If...Then...Else Statement

རྗོད་པའི་མིང་གཅིག་གམ་མང་པོ་མཚན་འཇོག་བྱེད་པ་ སྤྲོད་པའི་ཆ་རྐྱེན་ནི་ Trueསྐབས་ཁོ་ནར་རྗོད་པའི་མིང་དེ་དག་ལག་བསྟར་བྱེད།

བརྡ་འཕྲོད་


If condition=true Then Statement block [ElseIf condition=true Then] Statement block [Else] Statement block EndIf

Instead of Else If you can write ElseIf, instead of End If you can write EndIf.

ཁུགས་གྲངས་

If... Then རྗོད་པས་སྤྲད་པའི་ཆ་རྐྱེན་ལ་གཞིགས་ནས་བྱ་རིམ་མིང་ལག་བསྟར་བྱེད། LibreOffice ཧུང་ལ་ If རྗོད་པ་ཕྲད་ན་ཆ་རྐྱེན་ལ་ཞིབ་དཔྱད་ཚད་ལེན་བྱེད། གལ་ཏེ་ཆ་རྐྱེན་བདེམ་པ་ཡིན་ན་རྗེས་ཀྱི་རྗོད་པ་ལ་Else འམ་ཡང་ན་ ElseIf རྗོད་པ་ཕྲད་པའི་བར་ལག་བསྟར་བྱེད། གལ་ཏེ་ཆ་རྐྱེན་རྫུན་མ་ཡིན་པ་དང་མ་ཟད་རྗེས་སུ་ElseIf རྗོད་པ་འབྲངས་ཡོད་ན་ LibreOffice Basic ཆ་རྐྱེན་གཤམ་མ་དེ་ལ་ཞིབ་དཔྱད་ཚད་ལེན་བྱེད། གལ་ཏེ་བདེན་པ་ཡིན་ན་རྗེས་མའི་རྗོད་པ་ལག་བསྟར་བྱེད། ཆ་རྐྱེན་དེ་གལ་ཏེ་རྫུན་མ་ཡིན་ན་བྱ་རིམ་གྱིས་མུ་མཐུད་ནས་རྗེས་མའི་ElseIf འམ་ Else རྗོད་པ་ཞིབ་དཔྱད་ཚད་ལེན་བྱེད། Else རྗེས་ཀྱི་རྗོད་པ་ནི་མདུན་གྱི་ཆ་རྐྱེན་ཡོད་ཚད་བདེན་པ་མིན་པར་བརྡར་གཅོད་བྱས་པའི་གནས་ཚུལ་འོག་ཁོ་ནའི་སྐབས་གཞི་ནས་ལག་བསྟར་བྱེད། ཆ་རྐྱེན་ཡོད་ཚད་བགམ་བྱས་པ་དང་སྦྲགས་ལྟོས་བཅས་ཀྱི་རྗོད་པ་ལག་བསྟར་བྱས་ཚར་རྗེས་བྱ་རིམ་གྱིས་མུ་མཐུད་EndIfརྗེས་ཀྱི་རྗོད་པ།

If...Then རྗོད་པ་རིམ་པ་མང་བར་སྐོང་འཛུད་བྱས་ཆོག

Elseདང་ ElseIf རྗོད་པ་ནི་འདེམས་རུང་རྗོད་པ་ཡིན།

ཐ་ཚིག་རིས་རྟགས་

GoTo དང་ GoSub སྤྱད་ནས་ If...Then ལིང་ལས་ཕྱིར་མཆོངས་ཆོག་ འོན་ཀྱང་ If...Then གྲུབ་ཆ་མཆོངས་འཇུག་བྱས་མི་ཆོག


གཤམ་གསལ་དཔེ་གཞི་ནི་ཐོན་རྫས་ཀྱི་ཕན་ཡོད་དུས་བཀག་ནང་འཇུག་བྱ་བ་དང་སྦྲགས་ཐོན་རྫས་དུས་བཀག་ཡོལ་མིན་གཏན་འཁེལ་བྱ་བར་སྤྱོད་པ་ཡིན།

དཔེ་གཞི་


Sub ExampleIfThenDate
Dim sDate As String
Dim sToday As String
    sDate = InputBox("Enter the expiration date (MM.DD.YYYY)")
    sDate = Right$(sDate, 4) + Mid$(sDate, 4, 2) + Left$(sDate, 2)
    sToday = Date$
    sToday = Right$(sToday, 4)+ Mid$(sToday, 4, 2) + Left$(sToday, 2)
    If sDate < sToday Then
        MsgBox "The expiration date has passed"
    ElseIf sDate > sToday Then
        MsgBox "The expiration date has not yet passed"
    Else
        MsgBox "The expiration date is today"
    End If
End Sub

Please support us!