རང་བཞིན་ཚིག་ཡིག་

དེ་གིས་ རང་བཞིན་ཚིག་ཡིག་ གསར་བསྐྲུན་ ཞུན་དག་ ཡང་ན་ བཙུགསཔ་ཨིན། ཁྱོད་ཀྱིས་ རྩ་སྒྲིག་འབད་ཡོད་པའི་ཚིག་ཡིག་དེ་ ཚད་རིས་ གཞི་ཁྲམ་དང་ དེ་ལས་ ས་སྒོ་ཚུ་རང་བཞིན་ཚིག་ཡིག་སྦེ་གསོག་འཇོག་འབད་ཚུགས། རང་བཞིན་ཚིག་ཡིག་དེ་མགྱོགས་པ་རང་བཙུགས་ནིའི་དོན་ལུ་ ཁྱོད་རའི་ཡིག་ཆ་ནང་གི་རང་བཞིན་ཚིག་ཡིག་གི་དོན་ལུ་ མགྱོགས་ཐབས་དེ་ཡིག་དཔར་བརྐྱབ་ནི་དང་ དེ་ལས་ F3.དེ་ཨེབ།

ཊི་ཨའི་པི་ངོས་དཔར།

ཁྱོད་ཀྱིས་མདའ་རྟགས་དེ་ བཙུགས་ནིའི་ཕྲ་རིང་གུར་ཡོད་མི་ རང་འཞིན་ཚིག་ཡིག་ གི་ཤུལ་མ་ཨེབ་གཏང་འབད་དགོཔ་ཨིནམ་དང་ དེ་ལས་ ཁྱོད་ར་བཙུགས་དགོ་མནོ་མི་རང་བཞིན་ཚིག་ཡིག་དེ་གདམ་ཁ་རྐྱབས།


བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས་ ཞུན་དག་ འབད- རང་བཞིན་ཚིག་ཡིག

+F3

ལག་ཆས་ཕྲ་རིང་བཙུགས་ནི་གུར་ ཨེབ་གཏང་འབད།

ངོས་དཔར་

རང་བཞིན་ཚིག་ཡིག


རང་བཞིན་ཚིག་ཡིག་ལག་ལེན་འཐབ་དོ་

རང་བཞིན་ཚིག་ཡིག

AutoText ཌའི་ལོག་དེ་གིས་ རང་བཞིན་ཚིག་ཡིག་དབྱེ་རིམ་ཚུ་དང་ ཐོ་བཀོད་ཚུ་ཐོ་འགོད་འབདཝ་ཨིན།

མིང་གི་ལྷག་ལུས་དེ་ ཡིག་དཔར་བརྐྱབ་པའི་སྐབས་ལུ་ བསམ་འཆར་སྦེ་བཀྲམ་སྟོན་འབད།

རང་བཞིན་ཚིག་ཡིག་ཁྱོད་ཀྱིས་ ཐོ་བཀོད་དང་མཐུན་སྒྲིག་ཡོད་མི་མིང་ཚིག་ཅིག་གི་ཡི་གུ་དང་པམ་གསུམ་ཡིག་དཔར་བརྐྱབས་ཚར་བའི་ཤུལ་ལས་ མིག་ཚིག་དེ་གྲོགས་རམ་ཕན་བསླབ་སྦེ་མཇུག་བསྡུ་ནིའི་དོན་ལུ་ བསམ་འཆར་ཅིག་བཀྲམ་སྟོན་འབདཝ་ཨིན། བསམ་འཆར་དེ་དང་ལེན་འབད་ནིའི་དོན་ལུ་ བཙུགས་ལྡེ་འདི་ལུ་ ཨེབ། རང་བཞིན་ཚིག་ཡིག་གི་ཐོ་བཀོད་གཅིག་ལས་ལྷག་སྟེ་ ཁྱོད་ཀྱི་ཡིག་དཔར་རྐྱབ་མི་ཡི་གུ་དང་མཐུན་སྒྲིག་ཡོད་པ་ཅིན་ ཐོ་བཀོད་ཚུ་བརྒྱུད་དེ་སྔ་གཡར་འབད་ནིའི་དོན་ལུ་ ཚད་འཛིན་+མཆོངས་ལྡེ་དེ་ལུ་ཨེབ། དཔེ་འབད་བ་ཅིན་ ཌ་མི་ཚིག་ཡིག་བཙུགས་ནིའ་དོན་ལུ་ "Dum" དེ་ཡིག་དཔར་བརྐྱབ་ཞིནམ་ལས་ དེ་ལས་ བཙུགས་ལྡེ་དེ་ལུ་ཨེབ།

To display the list in reverse order, press +Shift+Tab.

མིང་

ད་ལྟོ་སེལ་འཐུ་འབད་དེ་ཡོད་མི་རང་བཞིན་ཚིག་ཡིག་ཐོ་བཀོད་དེ་གི་མིང་ཐོ་འགོད་འབདཝ་ཨིན། ཁྱོད་ཀྱིས་ཡིག་ཆའི་ནང་ལུ་ཚིག་ཡིག་སེལ་འཐུ་འབད་དེ་ཡོད་པ་ཅིན་ AutoText ཨེབ་རྟ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་ གསརཔ་.གདམ་ཁ་རྐྱབས།

མགྱོགས་ཐབས།

སེལ་འཐུ་འབད་དེ་ཡོད་མི་ རང་བཞིན་ཚིག་ཡིག་ཐོ་བཀོད་དེ་གི་དོན་ལུ་ མགྱོགས་ཐབས་དེ་བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱིས་ རང་བཞིན་ཚིག་ཡིག་ཐོ་བཀོད་གསརཔ་བཟོཝ་ཨིན་པ་ཅིན་ ཐོ་བཀོད་འབད་ནིའི་དོན་ལུ་ལག་ལེན་འཐབ་ནི་ཨིན་མི་མགྱོགས་ཐབས་ཡིག་དཔར་རྐྱབས།

ཐོ་འགོད་སྒྲོམ།

རང་བཞིན་ཚིག་ཡིག་དབྱེ་རིམ་ཚུ་ཐོ་འགོདའབདཝ་ཨིན། རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་དབྱེ་རིམ་ཅིག་ནང་ལུ་སྟོན་ནིའི་དོན་ལུ་ དབྱེ་རིམ་དེ་ལུ་ ཚར་གཉིས་ཨེབ་གཏང་འབད་ནི་དང་ ཡང་ན་ དབྱེ་རིམ་འདི་གི་གདོང་ཁ་ལུ་ བསྡོམས་རྟགས་(+)་དེ་ལུ་ཨེབ་གཏང་འབད། རང་བཞིན་ཚིག་ཡིག་ཐོ་བཀོད་དེ་ ད་ལྟོའི་ཡིག་ཆའི་ནང་ལུ་བཙུགས་ནིའི་དོན་ལུ་ ཐོ་བཀོད་དེ་ཐོ་ཡིག་ནང་ལུ་སེལ་འཐུ་འབད་ཞིནམ་ལས་ དེ་ལས་་བཙུགས་ལྡེ་དེ་ལུ་ཨེབ་གཏང་འབད།

ཊི་ཨའི་པི་ངོས་དཔར།

ཁྱོད་ཀྱིས་ རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་ དབྱེ་རིམ་གཅིག་ནང་ལས་གཅིག་ལུ་འདྲུད་ཞིནམ་ལས་ བཀོག་བཞག་ཚུགས།


བཙུགས

སེལ་འཐུ་འབད་ཡོད་མི་རང་བཞིན་ཚིག་ཡིག་དེ ད་ལྟོའི་ཡིག་ཆའི་ནང་ལུ་བཙུགསཔ་ཨིན།

དྲན་འཛིན་ངོས་དཔར།

ཁྱོད་རྩ་སྒྲིག་མ་འབད་བར་ཡོད་མི་རང་བཞིན་ཚིག་ཡིག་ཐོ་བཀོད་ཅིག་ དོན་མཚམས་ནང་ལུ་བཙུགས་པ་ཅིན་ ཐོ་བཀོད་དེ་གིས་ད་ལྟོའི་དོན་མཚམས་གྱི་བཟོ་རྣམ་བཟུམ་སྦེ་རྩ་སྒྲིག་འབད་དེ་སྡོོད་འོང་།


ཁ་བསྡམས།

ཌའི་ལོག་ཁ་བསྡམས་ནི་དང་བསྒྱུར་བཅོས་ཚུ་ཆ་མཉམ་སྲུང་བཞག་འབདཝ་ཨིན།

རང་བཞིན་ཚིག་ཡིག

རང་བཞིན་ཚིག་ཡིག་གི་བརྡ བཀོད་ཐེབས་ཚུ་བཀྲམ་་སྟོན་འབད་ནིའི་དོན་ལུ་ ཨེབ་གཏང་འབད། དཔེ་འབད་བ་ཅིན་ ད་ལྟོའི་ཡིག་ཆ་ནང་ལུ་ཚིག་ཡིག་སེལ་འཐུ་ཅིག་ནང་ལས་ རང་བཞིན་ཚིག་ཡིག་ཐོ་བཀོད་གསརཔ་ཅིག་གསར་བསྐྲུན་འབད་ནིའི་དོན་ལུ།

གསརཔ་

ཁྱོད་ཀྱིས་ ད་ལྟོའི་ཡིག་ཆ་ནང་ལུ་བཟོ་སྟེ་ཡོད་མི་སེལ་འཐུའི་ནང་ལས་ རང་བཞིན་ཚིག་ཡིག་ཐོ་བཀོད་གསརཔ་ཅིག་གསར་བསྐྲུན་འབདཝ་ཨིན། ཐོ་བཀོད་དེ་ ད་སྟོ་འཕྲལ་ཁམས་སེལ་འཐུ་འབད་ཡོད་མི་ རང་བཞིན་ཚིག་ཡིག་དབྱེ་རིམ་ནང་ལུ་ཁ་སྐོང་བརྐྱབས་ཏེ་ཡོདཔ་ཨིན། ཁྱོད་ཀྱིས་བརྡ་བཀོད་འདི་མ་བལྟ་བའི་ཧེ་མ་ མིང་ཅིག་བཙུགས་དགོ

གསརཔ།(ཚིག་ཡིག་རྐྱངམ་ཅིག)

Creates a new AutoText entry only from the text in the selection that you made in the current document. Graphics, tables and other objects are not included. You must first enter a name before you see this command.

འདྲ་བཤུས།

སེལ་འཐུ་འབད་དེ་ཡོད་མི་རང་བཞིན་ཚིག་ཡིག་དེ་ འཛི་ན་དཔང་ལུ་འདྲ་བཤུས་བརྐྱབ་ཨིན།

ཚབ་བཙུགས།

ད་ལྟོ་འཕྲལ་ཁམས་ཀྱི་ཡིག་ཆའི་ནང་ལུ་བཟོ་ཡོད་མི་སེལ་འཐུ་དང་གཅིག་ཁར་ སེལ་འཐུ་འབད་ཡོད་མི་རང་བཞིན་ཚིག་ཡིག་ཐོ་བཀོད་དེ་གི་ཚབ་བཙུགསཔ་ཨིན།

བསྐྱར་མིང་བཏགས་

ཁྱོད་ཀྱིས་སེལ་འཐུ་འབད་ཡོད་མི་ Rename རང་བཞིན་ཚིག་ཡིག་ཐོ་བཀོད་ཌའི་ལོག་དེ་ཁ་ཕྱེཝ་ཨིན།

བཏོན་གཏང་།

གིས་ སེལ་འཐུ་འབད་ཡོད་པའི་ཆ་ཤས་དང་ ཡང་ན་ ངེས་དཔྱད་འདི་བཏོན་གཏངམ་ཨིན།

ཞུན་དག་

ཡིག་ཆ་སོ་སོའི་ནང་ལུ་ཞུན་དག་འབད་ནིའི་དོན་ལུ་ སེལ་འཐུ་འབད་ཡོད་པའི་རང་བཞིན་ཚིག་ཡིག་ཐོ་བཀོད་དེ་ཁ་ཕྱེཝ་ཨིན། ཁྱོད་ར་ལུ་དགོ་པའི་བསྒྱུར་བཅོས་ཚུ་བཟོ་ ཡིག་སྣོད་ - རང་བཞིན་ཚིག་ཡིག་སྲུང་བཞག་འབད་ ཟེར་མི་དེ་ གདམ་ཁ་བརྐྱབ་ཞིནམ་ལས་ དེ་ལས་ ཡིག་སྣོད་ - ཁ་བསྡམས་ཟེར་མི་དེ་ .གདམ་ཁ་རྐྱབས།

མེཀརོ།

ཁྱོད་ཀྱིས་སེལ་འཐུ་འབད་ཡོད་མི་ རང་བཞིན་ཚིག་ཡིག་ཐོ་བཀོད་དེ་ནང་ལུ་མཉམ་སྦྲགས་འབད་སྲོལ་ཡོད་མི་ འགན་སྤྲོད་མེཀ་རོ་ཌའི་ལོག་དེ་ཁ་ཕྱེཝ་ཨིན།

ཁྱོད་ཀྱིས་གསར་བསྐྲུན་འབད་སྲོལ་ཡོད་མི་རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་ནང་ལུ་བྱིན་ཏེ་ཡོད་མི་རང་བཞིན་ཚིག་ཡིག་ཐོ་བཀོད་ལ་ལུ་ཅིག་དང་འབྲེལ་མཐུད་འབད་དེ་ཡོད་པའི་མེཀ་རོ་ཚུ་དེ་ཚུ་ལག་ལེན་འཐབ་ཚུགས། རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་ "text only" ཟེར་མི་གདམ་ཁ་དང་ཅིག་ཁར་གསར་བསྐྲུན་འབད་དགོཔ་ཨིན། དཔེ་འབད་བ་ཅིན་ ཡིག་ཚུགས་<field:company>དེ་རང་བཞིན་ཚིག་ཡིག་ཐོ་བཀོད་ནང་ལུ་བཙུགས་ཞིནམ་ལས་ LibreOffice ཆ་མཉམ་པའི་གནད་སྡུད་ས་སྒོ་དེ་གི་ནང་དོན་ཚུ་དང་གཅིག་ཁར་ཡིག་ཚུགས་དེ་ཚབ་བཙུགསཔ་ཨིན།

ནང་འདྲེན།

ཁྱོད་ཀྱིས་ནང་འདྲེན་འབད་དགོ་མནོ་མི་ རང་བཞིན་ཚིག་ཡིག་ཐོ་བཀོད་ཚུ་ཡོད་པའི་ མིང་ཚིག་ཡིག་ཆ་དང་ ཡང་ན་ ཊེམ་པེལེཊི་ MS 97/2000/XP དེ་སེལ་འཐུའབད་ཚུགས་པའི་ཌའི་ལོག་དེ་ཁ་ཕྱེཝ་ཨིན།

དབྱེ་རིམ་ཚུ།

རང་བཞིན་ཚིག་ཡིག་དབྱེ་རིམ་ཚུ་ ཁ་སྐོང་དང་ བསྐྱར་མིང་ ཡང་ན་ བཏོན་གཏངམ་ཨིན།

དབྱེ་རིམ་ཚུ་ཞུན་དག་འབད།

རང་བཞིན་ཚིག་ཡིག་དབྱེ་རིམ་ཚུ་ ཁ་སྐོང་དང་ བསྐྱར་མིང་ ཡང་ན་ བཏོན་གཏངམ་ཨིན།

དབྱེ་རིམ།

སེལ་འཐུ་འབད་ཡོད་མི་རང་བིན་ཚིག་ཡིག་དབྱེ་རིམ་དེ་གི་མིང་བཀྲམ་སྟོན་འབདཝ་ཨིན། དབྱེ་རིམ་དེ་གི་མིང་བསྒྱུར་བཅོས་འབད་ནིའི་དོན་ལུ་ མིང་གསརཔ་ཅིག་ཡིག་དཔར་བརྐྱབ་ཞིནམ་ལས་ དེ་ལས་ བསྐྱར་མིང་བཏགས་ཟེར་མི་དེ་ལུ་ཨེབ་གཏང་འབད། དབྱེ་རིམ་གསརཔ་གསརཔ་ཅིག་གསར་བསྐྲུན་འབད་ནིའི་དོན་ལུ་ མིང་ཅིག་ཡིག་དཔར་བརྐྱབ་ཞིནམ་ལས་ དེ་ལས་ གསརཔ་.ཟེར་མི་དེ་ལུ་ཨེབ་གཏང་འབད།

འགྲུལ་ལམ།

སེལ་འཐུ་འབད་ཡོད་པའི་རང་བཞིན་ཚིག་ཡིག་དབྱེ་རིམ་གྱི་ཡིག་སྣོད་ཚུ་གསོག་འཇོག་འབད་ཡོད་པའི་སྣོད་འཛིན་དེ་ལུ་ ད་ལྟོའི་འགྲུལ་ལམ་དེ་བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱིས་རང་བཞིན་ཚིག་ཡིག་དབྱེ་རིམ་དེ་གསར་བསྐྲུན་འབདཝ་ཨིན་པ་ཅིན་ དབྱེ་རིམ་ཡིག་སྣོད་ཚུ་ག་སྟེ་ལུ་གསོག་འཇོག་འབད་ནི་ཨིན་ན་ ཁྱོད་ར་གིས་སེལ་འཐུ་འབད།

གསརཔ་

ཁྱོད་ཀྱིས་སྒྲོམ་ནང་ལུ་བཙུགས་ཡོད་མི་མིང་དེ་ལག་ལེན་འཐབ་པའི་ཐོག་ལས་ རང་བཞིན་ཚིག་ཡིག་དབྱེ་རིམ་གསརཔ་ཅིག་གསར་བསྐརུན་འབདཝ་ཨིན།

བསྐྱར་མིང་བཏགས་

སེལ་འཐུ་འབད་དེ་ཡོད་མི་རང་བཞིན་ཚིག་ཡིག་དབྱེ་རིམ་དེ་ ཁྱོད་ཀྱིས་མིང་གི་སྒྲོམ་ནང་ལུ་བཙུགས་ཡོད་མི་མིང་ལུ་བསྒྱུར་བཅོས་འབདཝ་ཨིན།

སེལ་འཐུའི་ཐོ་ཡིག

ད་ལྟོ་ཡོད་པའི་རང་བཞིན་ཚིག་ཡིག་དབྱེ་རིམ་ཚུ་དང་ ཆ་མཉམ་པའི་འགྲུལ་ལམ་ཚུ་ཐོ་འགོད་འབདཝ་ཨིན།

བཏོན་གཏང་།

སེལ་འཐུ་འབད་ཡོད་མི་གི་ཆ་ཤས་དང་ ཡང་ཅིན་ ངེས་དཔྱད་དགོས་མཁོ་མེད་པའི་ཆ་ཤས་ཚུ་བཏོན་གཏངམ་ཨིན།

འགྲུལ་ལམ།

ཁྱོད་ཀྱིས་རང་བཞིན་ཚིགཡིག་གསོག་འཇོག་འབད་ནིའི་དོན་ལུ་སྣོད་ཐོ་སེལ་འཐུ་འབད་ཚུགས་པའི་འགྲུལ་ལམ་ཌའི་ལོག་སེལ་འཐུ་འབད་ཟེར་མི་དེ་ཁ་ཕྱེ་ཚུགསཔ་ཨིན།

རང་བཞིན་ཚིག་ཡིག་སྣོད་ཐོ་དེ་ནང་ལུ་འགྲུལ་ལམ་གསརཔ་ཅིག་ཁ་སྐོང་བརྐྱབ་ནིའི་དོན་ལུ་ རང་བཞིན་ཚིག་ཡིག་ནང་ལུ་ཡོད་མི་ འགྲུལ་ལམ་ ཌའི་ལོག་དེ་ལུ་ ཨེབ་གཏང་འབད།

ལུ་ འབྲེས་ལམ་གཞི་བསྟུན་ཚུ་སྲུང་བཞག་འབད།

རང་བཞིན་ཚིག་ཡིག་སྣོད་ཐོ་ནང་ལུ་འབྲེལ་ལམ་བཙུགས་ཐངས་LibreOffice གཞི་སྒརིག་འབད་ནིའི་དོན་ལུ་ མངའ་ཁོངས་འདི་ལག་ལེན་འཐབ།

ཡིག་སྣོད་རིམ་ལུགས།

ཁྱོད་ཀྱི་གློག་རིག་གུར་ཡོད་མི་རང་བཞིན་ཚིག་ཡིག་སྣོད་ཐོ་ལུ་འབྲེལ་མཐུད་ཡོད་མི་ཚུ་འབྲེལ་བ་ཅན་ཅིག་ཨིན་པས།

ཨིན་ཊར་ནེཊི།

ཨིན་ཊར་ནེཊི་གུར་ཡོད་མི་ཡིག་སྣོད་ལུ་འབྲེལ་མཐུད་དེ་འབྲེལ་བ་ཅན་ཅིག་ཨིན་པས།