གཞི་གྲངས་སྒྲིབ་མེད་རེའུ་མིག་ལས་ཁྲ་གསར་འཛུགས།

  1. ལས་ཁྲ་ཞིག་གི་ནང་གཞི་གྲངས་ས་ཁོངས་ཤིག་འདེམས་པ་དང་ཕྲེང་ཁ་བྱང་དང་སྟར་ཁ་བྱང་ཡང་ཆབས་ཅིག་དུ་འདེམས།

  2. [གཞི་གྲངས།] - [གཞི་གྲངས་གཞི་གྲངས་སྒྲིབ་མེད་རེའུ་མིག།] - [སྒུལ་སློང་།...]འདེམས་པ་དང་ཁྱེད་ཀྱིས་གླེང་སྒྲོམ་འདེམས་པའི་ཁུངས་མཐོང་ཐུབ། མིག་སྔར་འདེམས་པའི་ཁྱབ་ཁོངས།འདེམས་རྗེས་"གཏན་འཁེལ།"གནོན་མཐེབ་ལ་རྡེབ་གནོན་གྱིས་ཁས་ལེན་བྱེད། ཐོན་པའི་གླེང་སྒྲོམ་"འདེམས་པའི་ཁུངས།"ནང་ལས་ཁྲའི་ཁ་བྱང་དེ་གནོན་མཐེབ་ལ་མངོན་ དྲུད་སྐྱེལ་བརྒྱུད་ནས་གནོན་མཐེབ་དེ་དག་གང་འདོད་ཀྱིས་པར་དབྱིབས་ས་ཁོངས་ནང་གི་"ཤོག་ངོས་ཡིག་དུམ།" "སྟར་ཡིག་དུམ།" "ཕྲེང་ཡིག་དུམ།"དང་"གཞི་གྲངས་ཡིག་དུམ།"ནང་འཇོག

  3. དགོས་པའི་གནོན་མཐེབ་ས་ཁོངས་ཁག་བཞི་འདིའི་གྲས་སུ་དྲུད་སྐྱེལ་བྱ།

གནོན་མཐེབ་ཤོག་ངོས་ཡིག་དུམ།ས་ཁོངས་སུ་དྲུད་པ་དང་ཐོན་པའི་གཞི་གྲངས་སྒྲིབ་མེད་རེའུ་མིག་གི་རྩེ་མོར་གནོན་མཐེབ་དང་རེའུ་འགོད་སྒྲོམ་གསར་འཛུགས་བྱ་ རེའུ་འགོད་སྒྲོམ་གྱིས་བདམས་པའི་རྣམ་གྲངས་ནང་དོན་བརྒྱུད་ནས་གཞི་གྲངས་སྒྲིབ་མེད་རེའུ་མིག་ལས་ཁྲ་འཚག་འདེམས་བྱ་ཐུབ། ཐོན་པའི་གཞི་གྲངས་སྒྲིབ་མེད་རེའུ་མིག་ནང་དྲུད་འཐེན་གྱི་ཐབས་ཤེས་བརྒྱུད་ཤོག་ངོས་ཡིག་དུམ་གཞན་ཞིག་འཚག་འདེམས་ཆས་ལ་བརྩི་བར་བྱ་ཐུབ།

གལ་ཏེ་གནོན་མཐེབ་གཞི་གྲངས་ཡིག་དུམ།ས་ཁོངས་ནང་འདྲུད་སྐྱེལ་བྱས་རྗེས་དེ་ལ་ཁ་བྱང་ཞིག་ཐོན་ཐུབ་ གཞི་གྲངས་ས་ཁོངས་ནང་གཞི་གྲངས་རྩིས་རྒྱག་ལ་སྤྱད་པའི་སྤྱི་འགྲོས་མངོན་པར་སྤྱོད།

  1. གང་གི་དུས་སུའང་གནོན་མཐེབ་གོ་རིམ་བཟོ་བཅོས་བྱ་ཐུབ་(ཙིག་རྟགས་སྤྱད་ནས་དེ་དག་ས་ཁོངས་ནང་དྲུད་སྒུལ་བྱས་ན་འཐུས་པ་ཡིན་)

  2. ཁྱེད་ཀྱིས་ཡང་ན་ཡིག་དུམ་གནོན་མཐེབ་གཅིག་བསྐྱར་དུ་སྔར་གྱི་གནས་སར་འཇོག་ཐུབ་ ཐབས་ཤེས་ནི་ཙིག་རྟགས་སྤྱད་ནས་དེ་ས་ཁོངསགཅིག་ནས་གནས་ས་གཞན་དག་ལ་སྤོ་བ་དེ་ཡིན།

  3. To open the Data Field dialog, double-click one of the buttons in the Row Fields or Column Fields area. Use the dialog to select if and to what extent LibreOffice calculates display subtotals.

"གཏན་འཁེལ།"གནོན་ཏེ་"ཁུངས་འདེམས་པ།"གླེང་སྒྲོམ་ལས་ཕྱིར་ཐོན་བྱ། འཚག་འདེམས།གནོན་རྡེབ་གཅིག་བསྒར་འཛུད་བྱ་བའམ་ཤོག་ངོས་ཡིག་དུམ།ནང་དྲུད་སྐྱེལ་བྱས་པའི་གཞི་གྲངས་ཡིག་དུམ་ཁག་ལ་ཤོག་ངོས་གནོན་རྡེབ་ཅིག་བསྒར་འཛུད་བྱེད། "གཞི་གྲངས་ལག་རོགས།"རེའུ་མིག་དེའི་གཤམ་ཕྱོགས་སུ་བསྒར་འཛུད་བྱེད།

Open file with example:

Please support us!