ReDim Statement

གསལ་བཤད་འགྱུར་ཚད་དམ་ཚོ་གྲངས།

བརྡ་འཕྲོད་


[ReDim]Dim VarName [(start To end)] [As VarType][, VarName2 [(start To end)] [As VarType][,...]]

ཁྱེད་ཀྱིས་གསབ་སྣོན་སོར་ཉར་འགག་གནད་ཚིག་ཞུགས་གྲངས་ལ་བརྩི་ཆོག་ བསྐྱར་དུ་བཀོད་སྒྲིགས་བྱས་པའི་རྩ་གྲངས་ཀྱི་ལིང་ཚེའི་ནང་དོན་སོར་ཉར་བྱེད་

ཁུགས་གྲངས་

VarName གང་རུང་འགྱུར་ཚད་དམ་ཚོ་གྲངས་ཀྱི་མིང་།

Start End གཞི་རྒྱུའི་གྲངས་ཚད་ (NumberElements=(end-start)+1) དང་བཤེར་འདྲེན་ཁྱབ་ཁོངས་ལ་སྤྱོད་པའི་གྲངས་ཐང་དང་རྒྱུན་གྲངས།

གལ་ཏེ་བརྒྱུད་རིམ་རིམ་པར་ ReDimབེད་སྤྱད་ན་ start དང་ end ནི་གྲངས་ཀའི་མཚོན་ཚུལ་ཡིན་ཆོག

VarType འགྱུར་ཚད་གཞི་གྲངས་རིགས་གསལ་བཤད་ལ་སྤྱོད་པའི་འགག་གནད་ཚིག

Keyword འགྱུར་ཚད་རིགས་

Bool པོ་ལེན་འགྱུར་ཚད་ (True False)

Date ཚེས་གྲངས་འགྱུར་ཚད་

Double དག་ཚད་ཆ་ལྟན་གྱི་འཕྱོ་ཚེག་འགྱུར་ཚད་(1.79769313486232 x 10E308 ནས་4.94065645841247 x 10E-324)

Integer ཧྲིལ་གྲངས་འགྱུར་ཚད་ (-32768 ནས་ 32767)

Long རིང་བའི་ཧྲིལ་གྲངས་འགྱུར་ཚད་(-2、147、483、648 ནས་ 2、147、483、647)

Object བྱ་ཡུལ་འགྱུར་ཚད་(དེ་རྗེས་ Set ཁོ་ན་སྤྱད་ནས་འགྱུར་ཚད་དེ་མཚན་འཇོག་བྱེད།)

Single] ཡ་ལྡན་དག་ཚད་ཀྱིས་འཕྱོ་ཚེག་འགྱུར་ཚད་(3.402823 x 10E38 ནས་ 1.401298 x 10E-45)གལ་ཏེ་འགག་གནད་ཚིག་གཏན་འཁེལ་བྱས་མེད་ལ་ DefBool DefVar སོགས་རྗོད་པ་ཡང་བེད་སྤྱོད་མེད་ན་འགྱུར་ཚད་དེ་ཡ་ལྡན་དག་ཚད་རིགས་ལ་མཚན་འཇག་བྱེད།

String ཡིག་རྟགས་ཕྲེང་བ་འགྱུར་ཚད་ མང་ཤོས་ལ་ASCIIཡིག་རྟགས་ 64,000 ཙམ་འདུས་ཆོག

Variant འགྱུར་གཟུགས་འགྱུར་ཚད་རིགས།(རིགས་ཡོད་ཚད་འདུས་ མཚན་ཉིད་ཀྱིས་གཏན་འཁེལ་བྱེད་)

LibreOffice ཧུང་ནང་ཁྱེད་ཀྱིས་གསལ་བཤད་འགྱུར་ཚད་མངོན་མི་དགོས། འོན་ཏེ་ཚོ་གྲངས་བེད་སྤྱོད་མ་བྱས་སྔོན་ངེས་པར་དུ་སྔོན་ལ་གསལ་བཤད་ཚོ་གྲངས་བེད་སྤྱོད་བྱ་དགོས། ཁྱེད་ཀྱིས་ Dim རྗོད་པའི་གསལ་བཤད་འགྱུར་ཚད་བེད་སྤྱོད་བྱས་ཆོག་ འགྱུར་ཚད་གསལ་བཤད་མང་པོར་མཚོན་རྟགས་བེད་སྤྱོད་ཀྱིས་བར་ཆོད་བྱེད། འགྱུར་ཚད་རིགས་གསལ་བཤད་བྱ་དགོས་ན་མིང་གི་རྗེས་སུ་རིགས་གསལ་བཤད་ཡིག་རྟགས་ནང་འཇུག་བྱེད་རོགས་ ཡང་ན་ལྟོས་བཅས་ཀྱི་འགག་གནད་ཚིག་བེད་སྤྱོད་བྱེད།

LibreOffice ཧུང་གིས་གཏན་འཁེལ་བྱས་པའི་འགྱུར་ཚད་རིགས་སྤྱད་ནས་མཚན་འཇོག་བྱས་པའི་རྩ་གཅིག་དང་རྩ་མང་ཚོ་གྲངས་ལ་རོགས་སྐྱོར་བྱེད། གལ་ཏེ་བྱང་རིམ་ནང་རེའུ་འགོད་དམ་རེའུ་མིག་རྩོམ་སྒྲིག་བྱ་དགོས་ན་ཚོ་གྲངས་འཚམས་ཤོག་བྱེད་ རྒྱུ་རྐྱེན་ནི་བཤེར་འདྲེན་བརྒྱུད་ནས་ཚོ་གྲངས་ནང་གི་གཞི་གྲངས་རེ་རེ་ཚང་མ་གནས་ངེས་བྱེད་ཅིང་བཤེར་འདྲེན་ལ་གྲངས་ཀའི་མཚོན་ཚུལ་ལམ་འགྱུར་ཚདཚད་ཀྱིས་ཞིབ་བརྗོད་བྱ་བ་བཟོ་ཐུབ།

Dim རྗོད་པ་སྤྱད་ནས་ཚོ་གྲངས་གསལ་བཤད་སྐབས་ཐབས་ཤེས་གཉིས་ཀྱི་ཐོག་ནས་ཚོ་གྲངས་བཤེར་འདྲེན་གྱི་ཁྱབ་ཁོངས་བཀོད་སྒྲིག་བྱ་

DIM text(20) As String REM 0 ནས་ 20 བར་གྱི་གཞི་རྒྱུ་ 21 ལ་ཨང་སྒྲིག་བྱེད་

DIM text(5 to 25) As String REM 5 ནས་ 25 བར་གྱི་གཞི་རྒྱུ་ 21 རྩོམ་སྒྲིག་བྱ་

DIM text$(-15 to 5) As String REM གཞི་རྒྱུ་21 (0ཚུད་ཡོད་)

REM ཨང་སྒྲིག་ནི་ -15ནས་ 5བར་ཡིན་

གལ་ཏེ་བརྒྱུད་རིམ་རིམ་པའི་ཡན་ལག་དཔེ་རིམ་མམ་རྟེན་ནང་བརྒྱུད་ནས་ ReDim འགྱུར་ཚད་ཡིག་དུམ་གྱི་ཆེ་ཆུང་གཏན་འཁེལ་བྱས་ན་རིགས་གང་ཞིག་ལྡན་ནའང་འགྱུར་ཚད་ཡིག་དུམ་དེ་དག་ཚང་མ་འགུལ་རྣམ་ཡིག་དུམ་དེ་དག་ཚང་མ་འགུལ་རྣམ་ཡིག་དུམ་ལ་འགྱུར་ཐུབ་རྒྱུན་དུ་ཚོ་གྲངས་ཐེངས་གཅིག་ཁྱབ་ཁོངས་ཁོ་ན་བཀོད་སྒྲིག་བྱེད་པ་དང་སྦྲགས་བཟོ་བཅོས་བྱ་མི་ཐུབ་ བརྒྱུད་རིམ་དེའི་ནང་ ReDim རྗོད་པ་སྤྱད་ནས་གྲངས་ཀའི་མཚོན་ཚུལ་བརྒྱུད་ཚོ་གྲངས་གཅིག་གསལ་བཤད་བྱ། དེ་ལྟར་ཡིག་དུམ་ཆེ་ཆུང་གི་ཁྱབ་ཁོངས་མཚན་འཇོག་བྱེད།

དཔེ་གཞི་


Sub ExampleRedim
Dim iVar() As Integer, iCount As Integer
ReDim iVar(5) As Integer
For iCount = 1 To 5
    iVar(iCount) = iCount
Next iCount
ReDim iVar(10) As Integer
For iCount = 1 To 10
    iVar(iCount) = iCount
Next iCount
End Sub

Please support us!