འགྲུལ་བསྐྱོདཔ།

འགྲུལ་བསྐྱོདཔ་ནང་ལུ་དང་ ཡང་ན་ ཡིག་ཆའི་སྒོ་སྒྲིག་གཤམ་གྱི་གཡས་ལུ་ ཁྱོད་ཀྱིས་ངོས་དཔར་འདི་ལུ་ཨེབ་གཏང་འབད་བ་ཅིན་ ཡིག་ཆ་ཅིག་གི་ནང་འཁོད་ལུ་བྱུང་མི་དམིགས་གཏད་ཚུ་གདམ་ཁ་བརྐྱབ་ཚུགསཔ་བཟོ་མི་ ལག་ཆས་ཕྲ་རིང་ཅིག་འབྱུངམ་ཨིན། དེ་ལས་ཁྱོད་ཀྱིས་ ཡིག་ཆའི་ནང་གི་ཚིག་ཡིག་འོད་རྟགས་དེ་ ཧེ་མམ་གྱི་ནང་ལུ་དང་ ཡང་ན་ ཤུལ་མམ་གྱི་དམིགས་གཏད་ ནང་ལུ་གནས་ས་བཟོ་ནིའི་དོན་ལུ་ ཡར་དང་མར་གྱི་དམིགས་གཏད་དེ་ལག་ལེན་འཐབ།

ཧེ་མམ་གྱི་ཤོག་ལེབ་དང་ ཡང་ན་ དངོས་པོ་ལུ་བཤུད་སྒྲིལ་འབད་ནིའི་དོན་ལུ་ ལྟག་གི་ཨེབ་རྟ་དེ་ལུ་ ཨེབ་གཏང་འབད།

ཤོག་ལེབ་ཤུལ་མམ་གྱི་དང་ ཡང་ན་ དངོས་པོ་ལུ་བཤུད་སྒྲིལ་འབད་ནིའི་དོན་ལུ་ འོག་གི་ཨེབ་རྟ་དེ་ལུ་ ཨེབ་གཏང་འབད།

སྔོན་སྒྲིག་གིས་སྦེ་ ཁྱོད་ཀྱིས་ཐོ་བཀོད་གཞན་མི་ཅིག་སེལ་འཐུ་མ་འབད་ཚུན་ཚོད་ མདའ་རྟགས་ཨེབ་རྟ་དེ་གིས་ ཡིག་ཆའི་ནང་ལུ་ཧེ་མམ་གྱི་དང་ ཡང་ན་ ཤུལ་མམ་གྱི་ཤོག་ལེབ་ལུ་མཆོངམ་ཨིན། ཁྱོད་ཀྱིས་ཤོག་ལེབ་བརྒྱུད་དེ་བརྡ་འཚོལ་འབད་བ་ཅིན་ མདའ་རྟགས་ཨེབ་རྟ་དེ་གནགཔོ་ཨིན་ དེ་ལས་ དངོས་པོ་གཞན་མི་ཚུ་ལུ་མཆོངམ་པ་ཅིན་ཧོནམ་ཨིན།

ཐོ་བཀོད་འབད་དེ་ཡོད་མི་ཚུ་ འགྲུལ་བསྐྱོདཔ་གི་སེལ་འཐུའི་སྒྲོམ་ནང་ལུ་ཡོད་མི་ཚུ་དང་ ཆ་མཉམ་ཏོག་ཏོ་ཡོདཔ་ཨིན། ཁྱོད་ཀྱིས་ མཆོངས་ནིའི་འགྲོ་ཡུལ་གཞན་ཡང་སེལ་འཐུ་འབད་ཚུགས། དཔེ་བཀོད་དེ་ཡོད་མི་ཚུ་ ཁྱོད་ཀྱིས་་དང་གཅིག་ཁར་གཞི་སྒྲིག་འབད་ཚུགས་ནི་གི་དྲན་བསྐུལ་བཟུམ་ཅིག་ཨིན། འགྲུལ་བསྐྱོདཔ་ནང་ལུ་དྲན་བསྐུལ་ངོས་དཔར་དེ་གཞི་སྒྲིག་འབད། ཁྱོད་ཀྱིས་འོག་ལུ་ཡོད་མི་གདམ་ཁ་ཚུའི་ནང་ལས་དངོས་པོ་ཚུ་འགྲུལ་བསྐྱོདཔ་གུར་སེལ་འཐུ་འབད་ཚུགས། ལག་ཆས་ཕྲ་རིང: ཐིག་ཁྲམ་ ཚིག་ཡིག་གཞི་ཁྲམ་ ཚད་རིས་ ཨོ་ཨེལ་ཨི་དངོས་པོ་ ཤོག་ལེབ་ མགོ་ཡིག་ དྲན་བསྐུལ་ དངོས་པོ་འབྲི་ནི་ ས་སྒོ་ཚད་འཛིན་ དབྱེ་ཚན་ དེབ་རྟགས་ སེལ་འཐུ་ མཇུག་ཡིག་ དྲན་འཛིན་ ཟུར་ཐོ་བཙུགས་ནི་ ཐིག་ཁྲམ་མན་ངག་ འཛོལ་འཛོལ་བའི་ཐིག་ཁྲམ་མན་ངག

ཐིཁ་ཁྲམ་མན་ངག་ཚུ་གི་དོན་ལུ་ ཁྱོད་ཀྱིས་ ཁྱོད་རའི་ཡིག་ཆའི་ནང་འཁོད་ལུ་གནས་ཏེ་ཡོད་མི་ ཐིག་ཁྲམ་མན་ངག་ཆ་མཉམ་ལུ་དང་ ཡང་ན་ བདེན་མེད་ཚུ་ནང་རྐྱངམ་ཅིག་མཆོངས་ཚུགས། ཁྱོད་ཀྱིས་ བདེན་མེད་མན་ངག་ཚུ་གི་དོན་ལུ་ འཛོལ་བ་སྦེ་བྱུང་མི་མན་ངག་ཚུ་ལུ་རྐྱངམ་ཅིག་མཆོངས། ལས་རིམ་དེ་གིས་ འཛོལ་བ་བྱུང་པའི་ཐོག་ལས་མན་ངག་གོམ་འགྱོཝ་ཨིན། (བདེན་མེད་འཛོལ་བ་ཚུ་ལུ་གཞི་བསྟུན་འབད་མི་ཚུ།).

འགྲུལ་བསྐྱོདཔ་ལག་ཆས་ཕྲ་རིང་དང་གཅིག་ཁར་ལཱ་གཡོག་འབད་དོ།

ཀེར་ཕྲང་སྦེ་ཡོད་མི་བཤུད་བསྒྲིལ་ཕྲ་རིང་ནང་ལུ་གནས་ཏེ་ཡོད་མི་ ངོས་དཔར་དེ་ལུ་ཨེབ་གཏང་འབད་བའི་ཐོག་ལས་ འགྲུལ་བསྐྱོདཔ་ལག་ཆས་ཕྲ་རིང་དེ་ཁ་ཕྱེ།

ཁྱོད་ཀྱིས་བརྡ་འཛོལ་འབད་ནི་གི་དངོས་པོའི་དབྱེ་བའི་དོན་ལུ་ངོས་དཔར་དེ་ཨེབ་གཏང་འབད། དེ་ལས་ "Previous Object" or "Next Object" མདའ་རྟགས་གང་རུང་ཅིག་ལུ་ཨེབ་གཏང་འབད། མདའ་རྟགས་ཀྱི་མིང་འདི་ཚུ་གིས་ ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་དངོས་པོའི་བརྡ་སྟོནམ་ཨིན། ཚིག་ཡིག་འོད་རྟགས་དེ་ ཁྱདོ་ཀྱིས་དངོས་པོ་ག་སེལ་འཐུ་འབད་ཡོད་མི་གུར་བཞག་སྟེ་ཡོདཔ་ཨིན།

ཊི་ཨའི་པི་ངོས་དཔར།

ཡིག་ཆ་གི་ནང་འཁོད་ འགྲུལ་བསྐྱོདཔ་འབད་ནི་ལུ་ ཁྱོད་རའི་དམིགས་བསལ་གྱི་དགའ་གདམ་དང་འཁྲིལ་ཏེ་ LibreOfficeའདི་རིམ་སྒྲིག་འབད་བཏུབ་ཨིན། འ་ནཱི་འབད་ནི་ལུལག་ཆས་ - རིམ་སྒྲིག་འབད་ནི་ཚུ་གདམ་ཁ་རྐྱབ་ དཀར་ཆག་གི་, ལྡེ་སྒྲོམ་ཨིན་པའུཊི་ཡང་ན་ ལག་ཆས་ཕྲ་རིང་ཚུ་གི་ནང་ "Navigate" མངའ་ཁོངས་ཀྱི་འོག་ལུ་ ཡིག་ཆ་གི་ནང་འཁོད་ འགྲུལ་བསྐྱོདཔ་ཀྱི་དོན་ལུ་ འདྲ་མིན་སྣ་ཚོགས་ཀྱི་ལས་འགན་ཚུ་ཡོདཔ་ཨིན། འ་ནཱི་ལམ་བདའ་དེ་ ཁྱོད་ཀྱི་ཡིག་ཆ་ནང་ "To Next/Previous Index Tag" ལས་འགན་ཚུ་དང་གཅིག་ཁར་ ཟུར་ཐོ་ལུ་མཆོང་འགྱོ་བཏུབ་ཨིན།


འཚོལ་ཞིབ་ཡང་བསྐྱར་འབད།

འགྲུལ་བསྐྱོདཔ་གུར་་གྱི་ངོས་དཔར་ལུ་ལག་ཆས་ཕྲ་རིང་ ཡང་བསྐྱར་འཚོལ་ཞིབ་ འབད་བའི་ཐོག་ལས་ ཁྱོད་ཀྱིས་འཚོས་ཞིབ་འབད་དེ་ཚབ་བཙུགས་ནི་ ཌའི་ལོག་ ཟེར་མི་འགོ་བཙུགས་ཏེ་ཡོད་མི་དང་གཅིག་ཁར་ ཁྱོད་ཀྱིས་འཚོལ་ཞིབ་ཡང་བསྐྱར་འབད་ཚུགས། འདི་འབད་ནི་གིས་དོན་ལུ་ ངོས་དཔར་དེ་ལུ་ཨེབ་གཏང་འབད། ཀེར་ཕྲང་སྦེ་ཡོད་མི་བཤུད་སྒྲིལ་ཕྲ་རིང་གུར་ཡོད་མི་མདའ་རྟགས་ཧོནམ་དེ་གིས་ ད་ལྟོ་ལས་འགན་འབད་ནི་འགོ་བཙུགས་འོང་། གདོང་ཁར་འཚོལ་ཞིབ་འཕྲོ་མཐུད་འབད་ནི་ དང་ རྒྱབ་ཁ་ཐུགས་ལུ་འཚོལ་ཞིབ་འབད་ནི་འཕྲོ་མཐུད་འབད།. ད་ཁྱོད་ཀྱིས་ མདའ་རྟགས་གང་རུང་ཅིག་གི་ཕྱི་ངོས་ལུ་ཨེབ་གཏང་འབད་བ་ཅིན་ འཚོལ་ཞིབ་འབད་ནི་དང་ ཚབ་བཙུགས་ཟེར་མི་ནང་ལུ་བཙུགས་ཏེ་ཡོད་མི་མིང་ཚིག་དེ་འཕྲོ་མཐུད་དེ་འཚོལ་ཞིབ་འབད་འོང་།