སྤྱོད་པོས་མཚན་འཇོག་རྟེན་གྲངས།

LibreOffice གློག་རྡུལ་རེའུ་མིག་ནང་གཤམ་གྱི་ཐབས་ཤེས་སྤྱད་ནས་སྤྱོད་པོས་རང་ངེས་རྟེན་གྲངས་ཉེར་སྤྱོད་བྱེད།

LibreOffice Basic སྤྱད་ན་རྟེན་གྲངས་མཚན་འཇོག

  1. ཡོ་བྱད་ - ཧུང་ - ཧུང་དོ་དམ་ - LibreOffice Basicའདེམས་པ།

  2. རྩོམ་སྒྲིག་མཐེབ་རྩོམ་སྒྲིགརྡེབ་གནོན་བྱས་ནས་ Basic-IDEམཐོང་ཐུབ།

  3. རྟེན་གྲངས་ཚབ་ཨང་འཇུག་པ། དཔེ་འདིའི་ནང་ང་ཚོས་ VOL(a; b; c) རྟེན་གྲངས་གཅིག་རྩིས་རྒྱག་བཞག་ནས་མཐའ་རིང་ཚད་ནི་ abc བཅས་ཡིན་པའི་གྲུ་བཞི་ནར་གཟུགས་ཀྱི་རིང་ཚད་རྩི་བ།

    Function VOL(a, b, c)
    VOL = a*b*c
    End Function

  4. Basic-IDE སྒེའུ་ཁུང་ཁ་བརྒྱབ།

    ཁྱེད་ཀྱི་རྟེན་གྲངས་རང་འགུལ་གྱིས་ཁས་ལེན་སྨོ་ལིང་ནང་ཉར་ཚགས་བྱེད་ ལམ་སེང་སྤྱད་ཆོག གལ་ཏེ་རྟེན་གྲངས་དེ་རྩིས་འཁོར་གཞན་པའི་ལས་དེབ་ནང་སྤྱོད་དགོས་ན་གཤམ་གྱི་ས་བཅད་གྱིས་བརྗོད་པ་ལྟར་རྟེན་གྲངས་དེ་ལས་དེབ་ནང་འདྲ་ཕབ་དགོས།

རྟེན་གྲངས་ཡིག་ཚགས་སུ་འདྲ་ཕབ་བྱེད།

" LibreOffice Basic སྤྱད་ནས་རྟེན་གྲངས་མཚན་འཇོག་"ཀྱི་བརྒྱུད་རིམ་ 2 ནང་ཧུང་གླེང་སྒྲོམ་ནང་རྩོམ་སྒྲིག་ལ་རྐྱང་རྡེབ་བྱེད། ཁས་ལེན་གྱི་གནས་ཚུལ་འོག་ ཧུང་གི་འབྱུང་ཁུངས།ཡིག་དུམ་ནང་ ངའི་ཧུང་ - ཚད་ལྡན་ - Module1 སྨོ་ལིང་བདམས་ཟིན་རྣམ་པར་གནས། ཚད་ལྡན་མཛོད་ནི་འཁོར་འདིའི་སྤྱོད་པོའི་དཀར་ཆག་ནང་གནས།

གལ་ཏེ་སྤྱོད་པོས་རང་ངེས་ཀྱི་རྟེན་གྲངས་ལས་དེབ་ནང་འདྲ་ཕབ་དགོས་ན་ གཤམ་གྱི་བཀོལ་སྤྱོད་ལག་སྟར་བྱེད་རོགས།

  1. ཡོ་བྱད་ - ཧུང་ - ཧུང་དོ་དམ་ - LibreOffice Basicའདེམས་པ།

  2. ཧུང་གི་འབྱུང་ཁུངས།ཡིག་དུམ་ནང་ ངའི་ཧུང་ - ཚད་ལྡན་ - Module1འདེམས་ཞིང་ དེ་རྗེས་རྩོམ་སྒྲིགརྐྱང་དེབ་བྱེད།

  3. Basic-IDE ནང་ སྤྱོད་པོས་མཚན་འཇོག་རྟེན་གྲངས་ཀྱི་ཁུངས་ཚབ་ཨང་འདེམས་ཞིང་དེ་དྲས་སྦྱར་པང་ནང་འདྲ་ཕབ་བྱེད།

  4. ཁ་བརྒྱབ་ Basic-IDE

  5. ཡོ་བྱད་ - ཧུང་ - ཧུང་དོ་དམ་ - LibreOffice Basicའདེམས་པ།

  6. ཧུང་གི་འབྱུང་ཁུངས།ཡིག་དུམ་ནང་ (ལས་དེབ་མིང་)- ཚད་ལྡན་ - Module1བདམས་ནས་ རྩོམ་སྒྲིག་ལ་རྐྱང་རྡེབ་བྱེད།

  7. དྲས་སྦྱར་པང་གི་ནང་དོན་ཡིག་ཚགས་དེའི་ Basic-IDE ནང་སྦྱོར་བ།

LibreOffice གློག་རྡུལ་རེའུ་མིག་ནང་སྤྱོད་པོས་མཚན་འཇོག་རྟེན་གྲངས་སྤྱོད་པ།

Basic-IDE ནང་རྟེན་གྲངས་ VOL(a; b; c)མཚན་ཉིད་བཞག་ན་ LibreOffice གློག་རྡུལ་རེའུ་མིག་གི་ནང་སྒྲིག་རྟེན་གྲངས་དང་འདྲ་བར་སྤྱད་ཆོག

  1. ལས་དེབ་དེ་ཁ་ཕྱེ་ནས་དྲ་མིག་ A1 B1 དང་ C1 ནང་རྟེན་གྲངས་ཞུགས་གྲངས་ ab དང་ c ཐང་ནང་འཇུག་དགོས།

  2. འོད་རྟགས་དྲ་མིག་གཞན་ནང་བཞག་རྗེས་གཤམ་གྱི་ནང་དོན་འཇུག་པ།

    =VOL(A1;B1;C1)

  3. རྟེན་གྲངས་དེའི་ཐང་རྩིས་རྒྱག་བྱེད་ ཁྱེད་ཀྱིས་བདམས་ཟིན་དྲ་མིག་ནང་འབྲས་བུ་མཐོང་ཐུབ།

Please support us!