བར་སྟོང་བཞག་ཐངས།

འ་ནི་ཌའི་ལོག་འདི་མན་ངག་རྒྱུ་རྫས་ཚུའི་བར་ན་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོ་ནིའི་དོན་ལས་ལག་ལེན་འཐབ། བར་སྟོང་བཞག་ཐངས་འདི་ རྩ་སྒྲིག་ - ཡིག་གཟུགས་ཚད་ གི་འོག་ལུ་ངེས་འཛིན་འབད་ཡོད་པའི་གཞི་རྟེན་ཚད་འདི་ལུ་མཐུན་འབྲེལ་ཡོདཔ་སྦེ་ བརྒྱ་ཆ་སྦེ་གསལ་བཀོད་འབད་འདི་ཡོདཔ་ཨིན།

བརྡ་བཀོད་འདི་འཛུལ་སྤྱོད་འབད་ནི་ལུ...

གདམ་ཁ་རྐྱབས རྩ་སྒྲིག - བར་སྟོང་བཞག་ཐངས


Spacing Dialog

ཁྱོད་ཀྱིས་བར་སྟོང་བཞག་ཐངས་གསལ་བཀོད་འབད་དགོ་མནོ་མི་གི་དོན་ལུ་མན་ངག་གི་རྒྱུ་རྫས་འདི་གཏན་འབེབས་བཟོ་ནིའི་དོན་ལས་ Category ཨེབ་རྟ་འདི་ལག་ལེན་འཐབ། ཌའི་ལོག་གི་འབྱུང་སྣང་འདི་སེལ་འཐུ་འབད་འབད་བའི་དབྱེ་རིམ་དང་འཁྲིལཝ་ཨིན། སྔོན་ལྟའི་སྒོ་སྒྲིག་འདི་གིས་སྒྲོམ་སོ་སོ་ཚུ་བརྒྱུད་དེ་བར་སྟོང་བཞག་ཐངས་ག་འདི་ལེགས་བཅོས་ག་དེ་སྦེ་འབདཝ་ཨིན་ན་སྟོནམ་ཨིན།

དབྱེ་རིམ།

འ་ནི་ཨེབ་རྟ་གིས་ཁྱོད་ལུ་བར་སྟོང་བཞག་ཐངས་འདི་བསྒྱུར་བཅོས་འབད་དགོ་མནོ་མི་གི་དོན་ལུ་དབྱེ་རིམ་འདི་སེལ་འཐུ་འབད་བཅུགཔ་ཨིན།

བར་སྟོང་བཞག་ཐངས།

འགྱུར་ཅན་ཚུ་དང་བཀོལ་སྤྱོད་པ་ཚུ་བར་ན་ གྲལ་ཐིག་ཚུའི་བར་ན་ དང་རྩ་བའི་བརྡ་རྟགས་ཚུ་དང་རེ་ཌི་ཀཱལསི་གི་བར་གྱི་བར་སྟོང་བཞག་ཐངས་འདི་ངེས་འཛིན་འབདཝ་ཨིན།

བར་སྟོང་བཞག་ཐངས།

འགྱུར་ཅན་ཚུ་དང་བཀོལ་སྤྱོད་པ་ཚུའི་བར་གྱི་བར་སྟོང་བཞག་ཐངས་འདི་ངེས་འཛིན་འབདཝ་ཨིན།

གྲལ་ཐིག་བར་སྟོང་བཞག་ཐངས།

གྲལ་ཐིག་ཚུའི་བར་ན་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

རྩ་བ་བར་སྟོང་བཞག་ཐངས།

རྩ་བའི་བརྡ་རྟགས་ཚུ་དང་རེ་ཌི་ཀཱལསི་གི་བར་གྱི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

ཟུར་ཐོ་ཚུ།

སྟེང་ཡིག་དང་འོག་ཡིག་ཟུར་ཐོ་ཚུའི་དོན་ལུ་བར་སྟོང་བཞག་ཐངས་འདི་ངེས་འཛིན་འབདཝ་ཨིན།

སྟེང་ཡིག

སྟེང་ཡིག་ཟུར་ཐོ་ཚུའི་དོན་ལུ་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

འོག་ཡིག

འོག་ཡིག་ཟུར་ཐོ་ཚུའི་དོན་ལུ་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

དཔྱ་ཕྲན་ཚུ།

དཔྱ་ཕྲན་ཕྲ་རིང་དང་དཔྱ་གྲངས་ཡང་ན་གཞི་གྲངས་ཀྱི་བར་གྱི་བར་སྟོང་བཞག་ཐངས་འདི་ངེས་འཛིན་འབདཝ་ཨིན།

དཔྱ་གྲངས།

དཔྱ་ཕྲན་ཕྲ་རིང་དང་དཔྱ་གྲངས་ཀྱི་བར་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

གཞི་གྲངས།

དཔྱ་ཕྲན་ཕྲ་རིང་དང་གཞི་གྲངས་ཀྱི་བར་གྱི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

དཔྱ་ཕྲན་ཕྲ་རིང་ཚུ།

རིང་ཚད་ལྷག་མི་དང་དཔྱ་ཕྲན་ཕྲ་རིང་གི་གྲལ་ཐིག་གི་ལྗིད་ཚད་འདི་ངེས་འཛིན་འབདཝ་ཨིན།

རིང་ཚད་ལྷག་མི།

དཔྱ་ཕྲན་གྲལ་ཐིག་དེ་གི་རིང་ཚད་ལྷག་མི་འདི་གཏན་འབེབས་བཟོཝ་ཨིན།

ལྗིད་ཚད།

དཔྱ་ཕྲན་གྲལ་ཐིག་དེ་གི་ལྗིད་ཚད་འདི་གཏན་འབེབས་བཟོཝ་ཨིན།

ཚད་ཚུ།

བརྡ་མཚོན་གྱི་བསྡོམས་དང་ཚད་ཀྱི་གནས་སྟངས་ཚུའི་བར་གྱི་བར་སྟོང་བཞག་ཐངས་འདི་ངེས་འཛིན་འབདཝ་ཨིན།

ཡར་གྱི་ཚད།

བརྡ་མཚོན་གྱི་བསྡོམས་དང་ཡར་གྱི་ཚད་ཀྱི་བར་ནང་གྱི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

མར་གྱི་ཚད།

བརྡ་མཚོན་གྱི་བསྡོམས་དང་མར་གྱི་ཚད་ཀྱི་བར་ནང་གི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

གུག་ཤད་ཚུ།

གུག་ཤད་ཚུ་དང་ནང་དོན་གྱི་བར་ནང་གི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

ཚད་ལྷག(གཡོན་/གཡས)

ནང་དོན་ཚུའི་ཡར་གྱི་མཐའམ་དང་གུག་ཤད་ཚུའི་ཡར་གྱི་མཇུག་གི་བར་ནང་གི་ཀེར་ཕྲང་གྱང་ཚད་འདི་གཏན་འབེབས་བཟོཝ་ཨིན།

བར་སྟོང་བཞག་ཐངས།

ནང་དོན་ཚུ་དང་གུག་ཤད་ཚུའི་ཡར་གྱི་མཇག་གི་བར་ནང་གི་ཐད་སྙོམས་གྱང་ཚད་འདི་གཏན་འབེབས་བཟོཝ་ཨིན།

གུག་ཤད་ཚུ་གེ་ར་ཚད་འཇལ།

གུག་ཤད་ཀྱི་དབྱེ་བ་ཚུ་གེ་ར་ཚད་འཇལཝ་ཨིན། ཁྱོད་ཀྱིས་དེ་ལས་( a over b) འདི་ Commands སྒོ་སྒྲིག་ནང་ལུ་ཐོ་བཀོད་འབདཝ་ཨིན་པ་ཅིན་ གུག་ཤད་འདི་གིས་སྒྲུབ་རྟགས་ཀྱི་མཐོ་ཚད་ཧྲིལ་བུམ་མཐའ་སྐོར་འོང་། ཁྱོད་ཀྱིས་སྤྱིར་བཏང་ལུ་ left ( a over b right )ཐོ་བཀོད་འབད་ཐོག་ འ་ནི་ནུས་པ་འདི་

ཚད་ལྷག

བརྒྱ་ཆ་ལྷག་ཡོད་པའི་ཚད་འདི་བདེ་སྒྲིག་འབདཝ་ཨིན། བརྒྱ་ཆ་ ༠ ལུ་ གུག་ཤད་ཚུ་ མཐོ་ཚད་གཅིག་པ་ལུ་སྒྲུབ་རྟགས་ཚུ་མཐའ་སྐོར་ནིའི་དོན་ལས་ གཞི་སྒྲིག་འབད་ཡོད། ཐོ་བཀོད་འབད་མི་གནས་གོང་འདི་མཐོ་སུ་ཨིནམ་ད་ལུ་ གུག་ཤད་ཚུའི་ནང་དོན་དང་ གུག་ཤད་ཀྱི་ཕྱིའི་མཐའ་མཚམས་དེའི་བར་གྱི་ཀེར་ཕྲང་བར་སྟོང་འདི་སྦོམ་ཨིན། ས་སྒོ་འདི་ གུག་ཤད་ཚུ་གེ་ར་ཚད་འཇལ་ དང་ཅིག་ཁར་རྐྱངམ་ཅིག་མཉམ་མཐུད་འབད་ལག་ལེན་འཐབ་བཏུབ།

ཁྲམ་རིས་

མེ་ཊིགསི་ཅིག་ནང་གི་རྒྱུ་རྫས་ཚུའི་དོན་ལུ་འབྲེལ་བའི་བར་སྟོང་བཞག་ཐངས་འདི་ངེས་འཛིན་འབདཝ་ཨིན།

གྲལ་ཐིག་བར་སྟོང་བཞག་ཐངས།

གྲལ་ཐིག་ཅིག་ན་གི་མེ་ཊིགསི་རྒྱུ་རྫས་ཚུའི་བར་ན་གི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

ཀེར་ཐིག་བར་སྟོང་བཞག་ཐངས།

ཀེར་ཐིག་ཅིག་ནང་གི་མེ་ཊིགསི་རྒྱུ་རྫས་ཚུའི་བར་ན་གི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

བརྡ་མཚོན་ཚུ།

འགྱུར་ཅན་ཚུ་ལུ་མཐུན་འབྲེལ་ཡོདཔ་སྦེ་ བརྡ་མཚོེན་ཚུའི་བར་སྟོང་བཞག་ཐངས་འདི་ངེས་འཛིན་འབདཝ་ཨིན།

གཞི་རིམ་མཐོ་ཚད།

གཞི་རྟེན་གྲལ་ཐིག་ལུ་མཐུན་འབྲེལ་ཡོདཔ་སྦེ་ བརྡ་མཚོན་ཚུའི་མཐོ་ཚད་འདི་ངེས་འཛིན་འབདཝ་ཨིན།

ཉུང་མཐའ་བར་སྟོང་བཞག་ཐངས།

བརྡ་མཚོན་ཅིག་དང་འགྱུར་ཅན་གྱི་བར་ན་གི་ཉུང་མཐའ་གྱང་ཚད་འདི་གཏན་འབེབས་བཟོཝ་ཨིན།

བཀོལ་སྤྱོད་པ་ཚུ།

བཀོལ་སྤྱོད་པ་དང་འགྱུར་ཅན་ཡང་ན་ཨང་གྲངས་ཚུའི་བར་ན་གི་བར་སྟོང་བཞག་ཐངས་འདི་གཏན་འབེབས་བཟོཝ་ཨིན།

ཚད་ལྷག

འགྱུར་ཅན་ལས་བཀོལ་སྤྱོད་པའི་ཡར་གྱི་མཐའམ་ལུའི་མཐོ་ཚད་འདི་གཏན་འབེབས་བཟོཝ་ཨིན།

བར་སྟོང་བཞག་ཐངས།

བཀོལ་སྤྱོད་པ་དང་འགྱུར་ཅན་ཚུའི་བར་ན་གི་ཐད་སྙོམས་གྱང་ཚད་འདི་གཏན་འབེབས་བཟོཝ་ཨིན།

མཐའ་མཚམས་ཚུ།

ཁྱོད་ཀྱི་མན་ངག་ལུ་མཐའ་མཚམས་ཅིག་ཁ་སྐོང་རྐྱབས་ཨིན། ཁྱོད་ཀྱིས་LibreOffice རྩོམ་འབྲི་པ་ནང་ཚིག་ཡིག་གི་ཡིག་སྣོད་ཅིག་ནང་ལུ་མན་ངག་འདི་མཉམ་སྒྲིལ་འབད་ནི་ཨིན་པ་ཅིན་ འ་ནི་གདམ་ཁ་འདི་བྱེ་བྲག་ཏུ་ཕན་ཐོག་ཅན་ཨིན། སྒྲིག་སྟངས་ཚུ་བཟོ་བའི་སྐབས་ ༠ འདི་ཚད་ཅིག་སྦེ་ཁྱོད་ཀྱིས་ལག་ལེན་མ་འཐབ་ཨིནམ་ངེས་ཏིག་བཟོ། དེ་གིས་ བཙུགས་པའི་ས་ཚིགས་དེ་མཐའ་སྐོར་མི་ཚིག་ཡིག་གི་དོན་ལུ་ སྟོན་ནིའི་དཀའ་ངལ་བྱུང་མ་ཨིན།

གཡོན།

གཡོན་གྱི་མཐའ་ཚམས་འདི་ མན་ངག་དང་རྒྱབ་གཞིའི་བར་ན་གནས་ཡོད།

གཡས།

གཡས་ཀྱི་མཐའ་མཚམས་འདི་ མན་ངག་དང་རྒྱབ་གཞིའི་བར་ན་གནས་ཡོད།

མགོ

མགོ་གི་མཐའ་མཚམས་འདི་ མན་ངག་དང་རྒྱབ་གཞིའི་བར་ན་གནས་ཡོད།

མཇུག

མཇུག་གི་མཐའ་མཚམས་འདི་ མན་ངག་དང་རྒྱབ་གཞིའི་བར་ན་གནས་ཡོད།

ས་སྒོ་སྔོན་ལྟ།

འདི་གིས་ སྔོན་ལྟ་གི་ད་ལྟོའི་སེལ་འཐུ་འབད་ཡོད་མི་འདི་བཀྲམ་སྟོན་འབདཝ་ཨིན།་

སྔོན་སྒྲིག

Saves your changes as your default settings for all new formulas. A security response will appear before saving these changes.

Save Default Dialog