Select Database

གཞི་གྲངས་མཛོད་གསར་འཛུགས་སམ་གཞི་གྲངས་མཛོད་ལ་སྦྲེལ་བ།

གཞི་གྲངས་མཛོད་གསར་པ་གསར་འཛུགས།

གཞི་གྲངས་མཛོད་གསར་པ་འདེམས་དགོས། འདེམས་གཞི་འདིས་ཁས་ལེན་བཀོད་སྒྲིག་གི་ HSQL གཞི་གྲངས་མཛོད་འདྲེན་པོ་ལྡན་པོ་སྤྱོད། དེར་མཐུད་དེ་སྣེ་སྟོན་གྱི་མཇུག་མཐའི་ཤོག་ལྷེ་ཐོན་པར་འགྱུར།

External web page about HSQL.

ད་ཡོད་ཀྱི་གཞི་གྲངས་མཛོད་ཡིག་ཆ་ཁ་ཕྱེ་རྒྱུ།

ཉེ་ཆར་བེད་སྤྱོད་པའི་ཡིག་ཆའི་རེའུ་འགོད་འདེམས་པའམ་ཡིག་ཆ་འདེམས་པའི་གླེང་སྒྲོམ་ནང་གཞི་གྲངས་མཛོད་ཡིག་ཆ་ཁ་འབྱེད་རྒྱུ།

ཉེར་ཆར་བེད་སྤྱོད་པ།

ཉེ་ཆར་བེད་སྤྱོད་བྱས་པའི་ཡིག་ཆའི་རེའུ་འགོད་ནང་ཁ་ཕྱེ་རྒྱུའི་གཞི་གྲངས་མཛོད་ཡིག་ཆ་ཁ་ཕྱེ་རྒྱུ་ "ལེགས་གྲུབ་"ལ་རྐྱང་རྡེབ་བྱས་རྗེས་ལམ་སེང་ཡིག་ཆ་ཁ་ཕྱེ་བ་མ་ཟད་སྣེ་སྟོན་ཕྱིར་ཐོན་བྱེད།

ཁ་ཕྱེ།

ཡིག་ཆ་ཁ་ཕྱེ་སྟེ་གླེང་སྒྲོམ་ཁ་ཕྱེ་དགོས་ འདིར་གཞི་གྲངས་མཛོད་ཡིག་ཆ་འདེམས་དགོས། ཡིག་ཆ་འདེམས་པའི་གླེང་སྒྲོམ་ནང་"ཁ་ཕྱེ་"ཡང་ན་"གཏན་འཁེལ་" ལ་རྐྱང་རྡེབ་བྱ་ལམ་སེང་ཡིག་ཆ་ཁ་ཕྱེ་བ་མ་ཟད་སྣེ་སྟོན་ཕྱིར་ཐོན་བྱེད།

ད་ཡོད་ཀྱི་གཞི་གྲངས་མཛོད་ལ་སྦྲེལ་བ།

ད་ཡོས་གཞི་གྲངས་མཛོད་སྦྲེལ་བའི་གཞི་གྲངས་མཛོད་ཡིག་ཆ་གསར་འཛུགས་འདེམས་དགོས།

གཞི་གྲངས་མཛོད་ཀྱི་རིགས།

ད་ཡོས་གཞི་གྲངས་མཛོད་སྦྲེལ་བའི་གཞི་གྲངས་མཛོད་ཡིག་ཆ་གསར་འཛུགས་འདེམས་དགོས།

ཟུར་མཆན་རིས་རྟགས་

Outlook、Evolution དང་ Mozilla གཞི་གྲངས་མཛོད་ཀྱི་རིགས་གཞན་པའི་ཆ་འཕྲིན་མི་དགོས། གཞན་པའི་གཞི་གྲངས་མཛོད་ཀྱི་རིགས་ལ་མཚོན་ན་ སྣེ་སྟོན་ལ་མཁོ་བའི་ཆ་འཕྲིན་གྱི་ཟུར་སྣོན་ཤོག་ངོས་གཏན་འཁེལ་བྱེད།


གཤམ་གྱི་སྣེ་སྟོན་ཤོག་ལྷེ་ནི་གཤམ་གྱི་ཤོག་ངོས་ཤིག་ཡིན།

གཤམ་གྱི་གོ་རིམ།

གཞི་གྲངས་མཛོད་ཐོ་འགོད་དགོས་མིན་གཏན་འཁེལ་བྱེད་ གཞི་གྲངས་མཛོད་ཁ་ཕྱེ་སྟེ་རྩོམ་སྒྲིག་བྱེད་པའམ་རེའུ་མིག་གསར་པ་བསྒར་འཛུད་བྱེད།

ཡིག་དེབ་ཡིག་ཆའི་སྦྲེལ་བ་བཀོད་སྒྲིག།

བཀོད་སྒྲིག་ Microsoft Access སྦྲེལ་བ་

LDAP སྦྲེལ་བ་བཀོད་སྒྲིག་

ADO སྦྲེལ་བ་བཀོད་སྒྲིག་

JDBC སྦྲེལ་བ་བཀོད་སྒྲིག་

Oracle གཞི་གྲངས་མཛོད་སྦྲེལ་བ་བཀོད་སྒྲིག་

MySQL བཀོད་སྒྲིག།

ODBC བཀོད་སྒྲིག།

བཀོད་སྒྲིག་ dBase སྦྲེལ་བ་

Please support us!