ཚོ་དང་པོ་ ཚོ་གཉིས་པ་དང་ཚོ་གསུམ་པ།
རིགས་འབྱེད་ཕྱོགས་བསྡུས་ཚོ་གསུམ་གྱི་བཀོད་སྒྲིག་གཏན་འཁེལ་བྱེད། འདེམས་གཞིའི་ཁཱ་སོ་སོར་གཅིག་མཚུངས་ཀྱི་བཀོད་རྣམ་ལྡན་པ།
ལས་ཁྲའི་ནང་རིགས་འབྱེད་ཕྱོགས་བསྡུས་ཐང་བསྒར་འཛུད་བྱ་དགོས་པ།
-
རེའུ་མིག་ནང་གི་སྟར་ལ་ཤོག་བྱང་ལྡན་པ་འགན་སྲུང་བྱ།
-
རིགས་འབྱེད་ཕྱོགས་བསྡུས་རྩིས་རྒྱག་དགོས་པའི་རེའུ་མིག་གམ་རེའུ་མིག་ནང་གི་ས་ཁོངས་འདེམས་པ་དང་ དེ་རྗེས་[གཞི་གྲངས།] - [རིགས་འབྱེད་ཕྱོགས་བསྡུས།...]འདེམས་དགོས།
-
"ཚོ་སྒྲིག་གཞིགས་པ་"སྒྲོམ་ནང་དེའི་ནང་རིགས་འབྱེད་ཕྱོགས་བསྡུས་ཀྱི་སྟར་གསབ་སྣོན་བྱ་དགཔས་པ་འདེམས་པ།
-
"རིགས་འབྱེད་ཕྱོགས་བསྡུས་རྩིས་རྒྱག"སྒྲོམ་ནང་གལ་ཏེ་ཁྱེད་ཀྱིས་སྟར་འགའ་ཞིག་ནང་གི་ཐང་རིགས་འབྱེད་ཕྱོགས་བསྡུས་བྱ་འདོད་ན་ སྟར་དེ་དག་དང་ལྟོས་ཟླའི་བསྐྱར་འདེམས་སྒྲོམ་འདེམས་པར་བྱ་རོགས།
-
"རྩིས་རྒྱག་སྒྲིག་སྲོལ།"སྒྲོམ་ནང་རིགས་འབྱེད་ཕྱོགས་བསྡུས་རྩིས་རྒྱག་ལ་སྤྱོད་པའི་རྟེན་གྲངས་འདེམས་པ།
-
"གཏན་འཁེལ་"རྐྱང་རྡེབ་བྱེད།
ཚོ་སྒྲིག་ཁུངས་ལུང།
རིགས་འབྱེད་ཕྱོགས་བསྡུས་རྩིས་རྒྱག་བརྒྱུད་རིམ་ཚོད་འཛིན་བྱ་དགོས་པའི་སྟར་འདེམས་དགོས། གལ་ཏེ་བདམས་པའི་སྟར་གྱི་ནང་དོན་ལ་འགྱུར་བ་བྱུང་ན་རང་འགུལ་གྱིས་རིགས་འབྱེད་ཕྱོགས་བསྡུས་བསྐྱར་དུ་རྩིས་རྒྱག་བྱེད།
རིགས་འབྱེད་ཕྱོགས་བསྡུས་རྩིས་རྒྱག
དེའི་ནང་གི་གྲངས་ཐང་ལ་རིགས་འབྱེད་ཕྱོགས་བསྡུས་བྱ་དགོས་པའི་སྟར་འདེམས་པ།
རྩིས་རྒྱག་སྒྲིག་སྲོལ།
རིགས་འབྱེད་ཕྱོགས་བསྡུས་རྩིས་རྒྱག་སྐབས་བེད་སྤྱོད་དགོས་པའི་གྲངས་ཀའི་རྟེན་གཞི་འདེམས་པ།