རྩ་སྒྲིག་
ཡིག་ཤུབས་དེ་གི་སྒྲིག་བཀོད་དང་རྒྱ་ཁྱོན་དེ་གསལ་བཀོད་འབདཝ་ཨིན།
གཏང་ཡུལ།
གཏང་ཡུལ་ས་སྒོ་དེ་གི་གནས་ས་དང་ ཚིག་ཡིག་རྩ་སྒྲིག་འབད་ནིའི་གདམ་ཁ་ཚུ་གཞི་སྒྲིག་འབདཝ་ཨིན།
གནས་ས་
ཡིག་ཤུབས་གུར་ལེན་མཁན་གྱི་ཁ་ཡིག་གི་གནས་ས་དེ་གཞི་སྒྲིག་འབདཝ་ཨིན།
གཡོན་ལས་
ཁྱོད་ཀྱིས་ ཡིག་ཤུབས་ཀྱི་གཡོན་གྱི་མཐའམ་དང་ གཏང་ཡུལ་ས་སྒོ་དེ་གཉིས་ཀྱི་བར་ན་ལུ་ བར་སྟོང་ག་དེ་ཅིག་བཞག་ནི་ཨིན་ན་ཐོ་བཀོད་འབད།
སྤྱི་ཏོག་ལས་
ཁྱོད་ཀྱིས་ ཡིག་ཤུབས་དེ་གི་སྤྱི་ཏོག་མཐའ་མ་ལས་གཏང་ཡུལ་ས་སྒོ་དེ་གཉིས་ཀྱི་བར་ན་ལུ་ བར་སྟོང་གི་ས་སྒོ་ག་དེ་ཅིག་བཞག་ནི་ཨིན་ན་ ཐོ་བཀོད་འབད།
ཞུན་དག་
ཁྱོད་ཀྱིས་ཞུན་དག་འབད་དགོ་མནོ་མི་གཏང་ཡུལ་ས་སྒོ་དེ་གི་དོན་ལུ་ ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ ཚིག་ཡིག་རྩ་སྒྲིག་འབད་ནི་བཟོ་རྣམ་དེ་གདམ་ཁ་རྐྱབས།་
ཡིག་འབྲུ།
གཏང་ཡུལ་ས་སྒོའི་ནང་ལུ་ལག་ལེན་འཐབ་ཡོད་མི་ཡིག་འབྲུ་རྩ་སྒྲིག་འབད་ནི་དེ་ཞུན་དག་འབད་སའི་ཌའི་ལོག་ཅིག་ཁ་ཕྱེཝ་ཨིན།
དོན་མཚམས་
གཏང་ཡུལ་ས་སྒོ་དེ་ནང་ལུ་ལག་ལེན་འཐབ་ཡོད་མི་ དོན་མཚམས་རྩ་སྒྲིག་འབད་ནི་ཞུན་དག་འབད་སའི་ཌའི་ལོག་ཅིག་ཁ་ཕྱེ།
གཏང་མི་
གཏང་མིའི་ས་སྒོ་དེ་གི་གནས་ས་དང་ ཚིག་ཡིག་རྩ་སྒྲིག་འབད་ནི་འི་གདམ་ཁ་དེ་ཚུ་ གཞི་སྒྲིག་འབདཝ་ཨིན།
གནས་ས་
གཏང་མིའི་ཁ་ཡིག་དེ་གི་གནས་ས་དེ་ ཡིག་ཤུབས་དེ་གུར་གཞི་སྒྲིག་འབདཝ་ཨིན།
གཡོན་ལས་
ཡིག་ཤུབས་ཀྱི་གཡོན་གྱི་མཐའམ་དང་ གཏང་མི་ས་སྒོ་དེ་གཉིས་ཀྱི་བར་ན་ལུ་ བར་སྟོང་ག་དེ་ཅིག་བཞག་ནི་ཨིན་ན་ ཐོ་བཀོད་འབད།
སྤྱི་ཏོག་ལས་
ཡིག་ཤུབས་དེ་གི་སྤྱི་ཏོག་གི་མཐའམ་དང་ གཏང་མི་ས་སྒོ་དེ་གཉིས་ཀྱི་བར་ན་ལུ་ བར་སྟོང་ག་དེ་ཅིག་བཞག་ནི་ཨིན་ན་ ཐོ་བཀོད་འབད།
ཞུན་དག་
ཁྱོད་ཀྱིས་ཞུན་དག་འབད་དགོ་མནོ་མི་ གཏང་མི་ས་སྒོ་དེ་གི་དོན་ལུ་ཚིག་ཡིག་རྩ་སྒྲིག་འབད་ནིའི་བཟོ་རྣམ་དེ་ ཨེབ་གཏང་འབད་ཞིནམ་ལས་ གདམ་ཁ་རྐྱབས།
ཡིག་འབྲུ།
ཁྱོད་ཀྱིས་ གཏང་མི་ས་སྒོ་ནང་ལུ་ལག་ལེན་འཐབ་ཡོད་པའི་ཡིག་འབྲུ་རྩ་སྒྲིག་འབད་ནི་དེ་ ཞུན་དག་འབད་སའི་ཌའི་ལོག་ཅིག་ཁ་ཕྱེཝ་ཨིན།
དོན་མཚམས་
ཁྱོད་ཀྱིས་ གཏང་མི་ས་སྒོ་དེ་ནང་ལུ་ལག་ལེན་འཐབ་ཡོད་པའི་དོན་མཚས་རྩ་སྒྲིག་འབད་ནི་དེ་ ཞུན་དག་འབད་སའི་ཌའི་ལོག་ཅིག་ཁ་ཕྱེཝ་ཨིན།
ཚད་
ཁྱོད་ཀྱིས་ལག་ལེན་འཐབ་དགོ་མནོ་མི་ ཡིག་ཤུབས་ཚད་ཀྱི་རྩ་སྒྲིག་དེ་ སེལ་འཐུ་འབད་ནི་དང་ ཡང་ན་ སྲོལ་སྒྲིག་གི་ཚད་ཅིག་གསར་བསྐྲུན་འབད།
རྩ་སྒྲིག་
ཁྱོད་ལ་དགོ་པའི་ཡིག་ཤུབས་ཀྱི་ཚད་དེ་སེལ་འཐུ་འབད་ནི་དང་ ཡང་ན་ "User Defined"དེ་སེལ་འཐུ་འབད་ཞིནམ་ལས་ དེ་ལས་ སྲལ་སྒྲིག་ཚད་དེ་གི་རྒྱ་ཚད་དང་མཐོ་ཚད་དེ་བཙུགས།
རྒྱ་ཚད་
ཡིག་ཤུབས་དེ་གི་རྒྱ་ཚད་དེ་བཙུགས།
མཐོ་ཚད་
ཡིག་ཤུབས་དེ་གི་མཐོ་ཚད་དེ་བཙུགས།