སྐྱེ་གྲུབ་ཐང།

གཞི་གྲངས་གསར་པ་རང་འགུལ་སྐྱེ་གྲུབ་ཐང་གི་འདེམས་གཞི་གཏན་འཁེལ་བྱ།

གཤམ་གྱི་ཚོད་ཆས་སྤྱོད་རུང་ཡིན་མིན་ནི་གཞི་གྲངས་ཁུངས་ཀྱི་གཞི་གྲངས་རྣམ་གཞག་ལ་རག་ལུས་ཡོད།

སྐྱེས་གྲུབ་ཐང་ཞིབ་དཔྱད་དཔྱད་ཚུལ།

LibreOffice སྒུལ་སློང་བྱས་ནས་མིག་སྔའི་ ODBC ཡང་ན་ JDBC གཞི་གྲངས་ཁུངས་ཀྱི་རང་འགུལ་རིམ་འཕར་གཞི་གྲངས་ཡིག་དུམ་ལ་རྒྱབ་སྐྱོར་བྱེད། གལ་ཏེ་གཞི་གྲངཔས་མཛོད་ཀྱིས་ SDBCX རིམ་པའི་ནང་གི་རང་འགུལ་རིམ་འཕར་བྱེད་ནུས་ལ་རྒྱབ་སྐྱོར་མི་བྱེད་ན་འདེམས་གཞི་འདི་འདེམས་དགོས། སྤྱིར་བཏང་གནས་ཚུལ་འོག་ རང་འགུལ་རིམ་འཕར་བྱེད་ནུས་ནི་འགག་གནད་ཡི་གེ་གཙོ་བོའི་ཡིག་དུམ་ལ་བདམས་པ་ཡིན།

རང་འགུལ་རིམ་འཕར་བརྗོད་པ།

SQL བཀའ་ཚིག་གི་གསལ་བཤད་རྟགས་ནང་འཇུག་བྱ་ གསལ་བཤད་རྟགས་འདི་གཞི་གྲངས་ཁུངས་རང་འགུལ་རིམ་འཕར་གཏན་འཁེལ་གྱི་ཧྲིལ་གྲངས་གཞི་གྲངས་ཡིག་དུམ་སྟོན་པར་སྤྱོད། དཔེར་ན་ གཤམ་གྱི་ MySQL བརྗོད་པར་གཞི་གྲངས་ཡིག་དུམ་གསར་འཛུགས་བྱེད་ཐེངས་རེར་ AUTO_INCREMENT བརྗོད་པ་སྤྱད་དེ་ "id" ཡིག་དུམ་འཕར་སྣོན་བྱེད།

CREATE TABLE "table1" ("id" INTEGER AUTO_INCREMENT)

སྐད་ཆ་གཞན་ཞིག་ནས་བཤད་ན་ རང་འགུལ་རིམ་འཕར་བརྗོད་པ་སྒྲོམ་ནང་ AUTO_INCREMENTནང་འཇུག་བྱེད།

སྐྱེ་གྲུབ་གྲངས་ཐང་བཙལ་འདྲི།

འགག་གནད་ཡི་གེ་གཙོ་བོའི་གཞི་གྲངས་ཡིག་དུམ་གྱི་མཐའི་རང་འགུལ་རིམ་འཕར་ཐང་གི་ SQL བརྗོད་པ་ཕྱིར་ལོག་ནང་འཇུག་བྱ། དཔེར་ན།

SELECT LAST_INSERT_D();

Please support us!