དབྱེ་ཚན་ཚུ་ལག་ལེན་འཐབ་དོ་

དབྱེ་ཚན་ཚུ་ ཚད་རིས་ཚུ་ཡང་ན་དངོས་པོ་ཚུ་གྲངས་སུ་བཙུགས་ཏེ་ ཁྱོད་ཀྱིས་ཐབས་ལམ་ཀྱི་གྲངས་ནང་ལུ་ལག་ལེན་འཐབ་བཏུབ་མི་ ཚིག་ཡིག་གི་སྡེབ་ཚན་སྦེ་མིང་བཏགས་ཡོད:

དབྱེ་ཚན་ཅིག་ནང་ ཉུང་མཐའ་དོན་མཚམས་གཅིག་ཡོད། ཁྱོད་ཀྱིས་ཚིག་ཡིག་ཅིག་སེལ་འཐུ་འབད་ཞིནམ་ལས་ དབྱེ་ཚན་ཅིག་གསར་བསྐྲུན་འབད་བའི་སྐབས་ དོན་མཚམས་ཀྱི་བར་མཚམས་འདི་ རང་བཞིན་གྱིས་ ཚིག་ཡིག་འདི་གི་མཇུག་ལུ་བཙུགསཔ་ཨིན།

ཁྱོད་ཀྱིས་དབྱེ་ཚན་འདི་ ཚིག་ཡིག་གི་ཡིག་ཆ་ཅིག་ལས་བཙུགས་བཏུབ་ ཡང་ན་ ཧྲིལ་བུམ་ཚིག་ཡིག་གི་ཡིག་ཆ་འདི་ དབྱེ་ཚན་ཅིག་སྦེ་ ཚིག་ཡིག་གི་ཡིག་ཆ་གཞན་མི་ཅིག་ནང་ལུ་བཙུགས་བཏུབ། ཁྱོད་ཀྱིས་དབྱེ་ཚད་ཚུ་ ཚིག་ཡིག་གི་ཡིག་ཆ་ཅིག་ལས་ འབྲེལ་ལམ་སྦེ་ ཚིག་ཡིག་གི་ཡིག་ཆ་གཞན་མི་ ཡང་ན་ཡིག་ཆ་གཅིག་པ་ནང་ལུ་ཡང་བཙུགས་བཏུབ།

དྲན་འཛིན་ངོས་དཔར།

དབྱེ་ཚན་ཅིག་གི་ཤུལ་ལས་ཡང་ན་ཧེ་མ་ དོན་མཚམས་གསརཔ་ཅིག་དེ་འཕྲལ་ལས་བཙུགས་ནིའི་དོན་ལས་ དབྱེ་ཚན་འདི་གི་གདོང་ཁ་ཡང་ན་རྒྱབ་ཁ་ཨེབ་གཏང་ དེ་ལས་ +ལོག་ལྡེ་ ཨེབ།


དབྱེ་ཚན་ཚུ་དང་ཀེར་ཐིག་ཚུ།

ཁྱོད་ཀྱིས་དབྱེ་ཚན་ཚུ་ ཡོད་བཞིན་པའི་དབྱེ་ཚན་ཅིག་ནང་བཙུགས་བཏུབ། དཔེར་ན་ ཁྱོད་ཀྱིས་ དབྱེ་ཚན་ནང་ན་ ཀེར་ཐིག་གཉིས་ཡོད་མི་ཅིག་ དབྱེ་ཚན་གྱི་ནང་ན་ ཀེར་ཐིག་གཅིག་ཡོད་མི་འདི་ནང་ བཙུགས་བཏུབ།

དབྱེ་ཚན་གྱི་སྒྲིག་བཀོད་ དཔེར་ན་ཀེར་ཐིག་གི་ཨང་འདི་གུ་ལུ་ འདི་ཤོག་ལེབ་བཟོ་རྣམ་ཅིག་ནང་ངེས་འཛིན་འབད་ཡོད་པའི་ ཤོག་ལེབ་སྒྲིག་བཀོད་འདི་ལུ་གཙོ་རིམ་ཡོདཔ་ཨིན།