད།
རང་འགུལ་གྱི་ཡིག་ཆེན་གཤར་བྱང་དུ་བརྗེ་སྒྱུར་བྱེད།
རང་འགུལ་ཡིག་ཆེན་གྱི་དཀར་ཆག་གཤར་བྱང་གི་ཡིག་འབྲུ་ཨང་དང་པོ།
མཐེབ་ཨང་དེ་ཁེར་རྐྱང་གི་གཤར་བྱང་དུ་རྩིས་པ།
དཀར་ཆག་འགག་གནད་ཚིག་དེ་ཁེར་རྐྱང་གི་དཀར་ཆག་གཤར་བྱང་བསྒརའཛུད་བྱེད།དཀར་ཆག་འགག་གནད་ཚིག་དེ་ཁེར་རྐྱང་གི་དཀར་ཆག་གཤར་བྱང་བསྒརའཛུད་བྱེད་ དང་འགག་གནད་ཚིག་ཡི་གེའི་གཤར་བྱང་གཏན་འཁེལ་བྱས་པ་དེ་ནང་སྒུམ་གྱི་ཡན་ལག་གཤར་བྱང་དུ་རྩིས་པ་རེད།
དཀར་ཆག་གི་འགག་གནད་ཚིག་ལ་མཚན་འཇོག་བྱེད་དགོས་ན་ "བསྒརའཛུད་དཀར་ཆག་གཤར་བྱང་"གླིང་སྒྲོམ་ནང་འདེམས་དགོས།
ཡིག་ཆ་ནས་གཤར་བྱང་ཕྱོགས་བསྒྲིགས་བྱེད་པ།
བེད་སྤྱོད་དཀར་ཆག་ཡིག་ཆ་(དཀར་ཆག་ནང་ཚུད་དགོས་པའི་ཡིག་ཚིག་རེའུ་འགོད་)དཀར་ཆག་གཤར་བྱང་རང་འགུལ་གྱིས་བྲིས་རྟགས་བྱེད་པ་བེད་སྤྱོད་པ།
ཡིག་ཆ།
དཀར་ཆག་ཡིག་ཆ་འདེམས་པ་དང་གསར་འཛུགས་རྩོམ་སྒྲིག་བྱེད།
རིམ་སྒྲིག
དཀར་ཆག་གཤར་བྱང་ཀྱི་སྒྲིག་བཀོལ་བའི་འདེམས་གཞི་བཀོད་སྒྲིག་བྱེད་པ།
སྐད་བརྡ།
དཀར་ཆག་གཤར་བྱང་རིམ་སྒྲིག་གི་སྐད་བརྡའི་ལམ་སྲོལ་བཀོལ་བའི་འདེམས་དགོས།
གནད་ཆེའི་རིགས།
གལ་ཏེ་གྲངས་ཐང་གཞིར་བཟུང་ནས་ཨང་བྲིས་ལ་གོ་རིམ་སྒྲིག་བསམ་ན་(དཔེར་ན་ 1、2、12) ཨང་ཀི་གདམ་གནང་དགོས།གལ་ཏེ་ཡིག་རྟགས་ཚབ་ཨང་གཞིར་བཟུང་ནས་ཨང་བྲིས་ལ་གོ་རིམ་སྒྲིག་བསལ་ནང་(དཔེར་ན་ 1、12、2) ཡིག་འབྲུའི་ཨང་གི་གདམ་ནང་དགོས།