ཁྱད་ཆོས་ཚུ་

LibreOffice ཨང་རྩིས་ ནང་གི་ཁྱད་ཆོས་ཚུ་གི་སྐོར་ལས་བརྡ་དོན་ཁ་སྐོང་འདི་ནང་འཐོབ་ཚུགས།

དྲག་པོ་, ཕྲ་རིང་, སྒྲ་ཞན་པའི་རྟགས་, ཞིབ་དཔྱད་, སྒོར་ཐིག་, ཚག་, ཌི་ཚག་, ཌི་ཌི་ཚག་, སྒྲ་གདངས་ལྕི་བ་, ཧེཊི་, སྣ་སྒྲ་ཅན་གྱི་རྟགས་ དང་ ཝེཀ་ ཁྱད་ཆོས་ཚུ་ལུ་ཨ་རྟག་རང་ གཏན་བཟོས་ཀྱི་ཚད་ཅིག་ཡོདཔ་ཨིན་ དེ་ལས་འདི་ཚུ་བརྡ་མཚོན་རིངམ་ཅིག་གི་མགུ་ལུ་ཨིན་པ་ཅིན་ རྒྱ་ཅན་(རིངམ་)མི་འགྱོ། སྔོན་སྒྲིག་གི་སྦེ་ ཁྱད་ཆོས་ཚུ་དབུས་སྒྲིག་འབད་ཡོད།

བརྡ་མཚོན་གྱི་རིང་ཚད་དང་གཅིག་ཁར་ཡར་བསྐྱེད་འགྱོ་མི་ཁྱད་ཆོས་ཚུ་ མགོ་ཐིག་, འོག་ཐིག་ དང་ ཨོ་བར་སིཊའིཀ་ཨིན།

ཊི་ཨའི་པི་ངོས་དཔར།

ཡིག་འབྲུའི་ཡིག་རྒྱུན་ལ་ལུ་ཅིག་གི་དོན་ལུ་ འོག་ཐིག་ དང་གཅིག་ཁར་བཙུགས་ཡོད་པའི་གྲལ་ཐིག་འདི་ ཡིག་འབྲུ་གི་སྦོ་ལོག་ཁར་རང་ཨིན་པས། གནད་དོན་འདི་ནང་ལུ་ སྡེ་ཚན་སྟོངམ་ཅིག་གིས་དཀའ་ངལ་འདི་སེལ་ཚུགས་: འོག་ཐིག་ ཀིའུ་ ཡན་ལག་ {} འོག་ཐིག་ ཀིའུ་གི་ཚབ་ལུ།