གྲངས་ཀ་ནི་ཡི་གེའི་རྣམ་གཞག་ཅན་དུ་འགྱུར།

LibreOffice གློག་རྡུལ་རེའུ་མིག་ནང་གྲངས་ཀ་ཡི་གེའི་རྣམ་གཞག་ཏུ་འགྱུར་ཆོག དྲ་མིག་གམ་དྲ་མིག་ས་ཁོངས་ཀྱི་གཡས་མཐེབ་ཚལ་ཐོ་ཁ་ཕྱེ་ནས་ དྲ་མིག་རྣམ་གཞག་ -གྲངས་ཀ་བདམས་རྗེས་རིགས་དབྱེ། རེའུ་འགོད་ནང་"ཡི་གེ་"འདེམས། དེ་རྗེས་རྣམ་གཞག་ཅན་གྱི་ས་ཁོངས་ནང་བཅུག་པའི་གྲངས་ཀ་ཚང་མ་ཡི་གེར་རྩིས། "གྲངས་ཀ་"འདི་རྣམས་མངོན་སྐབས་ཡི་གེ་གཞན་དང་འདྲ་བར་གཡོན་སྙོམ་གཤིབ་སྤྱོད་ཆོག

གལ་ཏེ་ཁྱེད་ཉིད་དྲ་མིག་ནང་རྒྱུན་ལྡན་གྲངས་ཀ་འགའ་བཅུག་རྗེས་དྲ་མིག་རྣམ་གཞག་"ཡི་གེ་" ལ་འགྱུར་ན་གྲངས་ཀ་དེ་རྣམས་མུ་མཐུད་རྒྱུན་ལྡན་གྲངས་ཀའི་རྣམ་གཞག་ལ་སོར་འཇོག་བྱེད་པ་ལས་ཡི་གེ་རྣམ་གཞག་ཏུ་མི་འགྱུར་ཞིང་"ཡི་གེ་"རྣམ་གཞག་ལ་སྒྲིག་རྗེས་གྲངས་ཀ་གསར་པའམ་ད་ཡོད་གྲངས་ཀ་བཅུག་ན་གཞི་ནས་གྲངས་ཀ་དེ་རྣམས་ཡི་གེར་འགྱུར།

གལ་ཏེ་ཁྱེད་ཀྱིས་ཐད་ཀར་གྲངས་ཀ་ཡི་གེར་རྩིས་ནས་འཇུག་རྒྱུ་གཏན་འཁེལ་ན་ གྲངས་ཀའི་སྔོན་དུ་འདྲེན་རྟགས་རྐྱང་པ་ (')འཇུག་དགོས། དཔེར་ན་ ཁྱེད་ཀྱིས་སྟར་ཁ་བྱང་ནང་ལོ་གྲངས་ '1999དང་'2000 、 '2001བཅུག་ན་ འདྲེན་རྟགས་རྐྱང་པ་དྲ་མིག་ནང་མི་མངོན་ དེས་བཅུག་པའི་གྲངས་ཀ་ནི་ཡི་གེར་ངོས་འཛིན་བྱེད། ཀླད་ཀོར་ (0) གྱིས་སྒོ་བཅུག་པའི་ཁ་པར་ཨང་གྲངས་དང་ཡིག་ཟམ་ཨང་གྲངས་འཇུག་སྐབས་ཐབས་ཤེས་འདི་ཤིན་ཏུ་ལེགས་ རྐྱེན་ནི་རྒྱུན་སྤྱོད་གྲངས་ཀའི་རྣམ་གཞག་སྤྱོད་སྐབས་གྲངས་ཀའི་རིམ་སྒྲིག་གོང་གི་ཀླད་ཀོར་དོར་འགྲོ

Please support us!