གཏག་པར་ཁ་གྲངས་གཏན་འཁེལ་རྒྱུ་

གལ་ཏེ་ལས་ཁྲ་ཆེ་དྲགས་ནས་ ཤོག་ལྷེ་གཅིག་ན་གཏག་པར་བྱ་ཐབས་བྲལ་ LibreOffice གློག་རྡུལ་རེའུ་མིག་གིས་མིག་སྔའི་ལས་ཁྲ་དེ་ཤོག་ངོས་མང་པོར་ཆ་སྙོམས་པོར་དབྱེ་ནས་གཏག་པར་བྱེད། གལ་ཏེ་རང་འགུལ་ཤོག་བརྗེའི་གནས་ས་མི་མཚམས་ན་ ཁྱེད་ཀྱིས་ཤོག་བརྗེའི་གནས་ས་བཀོད་སྒྲིག་ཆོག

  1. གཏག་པར་བྱ་རྒྱུའི་ལས་ཁྲར་བསྒྱུར་བ།

  2. མཐོང་རིས་ - ཤོག་ལྷེའི་སྔོན་ལྟ་སྤྱོད་པ།

  3. ཁྱེད་ཀྱིས་གཏག་པར་ཤོག་ངོས་སྟེང་ལས་ཁྲ་རང་འགུལ་གྱིས་ཁ་དབྱེ་བ་མཐོང་ཐུབ། རང་འགུལ་སྐྱེ་གྲུབ་བྱས་པའི་གཏག་པར་ས་ཁོངས་ནི་སྔོ་ནག་མཐའ་སྒྲོམ་གྱིས་རྟགས་བཀོད་ཅིང་རང་མཚན་འཇོག་བྱས་པའི་གཏག་པར་ཁོངས་ཀྱི་སྔོ་དཀར་མཐའ་སྒྲོམ་གྱིས་རྟགས་བཀོད་ཤོག་དབྱེའི་སར་(ཕྲེང་ཕབ་དང་སྟར་བརྗེ་)ནག་ཐིག་གི་རྟགས་བཀོད།

  4. ཁྱེད་ཀྱིས་ཙིག་རྟགས་སྤྱད་ནས་སྔོ་ཐིག་འདི་རྣམས་སྤོ་སྒུལ་བྱས་ཆོག གཡས་མཐེབ་ཚལ་ཐོའི་ནང་ཁྱེད་ཀྱིས་བྱེད་ནུས་གཞན་འདེམས་ཆོག་ དཔེར་ན་གཏག་པར་ཁོངས་གསར་སྣོན་ གཏག་པར་ས་ཁོངས་རྩིས་མེད་ མངོན་པའི་སྡུར་ཚད་དང་ལག་ཐོག་ཕྲེང་བ་དང་སྟར་བརྗེ་རྩིས་མེད་བྱེད།

Please support us!