ལས་ཁྲའི་ས་ཁོངས་ནས་ཡི་གེ་ལས་སྣོན་ཡིག་ཚགས་ནང་འདྲ་ཕབ་བྱེད་

  1. ཁྱེད་ཀྱིས་ཡི་གེ་ལས་སྣོན་ཡིག་ཚགས་དང་ལས་དེབ་ཁ་ཕྱེས།

  2. ཁྱེད་ཀྱིས་འདྲ་ཕབ་དགོས་ངེས་ཀྱི་ལས་ཁྲའི་ས་ཁོངས་བདམས།

  3. གལ་ཏེ་བདམས་པའི་ས་ཁོངས་དགོས་ཁོ་ཡོད་ན་ ཁྱེད་ཀྱིས་ཙིག་རྟགས་སྟོན་མདའ་བདམས་པའི་ས་ཁོངས་ནང་འཇོག་པ་དང་ ཙིག་རྟགས་གནོན་མཐེབ་གནོན་འཛིན་པ་མ་ཟད་ཙིག་རྟགས་གནོན་འཛིན་ཐག་ཏེ་དུས་ཚོད་གང་འཚམ་ཞིག་རེ་སྒུག་བྱེད་ དེ་རྗེས་ས་ཁོངས་ཡིག་གེ་ལས་སྣོན་ཡིག་ཚགས་ནང་སྒུལ་བྱེད།

  4. ཡིག་དེབ་འོད་རྟགས་དེ་ལས་ཁྲའི་ས་ཁོངས་བསྒར་འཛུད་དགོས་ངེས་ཀྱི་ས་ཁུལ་དུ་འོད་ཕྲོད་སྐབས་ཁྱེད་ཀྱིས་ཙིག་རྟགས་ལྷོད་དུ་གཏོང། ལས་ཁྲའི་ས་ཁོངས་ནི་ OLE བྱ་ཡུལ་དང་བརྩིས་ཏེ་བསྒར་འཛུད་བྱེད།

  5. ཁྱེད་ཀྱིས་ནམ་ཡང་ OLE བྱ་ཡུལ་བདམས་པ་དང་རྩོམ་སྒྲིག་བྱེད།

  6. OLE བྱ་ཡུལ་འདི་ཆ་རྡེབ་བྱེད་ན་དེ་རྩོམ་སྒྲིག་ཆོག

    ཁྱེད་ཀྱིས་བྱ་ཡུལ་འདེམས་སྐབས་ བཀའ་ཚིག་རྩོམ་སྒྲིག་ - བྱ་ཡུལ་ - རྩོམ་སྒྲིག་སྒུལ་སློང་བྱེད་ ཡང་ན་གཡས་མཐེབ་ཚལ་ཐོའི་ནང་བཀའ་ཚིག་རྩོམ་སྒྲིག་སྒུལ་སློང་བྱེད་བྱ་ཡུལ་འདི་ཡི་གེ་ལས་སྣོན་ཡིག་ཚགས་ནང་རང་གི་སྒྲོམ་ནང་མངོན་ཡིན་འང། ཁྱེད་ཀྱིས་ལས་དེབ་དགོས་ངེས་ཀྱི་རིས་རྟགས་དང་ཚལ་ཐོའི་བཀའ་ཚིག་བཀའ་ཚིག་མཐོང་ཐུབ།

  7. ཁ་ཕྱེ་བ་བརྒྱུད་ཁྱེད་ཀྱིས་ OLE བྱ་ཡུལ་གྱི་ཁུགས་ཡིག་ཚགས་ཁ་ཕྱེ།

LibreOffice ཡིག་ཚགས་ནང་འདྲུད་འཇོག་བྱེད་

ཡིག་ཚགས་དབར་རིས་དབྱིབས་འདྲ་ཕབ་བྱེད་

དྲས་སྦྱར་རི་མོ་མཛོད་ནང་པར་རིས་འདྲ་ཕབ་བྱེད་

པར་རིས་དྲས་སྦྱར་རི་མོ་མཛོད་ནང་གསབ་སྣོན་བྱེད་

Please support us!