ཁྱོག་ཐིག་བྱ་ཡུལ་ཚང་

ཁྱེད་ཀྱིས་མཐའ་མང་དབྱིབས་བྱ་ཡུལ་ཞིག་འདེམས་པ་དང་སྦྲགས་"རྩེ་ཚེག་རྩོམ་སྒྲིག་"བྱ་སྐབས་[ཁྱོག་ཐིག་བྱ་ཡུལ་ཚང་]མངོན་པར་འགྱུར།

ཡོ་བྱད་ཚང་འདི་མཁོ་འདོན་བྱས་པའི་བྱེད་ནུས་སྤྱད་དེ་ཁྱེད་ཀྱིས་འཁྱོག་ཐིག་རྩོམ་སྒྲིག་བྱ་ཐུབ་པའམ་འཁྱོག་ཐིག་གི་བྱ་ཡུལ་སྟེང་གི་རྩེ་ཚེག་ལ་བརྗེ་བསྒྱུར་བྱ། གཤམ་གསལ་རིས་རྟགས་བེད་སྤྱོད་ཆོག

རྩེ་ཚེག་རྩོམ་སྒྲིག

"རྩེ་ཚེག་རྩོམ་སྒྲིག་"རིས་རྟགས་སྤྱད་ནས་ཁྱོག་གཟུགས་བྱ་ཡུལ་རྩོམ་སྒྲིག་མ་ཚུལ་ཁ་ཕྱེ་བའམ་ཁ་རྒྱག་པ། གལ་ཏེ་ཁྱེད་རང་རྩོམ་སྒྲིབ་མ་ཚུལ་ནང་གནས་ན་རིས་འགོད་བྱ་ཡུལ་གྱི་རྩེ་ཚེག་ཁག་འདེམས་ཆོག

རིས་རྟགས་

རྩེ་ཚེག་རྩོམ་སྒྲིག

སྤོ་སྒུལ་རྩེ་ཚེག

མཐུད་ཚེག་སྤོ་སྒུལ་བྱ་ཐུབ་པའི་མ་ཚུལ་སྒུལ་སློང་བྱེད། ཙིག་རྟགས་སྟོན་མདའ་མཐུད་ཚེག་སྟེང་སྡོད་པའི་སྐབས་སྟོན་མདའི་འགྲམ་དུ་སྟོང་ཆར་གྱུར་པའི་གྲུ་བཞི་ཆུང་ཆུང་ཞིག་མངོན་པར་འགྱུར། མཐུད་ཚེག་གནས་ས་གཞན་དུ་དྲུད་པ་དང་མཐུད་ཚེག་གཞེགས་གཉིས་ཀྱི་འཁྱོག་ཐིག་ཀྱང་དེ་དང་མཉམ་དུ་སྤོ་སྒུལ་བྱེད། དེ་ནས་གྲལ་མཚོན་མཐུད་ཚེག་བར་དུ་འཁྱོག་ཐིག་བཟོ་ལྟར་འགྱུར་བ་འགྲོ།

གལ་ཏེ་ཙིག་རྟགས་དེ་མཐུད་ཚེག་གཉིས་དབར་གྱི་འཁྱོག་ཐིག་དུམ་བུའམ་ངོས་སྙོམ་ནང་གི་ཁ་ཟུམ་འཁྱོག་ཐིག་ལ་གཏད་པ་དང་དེ་རྗེས་ཙིག་རྟགས་མཐེབ་གནོན་འཛིན་གྱིས་དྲུད་སྒུལ་བྱས་ན་ཁོག་ཐིག་ཧྲིལ་པོ་སྤོ་སྒུལ་གྱིས་གཟུགས་མི་འགྱུར།

རིས་རྟགས་

སྤོ་སྒུལ་རྩེ་ཚེག

རྩེ་ཚེག་གསབ་སྣོན།

བསྒར་འཛུད་མ་ཚུལ་སྒུལ་སློང་བྱེད། མ་ཚུལ་དེའི་ནང་མཐུད་ཚེག་བསྒར་འཛུད་བྱ་ཐུབ། ད་དུང་སྤོ་སྒུལ་མ་ཚུལ་ནང་དང་འདྲ་བར་མཐུད་ཚེག་སྤོ་སྒུལ་བྱ་ཐུབ། འོན་ཏེ་ གལ་སྲིད་མཐུད་ཚེག་གཉིས་བར་དུ་འཁྱོག་ཐིག་སྟེང་རྐྱང་རྡེབ་བྱས་པ་དང་སྦྲགས་ཙིག་རྟགས་མཐེབ་གནོན་འཛིན་གྱིས་ཙིག་རྟགས་འཇམ་པོར་སྤོ་སྒུལ་བྱས་པས་མཐུད་ཚེག་གསར་པ་ཞིག་བསྒར་འཛུད་བྱེད་ ཚེག་དེ་ནི་སྙོམ་འདྲེད་ཀྱི་ཚེག་གཅིག་ཡིན་ ཚོད་འཛིན་ཚེག་ལ་སླེབས་པའི་ཐིག་སྐུད་ནི་མཉམ་བགྲོད་ཡིན་ཞིང་ མ་ཟད་སྤོ་སྒུལ་བྱས་རྗེས་སྔར་བཞིན་མཉམ་བགྲོད་རྒྱུན་མཐུད་བྱས་ཡོད།

གལ་ཏེ་ཁྱེད་ཀྱིས་ཟུར་ཚེག་ཅིག་གསར་འཛུགས་བྱ་དགོས་ན་ཐོག་མར་ངེས་པར་དུ་སྙོམ་འདྲེད་དམ་ཆ་འགྲིག་གི་ཚེག་གཅིག་བསྒར་འཛུད་བྱ་དགོས་ དེ་རྗེས་ཟུར་ཚེག་བཀོད་སྒྲིག་རིས་རྟགས་སྤྱད་ནས་དེ་ཟུར་ཚེག་ལ་བརྗེ་བསྒྱུར་བྱེད།

རིས་རྟགས་

རྩེ་ཚེག་གསབ་སྣོན།

རྩེ་ཚེག་སུབ་པ།

མཐུད་ཚེག་སུབ་པའི་རིས་རྟགས་བེད་སྤྱད་ན་བདམས་པའི་ཚེག་གཅིག་གམ་མང་པོ་སུབ་ཐུབ། གལ་ཏེ་ཚེག་མང་པོ་འདེམས་འདོད་ན་ Shift མཐེབ་གནོན་འཛིན་དང་སྦྲགས་ལྟོས་བཅས་ཀྱི་ཚེག་ལ་རྐྱང་རྡེབ་བྱ།

ཐོག་མར་མཐུད་ཚེག་གཅིག་འདེམས་པ་དང་དེ་རྗེས་རིས་རྟགས་དེར་རྐྱང་རྡེབ་བྱ། ད་དུང་ Del མཐེབ་གནོན་ནས་མཐུད་ཚེག་སུབ་ཐུ།

རིས་རྟགས་

རྩེ་ཚེག་སུབ་པ།

ཁྱོག་ཐིག་གཅོད་པ།

ཕྲལ་གཅོད་འཁྱོག་ཐིག་རིས་རྟགས་སྤྱད་ན་འཁྱོག་ཐིག་ཕྲལ་གཅོད་བྱ་ཐུབ། ཚེག་གཅིག་གམ་མང་པོ་འདེམས་པ་དང་དེ་རྗེས་རིས་རྟགས་དེར་རྐྱལ་རྡེབ་བྱས་ན་འཁྱོག་ཐིག་བདམས་པའམ་ཚེག་ས་ནས་ཕྲལ་གཅོད་བྱེད།

རིས་རྟགས་

ཁྱོག་ཐིག་གཅོད་པ།

ཁྱོག་ཐིག་ལ་འགྱུར།

ཁྱོག་ཐིག་དེ་དྲང་ཐིག་ལ་བསྒྱུར་བའམ་དྲང་ཐིག་དེ་འཁྱོག་ཐིག་ལ་བརྗེ་བསྒྱུར་བྱ།གལ་ཏེ་ཚེག་ཅིག་འདེམས་ན་ཚེག་དེའི་མདུན་གྱི་འཁྱོག་ཐིག་བརྗེ་བསྒྱུར་བྱེད། གལ་ཏེ་ཚེག་གཉིས་འདེམས་ན་ཚེག་གཉིས་བར་གྱི་འཁྱོག་ཐིག་ལ་བརྗེ་བསྒྱུར་བྱེད། གལ་ཏེ་ཚེག་གཉིས་ཡན་འདེམས་ན་རིས་རྟགས་ལ་རྐྱང་རྡེབ་བྱ་ཐེངས་རེར་འཁྱོག་ཐིག་གི་ཆ་ཤས་ཤིག་ལ་བརྗེ་བསྒྱུར་བྱེད། དགོས་པ་ཡོད་ན་སྒོར་འདྲེད་ཀྱི་མཐུད་ཚེག་དེ་ཟུར་ཚེག་ལ་བསྒྱུར་བ་དང་ཡང་ན་ཟུར་ཚེག་དེ་སྒོར་འདྲེད་ཀྱི་མཐུད་ཚེག་ལ་བརྗེ་བསྒྱུར་བྱེད།

གལ་ཏེ་འཁྱོག་ཐིག་ནང་གི་ཆ་ཤས་འགའ་ནི་དྲང་ཐིག་དུམ་བུ་ཡིན་ན་དྲང་ཐིག་དུམ་བུ་དེའི་རྩེ་ཚེག་སོ་སོར་མང་ཤོས་ལ་ཚོད་འཛིན་ཚེག་གཅིག་ཡོད་ ཁྱེད་ཀྱིས་ཕལ་ཆེར་སྒོར་འདྲེད་མཐུད་ཚེག་བཟོ་མི་ཐུབ་ རྒྱུ་རྐྱེན་ནི་སྔོན་ལ་དྲང་ཐིག་དེ་བསྐྱར་དུ་འཁྱོག་ཐིག་ལ་བརྗེ་བསྒྱུར་བྱ་དགོས་སོ།

རིས་རྟགས་

ཁྱོག་ཐིག་ལ་འགྱུར།

ཟུར་ངོས་རྩེ་ཚེག

བདམས་པའི་ཚེག་གཅིག་གམ་མང་པོ་ཟུར་ཚེག་ལ་བསྒྱུར།ཟུར་ཚེག་ལ་སྤོ་སྒུལ་རུང་བའི་ཚོད་འཛིན་གཉིས་ཡོད་ ཁོང་ཚོ་ཕན་ཚུན་རང་ཚུགས་སུ་གནས། དེར་བརྟེན་འཁྱོག་ཐིག་གིས་འདྲེད་པོར་ཟུར་ཚེག་དཀྱིལ་བཤགས་མི་ཐུབ་པར་གྲུ་ཟུར་ཞིག་ཚགས་ཀྱི་ཡོད།

རིས་རྟགས་

ཟུར་ངོས་རྩེ་ཚེག

རྩེ་ཚེག་སྙོམ་འདྲེད།

ཟུར་ཚེག་གམ་ཆ་འགྲིག་ཚེག་སྙོམ་འདྲེད་ཚེག་ལ་བསྒྱུར།ཟུར་ཚེག་གི་ཚོད་ཚེག་གཉིས་མཉམ་བགྲོད་སྙོམ་གཤིབ་བྱེད་པ་དང་སྦྲགས་དུས་མཉམ་དུ་སྤོ་སྒུལ་ཁོ་ན་བྱེད། ཚོད་འཛིན་ཚེག་གི་རིང་ཚད་མི་འདྲ་བ་ཡིན་ཆོག་ དེ་ནས་ཁྱེད་ཀྱིས་ཀྱག་ཀྱོག་ཚད་བསྒྱུར་ཆོག

རིས་རྟགས་

རྩེ་ཚེག་སྙོམ་འདྲེད།

རྩེ་ཚེག་ཆ་འགྲིག

རིས་རྟགས་འདིས་ཟུར་ཚེག་གམ་སྙོམ་འདྲེད་ཚེག་དེ་ཆ་འགྲིག་ཚེག་ལ་བརྗེ་བསྒྱུར་བྱེད།ཟུར་ཚེག་གི་ཚོད་འཛིན་ཚེག་གཉིས་མཉམ་བགྲོད་སྙོམ་གཤིབ་བྱ་ མ་ཟད་རིང་ཚད་མཚུངས། ཚེག་གཉིས་དུས་མཉམ་དུ་སྤོ་སྒུལ་བྱ་ མ་ཟད་ཁ་ཕྱོགས་གཉིས་ཀྱི་ཀྱག་ཀྱོག་ཚད་གཞི་མཚུངས་པའོ།

རིས་རྟགས་

རྩེ་ཚེག་ཆ་འགྲིག

བརྒྱུད་ལམ་ཁ་བརྒྱབ།

ཐིག་སྐུད་དམ་འཁྱོག་ཐིག་ཁ་བརྒྱབ་པ།ཐིག་སྐུད་སྦྲེལ་བའི་ཚེག་མཇུག་ཤོས་དང་ཚེག་དང་པོ་བརྒྱུད་ནས་ཐིག་སྐུད་ཁ་བརྒྱབ། ཁ་བརྒྱབ་པའི་ཐིག་སྐུད་དེ་གྲུ་བཞི་ཁ་གང་མ་ཞིག་གིས་སྟོན་པར་བྱེད།

རིས་རྟགས་

བརྒྱུད་ལམ་ཁ་བརྒྱབ།

རྩེ་ཚེག་ཉུང་དུ་བཏང་།

སུབ་དགོས་པའི་མིག་སྔའི་མཐུད་ཚེག་གམ་བདམས་པའི་མཐུད་ཚེག་ལ་བྲིས་རྟགས་འགོད་པའམ་མཐུད་ཚེག་དེ་དྲང་ཐིག་སྟེང་གནས་པའི་སྐབས་བཀོལ་སྤྱོད་དེ་མངོན་འགྱུར་ཡོང་ཐུབ། གལ་ཏེ་འཁྱོག་ཐིག་ལ་བསྒྱུར་རིས་རྟགས་སྤྱད་ན་འཁྱོག་ཐིག་གམ་མཐའ་མང་དབྱིབས་དེ་དྲང་ཐིག་ལ་འགྱུར་འགྲོ་ ཡང་ན་ཙིག་རྟགས་སྤྱད་ནས་འཁྱོག་ཐིག་བཟོ་བཅོས་བྱས་ཏེ་མཐུད་ཚེག་དེ་སུབ་པར་འགྱུར། ཚེག་གི་ཉུང་འཕྲིའི་ཟུར་ཚད་

རིས་རྟགས་

རྩེ་ཚེག་ཉུང་དུ་བཏང་།

Please support us!