ཤོག་ལེབ་ཀྱི་ཨང་།

ད་ལྟོའི་ ཤོག་ལེབ་ཀྱི་ཨང་དེ་ འ་ནི་གནས་ཚད་ཚད་ཕྲ་རིང་གི་ ས་སྒོ་ནང་བཀྲམ་སྟོན་འབད་ཡོདཔ་ཨིན། ཁྱོད་ཀྱི་ཡིག་ཆ་ནང་ འགྲུལ་བསྐྱོད་འབད་བཏུབ་མི་དང་གཅིག་ཁར་ ཨེབ་གཏང་ཐེངས་གཉིས་ཀྱིས་ འགྲུལ་བསྐྱོདཔ་དེ་ཁ་ཕྱེཝ་ཨིན། གཡས་ཀྱི་ཨེབ་གཏང་གིས་ ཡིག་ཆ་ནང་གི་ དེབ་རྟགས་ཆ་མཉམ་སྟོནམ་ཨིན། ཚིག་ཡིག་གི་འོད་རྟགས་འདི་ དེབ་རྟགས་ཀྱི་གནས་ཁོངས་ནང་ལུ་ བཞག་ནི་ལུ་ དེབ་རྟགས་ལུ་ཨེབ་གཏང་འབད།

བཀྲམ་སྟོན་འབད་ཡོད་པའི་ ཤོག་ལེབ་ (x) དང་ ཤོག་ལེབ་(y)་ཚུ་གི་ བསྡོམས་གྲངས་དེ་ ཤོག་ལེབ་ x/y་ གི་འབྲི་ཤོག་ ནང་ལུ་ སྟོན་ཡོདཔ་ཨིན། ཁྱོད་ཀྱི་ ཡིག་ཆ་བརྒྱུད་དེ་ མཱའུསི་གི་ཐོག་ལས་ བཤུད་སྒྲིལ་འབད་བའི་སྐབས་ ཁྱོད་ཀྱི་མཱའུསི་གི་ཨེབ་རྟ་དེ་ གཏངམ་ཅིག་ ཤོག་ལེབ་ཀྱི་ཨང་དེ་ བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱི་ གཡས་ཀྱི་བཤུད་ཕྲ་དེ་ ལག་ལེན་འཐབ་ཐོག་ལས་ བཤུད་སྒྲིལ་འབདཝ་ད་ ཤོག་ལེབ་ཀྱི་གྲངས་དེ་ཚུ་ གྲོགས་རམ་གྱི་ཕན་བསླབ་སྦེ་ བཀྲམ་སྟོན་འབདཝ་ཨིན། གནས་ཚད་ཕྲ་རིང་དང་ བཤུད་ཕྲ་གི་ ཤོག་ལེབ་ཨང་བཏགས་བཀོད་ནིའི་ རྩ་སྒྲིག་འདི་ དབྱེར་མེད་ཨིན།

ཁྱོད་ཀྱི་ Navigatorཤོག་ལེབ་ཨང་གི་ས་སྒོ་དེ་ལུ་ ཨེབ་གཏང་ཐེངས་གཉིས་འབད་ཐོག་ལས་འགྲུལ་བསྐྱོདཔ་བཀྲམ་སྟོན་དེ་ཊཱན་ཨོཕ་འབད་ཨཱོན་ ཡང་ན་ ཨོཕ་འབད་བཏུབ།

དམིགས་བསལ་གྱི་ཤོག་ལེབ་ནང་ འགྱོ་ནི་ལུ་ ཤོག་ལེབ་ཀྱི་ཨང་དེ་ འགྲུལ་བསྐྱོདཔ་ནང་གི་ ཤོག་ལེབ་བསྒྱིར་རྟ་ནང་ ཐོ་བཀོད་འབད་ཞིནམ་ལས་ ལོང་ལྡེ་ལུ་ཨེབ་གཏང་འབད།

དྲན་འཛིན་ངོས་དཔར།

མགྱོགས་ཐབས་ཀྱི་ལྡེ་མིག་ སོར་ལྡེ++F5་ཨེབ་ཐོག་ལས་ ཁྱོད་ཀྱི་ ཤོག་ལེབ་ཀྱི་ཨང་ཅིག་ ཐོ་བཀོད་འབད་ནི་ལུ་ སོར་བསྒྱུར་འབདཝ་ཨིན། ཁྱོད་ཀྱི་ལོག་ལྡེ་འདི་ ཨེབ་ད་ འོད་རྟགས་དེ་ སེལ་འཐུ་གྲུབ་པའི་ ཤོག་ལེབ་ནང་ སྤོ་བཤུད་འབདཝ་ཨིན།