རྣམ་གཞག་ཅན་གྱི་གློག་རྡུལ་དྲ་མིག

རྣམ་གཞག་ཅན་གྱིས་གློག་རྡུལ་རེའུ་མིག་ནང་གི་ཡིག་དེབ།

  1. ཐོག་མར་རྣམ་གཞག་ཅན་དུ་བསྒྱུར་དགོས་པའི་ཡི་གེར་བྲིས་རྟགས་འགོད་རོགས།

  2. [རྣམ་གཞག་ཡོ་བྱད་ཚང་།]ནང་ནས་དགོས་ངེས་ཀྱི་ཡི་གེའི་གཏོགས་གཤིས་འདེམས་པ་དང་ཡང་ན་[རྣམ་གཞག] - [དྲ་མིག...]འདེམས་ཆོག་པ་མ་ཟད་དེ་རྗེས་"དྲ་མིག་རྣམ་གཞག"གླེང་སྒྲོམ་གྱི་"ཡིག་གཟུགས།"འདེམས་གཞིའི་ཁྭ་ཤོག་ངོས་ནང་ཡི་གེ་སྣ་ཚོགས་ཀྱི་གཏོགས་གཤིས་འདེམས་ཆོག

རྣམ་གཞག་ཅན་གྱིས་གློག་རྡུལ་རེའུ་མིག་ནང་གི་གྲངས་ཀ།

  1. ཐོག་མར་བསྐྱར་དུ་རྣམ་གཞག་ཅན་དུ་བསྒྱུར་དགོས་པའི་གྲངས་ཀའི་ས་ཁོངས་སུ་བྲིས་རྟགས་འགོད་རོགས།

  2. གྲངས་ཀ་དེ་ཁས་ལེན་གྱི་དངུལ་ལོར་རྣམ་གཞག་གམ་བརྒྱ་ཆའི་སྡུར་བའི་རྣམ་གཞག་གི་རྣམ་གཞག་ཅན་དུ་བསྒྱུར་དགོས་ན་ [རྣམ་གཞག་ཡོ་བྱད་ཚང་།]སྟེང་གི་རིས་རྟགས་བེད་སྤྱོད་མཛད་རོགས། རྣམ་གཞག་གཞན་ལ་མཚོན་ན་ [རྣམ་གཞག] - [དྲ་མིག...]འདེམས་རོགས། "གྲངས་ཀ་"འདེམས་གཞིའི་ཁྭ་ཡི་ཤོག་ངོས་སྟེང་ཁྱེད་ཀྱིས་སྔོན་བཀོད་རྣམ་གཞག་ནང་ནས་རྣམ་གཞག་འདེམས་པའམ་རང་ཉིད་ཀྱི་རྣམ་གཞག་མཚན་འཇོག་བྱ།

དྲ་མིག་དང་ཤོག་ངོས་ཟླ་སྒྲིག་མཐའ་སྒྲོམ་དང་རྒྱབ་ལྗོངས་རྣམ་གཞག

  1. You can assign a format to any group of cells by first selecting the cells (for multiple selection, hold down the key when clicking), and then activating the Format Cells dialog in Format - Cells. In this dialog, you can select attributes such as shadows and backgrounds.

  2. ཚལ་ཐོའི་བཀའ་ཚིག་རྣམ་གཞག་ - ཤོག་ལྷེ་གཡར་ནས་ཁྱེད་ཀྱིས་ཤོང་ངོས་ཆ་ཚང་རྣམ་གཞག་ཅན་དུ་བསྒྱུར་ཐུབ། ཁྱེད་ཀྱིས་ད་དུང་ཤོག་ངོས་ཡོད་ཚད་ལ་ཤོག་སྨིན་དང་ཤོག་ཞབས་ཟླ་སྒྲིག་བྱ་ཐུབ།

ཟུར་མཆན་རིས་རྟགས་

[ཡིག་ཆ།] - [ཤོག་ངོས་བཀོད་སྒྲིག...] - "རྒྱབ་ལྗོངས།"འདེམས་གཞིའི་ཁྭ་བརྒྱུད་ནས་ཁུར་སྣོན་བྱས་པའི་བཪྙན་རིས་དེ་གཏག་པར་རམ་ཤོག་ངོས་སྔོན་ལྟ་ཁོ་ནར་མཐོང་ཐུབ། གསལ་ཡོལ་སྟེང་དུའང་རྒྱབ་ལྗོངས་བཪྙན་རིས་མངོན་པ་ཞིག་དགོས་ན་[བསྒར་འཛུད།] - [པར་རིས།] - [ཡིག་ཆ་ནས་ཡོང་བའི་པར་རིས།...]བསྒར་འཛུད་བཪྙན་རིས་འདེམས་དགོས་པ་མ་ཟད་གཡས་མཐེབ་ཚལ་ཐོའི་བཀའ་ཚིག་འདེམས་ནས་[བརྩེགས་འཇོག་ཐེངས་རིམ།] - [མཐིལ་ངོས་ལ་འཇོག་པ།]གིས་བཪྙན་རིས་དེ་དྲ་མིག་གི་རྒྱབ་ལྗོངས་འདེམས་པར་བྱ། ལག་རོགས།སྤྱད་ནས་རྒྱབ་ལྗོངས་བཪྙན་རིས་འདེམས་པར་བྱ།


Please support us!