འཁོར་རྒྱུགས་སྐབས་ཀྱི་རྟེན་གྲངས་

ས་བཅད་འདི་LibreOffice ཧུང་གི་འཁོར་རྒྱུགས་སྐབས་ཀྱི་རྟེན་གྲངས་ངོ་སྤྲོད་བྱེད།

Basic Constants

Constants used in Basic programs

Screen I/O Functions

ས་བཅད་འདི་འཁོལ་སྤྱོད་གླིང་སྒྲོམ་བརྒྱུད་སྤྱོད་པོ་བཤར་བྱང་གྱིས་ནང་བཅུག་ལས་སྣོན་བྱེད་པ་དང་འདྲེན་སྟོན་འཁོར་རྒྱུགས་སྐབས་ཀྱི་རྟེན་གྲངས་ངོ་སྤྲོད་བྱེད།

ཡིག་ཆ་ I/O རྟེན་གྲངས་

ཡིག་ཆ་ I/O རྟེན་གྲངས་བེད་སྤྱད་ན་སྤྱོད་པོ་མཚན་འཇོག་གྱི་(གཞི་གྲངས་)ཡིག་ཆ་གསར་བཟོ་དང་དོ་དམ་བྱེད།

ཚེས་གྲངས་དར་དུས་ཚོད་རྟེན་གྲངས་

གཤམ་གྱི་རྗོད་པ་དང་རྟེན་གྲངས་སྤྱད་ནས་ཚེས་གྲངས་དང་དུས་ཚོད་རྩིས་བརྒྱབ་ཆོག

ནོར་འཁྲུལ་ལས་སྣོན་རྟེན་གྲངས་

གཤམ་གྱི་རྗོད་པ་དང་རྟེན་གྲངས་སྤྱད་ནས་ཧུང་LibreOffice ཡིས་འཁོར་རྒྱུགས་བྱེད་དུས་ཀྱི་ནོར་འཁྲུལ་ཚུར་སྣང་ལ་མཚན་འཇོག་བྱེད།

གཏན་ཚིགས་རྩིས་རྒྱག་རྟགས་

ཧུང་LibreOffice གཤམ་གྱི་གཏན་ཚིགས་རྩིས་རྒྱག་རྟགས་ལ་རྒྱབ་སྐྱོར་བྱེད།

གྲངས་རིག་རྩིས་རྒྱག་རྟགས་

ཧུང་LibreOffice གིས་གཤམ་གྱིས་གྲངས་རིག་རྩིས་རྒྱག་རྟགས་ལ་རྒྱབ་སྐྱོར་བྱེད།

གྲངས་ཀའི་རྟེན་གྲངས་

གཤམ་ལ་རྩིག་རྒྱག་ལག་བསྟར་གྱི་གྲངས་ཀའི་རྟེན་གྲངས་ངོ་སྤྲོད་བྱེད་རྒྱུ། གྲངས་རིག་རྩིས་རྒྱག་རྟགས་དང་པོ་ལེན་རྩིས་རྒྱག་རྟགས་ས་བཅད་ཟུར་པ་ཞིག་ཏུ་འཆད་རྒྱུ་ཡིན། རྟེན་གྲངས་དང་རྩིས་རྒྱག་རྟགས་མི་མཚུངས། རྟེན་གྲངས་ནི་རང་འགྱུར་ཚད་བརྒྱུད་སྐྱེལ་བྱས་ནས་འབྲས་བུ་ཕྱིར་ལོག་བྱེད་ རྩིས་རྒྱག་རྟགས་ནི་གྲངས་ཀ་གཉིས་ཚོ་སྒྲིག་བྱས་པ་མཚོན་ཚུལ་བརྒྱུད་འབྲས་བུ་ཕྱིར་ལོག་བྱེད།

བྱ་རིམ་ལག་བསྟར་ཚོད་འཛིན་

གཤམ་གྱི་རྗོད་པ་བྱ་རིམ་གྱི་ལག་བསྟར་ཚོད་འཛིན་བྱ་བར་སྤྱོད་པ་ཡིན།

འགྱུར་ཚད་

གཤམ་གྱི་རྗོད་པ་དང་རྟེན་གྲངས་འགྱུར་ཚད་ལ་སྤྱོད། ཁྱེད་ཀྱིས་རྟེན་གྲངས་དེ་དག་བེད་སྤྱད་ནས་འགྱུར་ཚད་གསལ་བཤད་དམ་མཚན་འཇོག་བྱེད་པ་དང་ འགྱུར་ཚད་རིགས་བརྗེ་བསྒྱུར་ཡང་ན་འགྱུར་ཚད་རིགས་གཏན་འཁེལ་བྱེད།

གཤིབ་སྡུར་རྩིས་རྒྱག་རྟགས་

བེད་སྤྱོད་རུང་བའི་གཤིབ་སྡུར་རྩིས་རྒྱག་རྟགས།

ཡིག་རྟགས་ཕྲེང་བ་

གཤམ་གྱི་རྟེན་གྲངས་དང་ཡིག་རྟགས་ཕྲེང་བར་སྤྲོད་དང་ཕྱིར་ལོག་ལ་སྤྱད་དགོས།

བཀའ་ཚིག་གཞན་

གཤམ་གྱི་རེའུ་མིག་ནང་རིགས་འབྱེད་གཞན་གྱི་ཁྲོད་ངོ་སྤྲོད་བྱས་མེད་པའི་རྟེན་གྲངས་དང་རྗོད་པ་འགའ་སྒྲིག་ཡོད།

Please support us!