ཊེམ་པེལེཊིསི་དང་བཟོ་རྣམ་ཚུ་

ཊེམ་པེལེཊི་འདི་ དམིགས་བསལ་གྱི་རྩ་སྒྲིག་འབད་ནིའི་བཟོ་རྣམ་ཚུ་ ཚད་རིས་ཚུ་ ཐིག་ཁྲམ་ཚུ་ དངོས་པོ་ཚུ་ དང་གཞན་མི་བརྡ་ཚུ་ཡོད་མི་ ཡིག་ཆ་ཅིག་ཨིན། ཊེམ་པེལེཊི་འདི་ གཞན་མི་ཡིག་ཆ་ཚུ་གསར་བསྐྲུན་འབད་ནིའི་དོན་ལུ་ གཞི་རྩ་སྦེ་ལག་ལེན་འཐབ་ཨིན། དཔེར་ན་ ཁྱོད་ཀྱིས་ དོན་མཚམས་དང་ཡིག་འབྲུའི་བཟོ་རྣམ་ཚུ་ ཡིག་ཆ་ཅིག་ནང་ངེས་འཛིན་འབད་ཚུགས་ ཡིག་ཆ་འདི་ཊེམཔེལེཊི་ཅིག་སྦེ་སྲུང་བཞག་འབད་ཚུགས་ དེ་ལས་ ཊེམ་པེལེཊི་འདི་ བཟོ་རྣམ་གཅིག་པ་དང་གཅིག་ཁར་ ཡིག་ཆ་གསརཔ་ཅིག་གསར་བསྐྲུན་འབད་ནིའི་དོན་ལས་ལག་ལེན་འཐབ་བཏུབ།

ཁྱོད་རང་གིས་དམིགས་བསལ་མ་འབད་བར་དེ་མེན་པ་ཅིན་LibreOfficeཚིག་ཡིག་ཡིག་ཆ་གསརཔ་ག་ར་སྔོན་སྒྲིག་ཊེམ་པེལེཊི་འདི་གུ་གཞི་བཞགཔ་ཨིན།

LibreOffice ལུ་ སྔ་གོང་ངེས་འཛིན་འབད་ཡོད་པའི་ཊེམ་པེལེཊིསི་ དཔེར་ན་ཚོང་འབྲེལ་ཡིག་གུ་ཚུ་བཟུམ་ ཁྱོད་ཀྱིས་དབྱེ་སོ་སོ་ཡང་ན་ཚིག་ཡིག་གི་ཡིག་ཆ་ གསར་བསྐྲུན་འབད་ནིའི་དོན་ལས་ལག་ལེན་འཐབ་བཏུབ་མི་ཚུ་ཡོད།

བཟོ་རྣམ་ཚུ་ ཡིག་ཆ་ཡང་ན་ཊེམ་པེལེཊི་གཞན་མི་ཅིག་ལས་ ལག་ལེན་འཐབ་དོ།

ད་ལྟོའི་ཤོག་ལེབ་ལུ་གཞི་བཞག་སྟེ་ ཤོག་ལེབ་ཀྱི་བཟོ་རྣམ་ཅིག་གསར་བསྐྲུན་འབད་དོ།

བཀང་ནིའི་རྩ་སྒྲིག་གི་ཐབས་ལམ་ནང་ལུ་བཟོ་རྣམ་ཚུ་འཇུག་སྤྱོད་འབད་དོ།

སེལ་འཐུ་འབད་ནི་ལས་བཟོ་རྣམ་གསརཔ་ཚུ་གསར་བསྐྲུན་འབད་དོ་

སྔོན་སྒྲིག་ཊེམ་པེལེཊི་བསྒྱུར་བཅོས་འབད་དོ་