For...Next Statement

གཏན་འཁེལ་བྱས་པའི་ཐེངས་གྲངས་ལ་གཞིགས་ནས་ For...Next མིང་ནང་གི་རྗོད་པ་བསྐྱར་ཟློས་སུ་ལག་བསྟར་བྱ།

བརྡ་འཕྲོད་


For counter=start To end [Step step]
རྗོད་པའི་མིང་
[Exit For]
རྗོད་པའི་མིང་
Next [counter]

འགྱུར་ཚད་

Counter དེའི་ཐོག་མའི་ཐང་ནི་མཚུངས་རྟགས་གཡས་འགྲམ་གྱི་ཐང་ (start) གི་བསྐྱར་འཁོར་གྲངས་བགྲངས་ཆས་ཡིན། ས་དེར་གྲངས་ཀའི་འགྱུར་ཚད་ཁོ་ན་ནུས་ལྡན་ཡིན། བསྐྱར་འཁོར་གྲངས་བགྲངས་ཆས་ཀྱིས་step འགྱུར་ཚད་ཀྱི་མི་འདྲ་བར་གཞིགས་ནས་རིམ་འཕར་རམ་རིམ་འཕྲི་བྱེད་ཅིང་ end ལྟོས་ལྟའི་ཐང་ལ་སླེབས་པའི་བར་དེ་ལྟར་བྱེད།

Start གྲངས་ཀའི་འགྱུར་ཚད་ནི་བསྐྱར་འཁོར་འགོ་ཚུགས་སྐབས་ཀྱི་ཐོག་མའི་ཐང་མཚན་འཇོག་ལ་སྤྱོད་པ་ཡིན།

End གྲངས་ཀའི་འགྱུར་ཚད་ནི་བསྐྱར་འཁོར་མཇུག་སྒྲིལ་སྐབས་ཀྱི་ཚམས་འཇོག་ཐང་གཏན་འཁེལ་ལ་སྤྱོད་པ་ཡིན།

step བསྐྱར་འཁོར་གྲངས་བགྲངས་ཆས་རིམ་སྣོན་ནམ་རིམ་འཕྲི་བྱ་བའི་གོམ་ཞེང་ཚད་གཏན་འཁེལ་བྱ། གལ་ཏེ་ stepགཏན་འཁེལ་མ་བྱས་ན་བསྐྱར་འཁོར་གྲངས་བགྲངས་ཆས་ཀྱི་འཕར་ཚད་ནི་ 1ཡིན། དེ་འདྲའི་གནས་ཚུལ་འོག་end དེ་ངེས་པར་དུ་ startལས་ཆེ་བ་དགོས། གལ་ཏེ་གྲངས་བགྲངས་རིམ་འཕྲི་བྱ་དགོས་ན་ end དེ་ངེས་པར་དུ་ startལས་ཆུང་བ་དགོས་པ་མ་ཟད་ step ཐང་དེ་ངེས་པར་དུ་

For...Next བསྐྱར་འཁོར་ཞུགས་གྲངས་ཀྱིས་གཏན་འཁེལ་བྱས་པའི་ཐེངས་གྲངས་ལ་གཞིགས་ནས་བསྐྱར་འཁོར་ནང་གི་རྗོད་པ་ཡོད་ཚད་བསྐྱར་འཁོར་བྱེད།

རྩིས་རྒྱག་ཆས་ཀྱི་འགྱུར་ཚད་ཀྱི་ཐང་རིམ་འཕྲིའི་བརྒྱུད་རིམ་ནང་LibreOffice ཧུང་གིས་མཚོན་འཇོག་ཐང་ལ་སླེབས་ཡོད་མེད་བརྟག་དཔྱད་བྱེད། གྲངས་བགྲངས་ཆས་མཚོན་འཇོག་ཐང་ལ་ལག་བསྟར་བྱས་པ་ཙམ་གྱིས་བསྐྱར་འཁོར་རང་འགུལ་གྱིས་མཇུག་སྡུད་བྱེད་ཀྱི་ཡོད།

ད་དུང་ For...Next རྗོད་པ་སྐོང་འཇུག་བྱས་ཆོག། གལ་ཏེ་ Next རྗོད་པའི་རྗེས་འགྱུར་ཚད་གཏན་འཁེལ་བྱས་མེད་ན་ Next དེར་རང་འགུལ་གྱིས་ཉེ་དུས་བེད་སྤྱད་པའི་ For རྗོད་པ་སྤྱོད་བྱེད།

འཕར་ཚད་དེ་ 0 ལ་གཏན་འཁེལ་བྱ་སྐབས་གཏན་དུ་བསྐྱར་ཟློས་ཀྱིས་ For དང་ Next བར་གྱི་རྗོད་པ་ལག་བསྟར་བྱེད།

གྲངས་བགྲངས་ཆས་ཀྱི་འགྱུར་ཚད་ཐང་མར་ཆག་པའི་སྐབས་LibreOffice ཧུང་གིས་ལུད་པའམ་འོག་ལུད་ལ་བརྟག་དཔྱད་བྱེད། གྲངས་བགྲངས་ཆས་ end (step ནི་ཕོ་ཐང་) ལས་ཆེ་བའམ་ end (step ནི་མོ་ཐང་) ལས་ཆུང་བའི་སྐབས་བསྐྱར་འཁོར་མཇུག་འགྲིལ།

Exit For རྗོད་པ་དེ་ཆ་རྐྱེན་མེད་པར་བསྐྱར་འཁོར་ཕྱིར་ཐོན་ལ་སྤྱོད་པ་ཡིན། རྗོད་པ་དེ་ངེས་པར་དུ་ For...Next བསྐྱར་འཁོར་ནང་གནས་ཡོད། If...Then རྗོད་པ་དེ་ཕྱིར་ཐོན་ཆ་རྐྱེན་ཚོད་བག་མ་ལ་སྤོད་ གཤམ་གསལ་ལས་མཚོན་པ་སྟེ་

For...

རྗོད་པ་

If condition = True Then Exit For

རྗོད་པ་

Next

ཟུར་མཆན་ སྐོང་འཛུད་བྱས་པའི་ For...Next བསྐྱར་འཁོར་ནང་གལ་ཏེ་ Exit For བེད་སྤྱད་ནས་ཆ་རྐྱེན་མེད་པར་བསྐྱར་འཁོར་གང་རུང་ལས་ཕྱིར་ཐོན་ན་དེ་རང་གནས་པའི་བསྐྱར་འཁོར་རིམ་པ་གཅིག་ཁོ་ན་ཕྱིར་ཐོན་བྱེད།

དཔེ་གཞི་

གཤམ་གསལ་དཔེ་གཞི་ཁྲོད་སྐོང་འཇུག་བྱས་པའི་བསྐྱར་འཁོར་གཉིས་སྤྱད་དེ་གཞི་རྒྱུ་ 10 ཡི་ཡིག་རྟགས་ཕྲེང་བའི་ཚོ་སྒྲིག་ (sEntry()) ལ་རིམ་སྒྲིག་བྱ་བར་སྤྱོད་པར་ཡིན་ གཞི་རྒྱུ་བཅུ་དེ་དག་ལ་མིག་གཅིག་པའི་ནང་དོན་ཡོད་པར་སྐོང་གསབ་བྱེད།


Sub ExampleSort
Dim sEntry(9) As String
Dim iCount As Integer
Dim iCount2 As Integer
Dim sTemp As String
    sEntry(0) = "Jerry"
    sEntry(1) = "Patty"
    sEntry(2) = "Kurt"
    sEntry(3) = "Thomas"
    sEntry(4) = "Michael"
    sEntry(5) = "David"
    sEntry(6) = "Cathy"
    sEntry(7) = "Susie"
    sEntry(8) = "Edward"
    sEntry(9) = "Christine"
    For iCount = 0 To 9
        For iCount2 = iCount + 1 To 9
            If sEntry(iCount) > sEntry(iCount2) Then
                sTemp = sEntry(iCount)
                sEntry(iCount) = sEntry(iCount2)
                sEntry(iCount2) = sTemp
            End If
        Next iCount2
    Next iCount
    For iCount = 0 To 9
        Print sEntry(iCount)
    Next iCount
End Sub

Please support us!