ཐིག་ཤིང་ཚུ་ལག་ལེན་འཐབ་དོ།

To show or hide rulers, choose View - Ruler. To show the vertical ruler, choose - LibreOffice Writer - View, and then select Vertical ruler in the Ruler area.

ཤོག་ལེབ་ཀྱི་ས་སྟོང་ཚུ་བདེ་སྒྲིག་འབད་དོ།

ཤོག་ལེབ་ཀྱི་ས་སྟོང་འདི་ ཐིག་ཤིང་ཚུ་གི་མཇུག་ལུ་ཡོད་པའི་ས་སྒོའི་མངའ་ཁོངས་ཀྱིས་བརྡ་སྟོན་འབད་ཡོདཔ་ཨིན།

འགོ་མཚམས་ཚུ་བསྒྱུར་བཅོས་འབད་དོ།

འོག་མཚམས་ཚུ་ ཐད་སྙོམས་ཐིག་ཤིང་འདི་གུའི་ཟུར་གསུམ་མ་ཆུང་ཀུ་གསུམ་དང་གཅིག་ཁར་ བདེ་སྒྲིག་འབད་ཡོདཔ་ཨིན།

  1. གཡོན་ཡང་ན་གཡས་ཀྱི་དོན་མཚམས་འགོ་མཚམས་འདི་བསྒྱུར་བཅོས་འབད་ནིའི་དོན་ལས་ ཁྱོད་ཀྱིས་འགོ་མཚམས་འདི་བསྒྱུར་བཅོས་འབད་ནི་ཨིན་མི་ དོན་མཚམས་འདི་བསྒྱུར་བཅོས་འབད་ མཇུག་གི་གཡོན་ཡང་ན་མཇུག་གི་གཡས་ཀྱི་ཟུར་གསུམ་མ་འདི་ གནས་ཁོངས་གསརཔ་ཅིག་གི་ཐད་སྙོམས་གུ་ལུ་འདྲུད།

  2. སེལ་འཐུ་འབད་ཡོད་པའི་དོན་མཚམས་ཅིག་གི་ གྲལ་ཐིག་གི་འགོ་མཚམས་དང་པ་འདི་བསྒྱུར་བཅོས་འབད་ནིའི་དོན་ལས་ ཐད་སྙོམས་ཐིག་ཤིང་གུའི་ མགོའི་གཡོན་གྱི་ཟུར་གསུམ་མ་འདི་ གནས་ཁོངས་གསརཔ་ཅིག་ལུ་འདྲུད།

ཁྱོད་ཀྱིས་ཐད་སྙོམས་ཐིག་ཤིང་འདི་གུ་ག་སྟེ་འབད་རུང་ ཚར་གཉིས་ཨེབ་གཏང་ཞིནམ་ལས་ འགོ་མཚམས་ཚུ་ དོན་མཚམས་ ཌའི་ལོག་ནང་ལུ་བདེ་སྒྲིག་འབད་བཏུབ།