དབྱེ་ཚན་ཚུ་བཙུགས་དོ་

ཁྱོད་ཀྱིས་ ཡིག་ཆ་གཞན་མི་ནང་གི་དབྱེ་ཚན་ཚུ་ལུ་ དབྱེ་ཚན་གསརཔ་ཡང་ན་ འབྲེལ་ལམ་ཚུ་ ད་ལྟོའི་ཡིག་ཆ་འདི་ནང་ལུ་བཙུགས་བཏུབ། ཁྱོད་ཀྱིས་དབྱེ་ཚན་ཅིག་ འབྲེལ་ལམ་སྦེ་བཙུགསཔ་ཨིན་པ་ཅིན་ འབྲེལ་ལམ་འདི་གི་ནང་དོན་འདི་ ཁྱོད་ཀྱིས་འབྱུང་ཁུངས་ཡིག་ཆ་འདི་ལེགས་བཅོས་འབད་བའི་སྐབས་ བསྒྱུར་བཅོས་འགྱོཝ་ཨིན།

དབྱེ་ཚན་གསརཔ་ཅིག་བཙུགས་ནིའི་དོན་ལས་:

  1. ཁྱོད་ཀྱིས་དབྱེ་ཚན་གསརཔ་ཅིག་ ག་སྟེ་བཙུགས་དགོ་མནོ་སའི་ཁྱོད་རའི་ཡིག་ཆ་ནང་ལུ་ཨེབ་གཏང་ ཡང་ན་ ཁྱོད་ཀྱིས་དབྱེ་ཚན་ཅིག་ལུ་ གཞི་བསྒྱུར་འབད་དགོ་མནོ་མི་ཚིག་ཡིག་འདི་སེལ་འཐུ་འབད།

    ཁྱོད་ཀྱིས་ དོན་མཚམས་ཅིག་གི་ནང་འཁོད་འབྱུང་མི་ཚིག་ཡིག་ཅིག་སེལ་འཐུ་འབདཝ་ཨིན་པ་ཅིན་ ཚིག་ཡིག་འདི་རང་བཞིན་གྱིས་ དོན་མཚམས་གསརཔ་ཅིག་ནང་ལུ་གཞི་བསྒྱུར་འབདཝ་ཨིན།

  2. བཙུགས་ - དབྱེ་ཚན་གདམ་ཁ་རྐྱབས།

  3. ཊེམ་པེལེཊི་གསརཔ་ སྒྲོམ་འདི་ནང་ ཊེམ་པེལེཊི་གསརཔ་འདིགི་དོན་ལུ་མིང་ཅིག་ཡིག་དཔར་རྐྱབས།

  4. དབྱེ་ཚན་འདི་གྱི་དོན་ལུ་གདམ་ཁ་ཚུ་གཞི་སྒྲིག་འབད་ དེ་ལས་ བཙུགས་ཨེབ་གཏང་།

དབྱེ་ཚན་ཅིག་ འབྲེལ་ལམ་སྦེ་བཙུགས་ནིའི་དོན་ལས་:

ཁྱོད་ཀྱིས་དབྱེ་ཚན་ཅིག་འབྲེལ་ལམ་སྦེ་མ་བཙུགས་པའི་ཧེ་མར་ ཁྱོད་ཀྱིས་དང་པ་རང་ འབྱུང་ཁུངས་ཡིག་ཆ་ནང་ལུ་དབྱེ་ཚན་ཚུ་གསར་བསྐྲུན་འབད་དགོ།

ཁྱོད་ཀྱིས་འབྲེལ་མཐུད་འབད་ཡོད་པའི་དབྱེ་ཚན་ཡོད་མི་ ཡིག་ཆ་ཅིག་ཁ་ཕྱེ་བའི་སྐབས་ LibreOffice གིས་ ཁྱོད་ལུ་ དབྱེ་ཚན་འདི་ཚུ་གི་ནང་དོན་འདི་ཚུ་ དུས་མཐུན་བཟོ་ནི་གི་ ནུས་སྤེལ་འབདཝ་ཨིན། ལག་ཐོག་ལས་འབྲེལ་ལམ་ཅིག་དུས་མཐུན་བཟོ་ནིའི་དོན་ལས་ ལག་ཆས་ཚུ་ - དུས་མཐུན་བཟོ་ནི་ - འབྲེལ་ལམ་ཚུ་གདམ་ཁ་རྐྱབས།

ཁྱོད་ཀྱིས་འབྲེལ་མཐུད་འབད་ཡོད་པའི་དབྱེ་ཚན་ཚུ་ ཨེཆ་ཊི་ཨེམ་ཨེལ་ཡིག་ཆ་ཚུ་ནང་ བཙུགས་བཏུབ། ཁྱོད་ཀྱིས་ཤོག་ལེབ་འདི་ ཝེབ་བརའུ་ཟར་ནང་ལུ་སྟོན་པའི་སྐབས་ དབྱེ་ཚན་འདི་གི་ནང་དོན་འདི་ ཨེཆ་ཊི་ཨེམ་ཨེལ་ཡིག་ཆ་འདི་མཇུག་ལུ་སྲུང་བཞག་འབད་ཡོད་པའི་དུས་ལས་ དབྱེ་ཚན་འདིགི་ནང་དོན་འདི་ལུ་ ཆ་མཉམ་ཨིན།

  1. ཁྱོད་ཀྱིས་འབྲེལ་མཐུད་འབད་ཡོད་པའི་དབྱེ་ཚན་འདི་བཙུགས་དགོ་མནོ་སའི་ ཁྱོད་རའི་ཡིག་ཆ་ནང་ལུ་ཨེབ་གཏང་།

  2. བཙུགས་ - དབྱེ་ཚན་གདམ་ཁ་རྐྱབས།

  3. ཊེམ་པེལེཊི་གསརཔ་ སྒྲོམ་འདི་ནང་ ཊེམ་པེལེཊི་གསརཔ་འདིགི་དོན་ལུ་མིང་ཅིག་ཡིག་དཔར་རྐྱབས།

  4. འབྲེལ་ལམ་ མངའ་ཁོངས་འདི་ནང་ལུ་ འབྲེལ་ལམ་ དཔྱད་སྒྲོམ་འདི་སེལ་འཐུ་འབད།

  5. Click the Browse button next to the File name box.

  6. ཁྱོད་ཀྱིས་འབྲེལ་མཐུད་འབད་དགོ་མནོ་མི་དབྱེ་ཚན་འདི་ཡོད་མི་ ཡིག་ཆ་འདི་ག་ཡོད་འཚོལ་ དེ་ལས་ བཙུགས་ཨེབ་གཏང་།

  7. ཨང་བཏགས་ནིའི་བཟོ་རྣམ་ཚུའི་ སྒྲོམ་ནང་ལུ་ ཁྱོད་ཀྱིས་ལག་ལེན་འཐབ་ནི་ཨིན་མི་ཨང་བཏགས་ནིའི་དབྱེ་བ་འདི་སེལ་འཐུ་འབད།

  8. བཙུགས་ཨེབ་གཏང་།

དབྱེ་ཚན་ཚུ་ལག་ལེན་འཐབ་དོ་

དབྱེ་ཚན་ཚུ་ཞུན་དག་འབད་དོ་