ལིང་ཚེའི་སྤྱི་འགྲོས་ནང་འཇུག

གཤམ་གྱི་དཔེ་མཚོན་གྱིས་གང་འདྲ་བྱས་ཏེ་ལིང་ཚེའི་སྤྱི་འགྲོས་ཁོ་ན་ནང་འཇུག་ལས་ལིང་ཚེའི་་རྟེན་གྲངས་ནང་འཇུག་མི་བྱེད་པའི་ཞིབ་ཕྲའི་ཆ་འཕྲིན་གསལ་བཤད་བྱས།

བསམ་རྒྱུར་ ཁྱེད་ཀྱིས་ A ཚང་དང་ B ཚང་ནང་གྲངས་ཀ་བཅུ་(A1:A10དང་B1:B10)ནང་འཇུག་བྱས་རྗེས་ C ཚང་ནང་སྔོན་གྱི་ཚང་གཉིས་ཀྱི་སྡོམ་རྩིས་དགོས།

  1. མཇུག་འབྲས་མངོན་པའི་ས་ཁོངས་ C1:C10འདེམས་པ།

  2. F2 མཐེབ་གནོན་ ཡང་ན་ [སྤྱི་འགྲོས་ཚང་།] གི་ནང་འཇུག་ཕྲེང་ལ་རྐྱང་རྡེབ་བྱེད།

  3. མཚུངས་རྟགས་(=)ནང་འཇུག

  4. A1:A10ས་ཁོངས་འདེམས་པ་ དེའི་ནང་སྡོམ་འཚོལ་སྤྱི་འགྲོས་ཀྱི་ཐང་དང་པོ་ཚུད་ཡོད།

  5. གྲངས་ཀའི་མཐེབ་གཞོང་ཆུང་ཆུང་ནང་གི་སྣོན་མཐེབ་(+)གནོན་པ།

  6. སྟར་གཉིས་པའི་ནང་གི་དྲ་མིག་ B1:B10 ནང་གི་གྲངས་ཀ་འདེམས་པ།

  7. ལིང་ཚེའི་ཚོ་སྒྲིག་མཐེབ་སྤྱད་ནས་ནང་འཇུག་མཇུག་སྒྲིལ་ Shift++Enter

ལིང་ཚེའི་ཁོངས་དེ་རང་འགུལ་སྲུང་སྐྱོབ་བྱས་ཏེ་བཟོ་བཅོས་སྔོན་འགོག་བྱེད་ དཔེར་ན་སྟར་ཕྲེང་སུབ་པ། འོན་ཀྱང་རྣམ་གཞག་ཅན་གྱི་རྩོམ་སྒྲིག་ཀྱང་ཆོག་ དཔེར་ན་ དྲ་མིག་གི་རྒྱབ་ལྗོངས་རྩོམ་སྒྲིག་ལྟ་བུ།

Please support us!