ཟུར་ཐོ་ཚུ་དང་བསྒྱུར་གྲངས་ཚུ་

ན་ལུ་ ཁྱོད་ཀྱིས་ LibreOffice ཨང་རྩིས་ནང་གི་ཟུར་ཐོ་ཚུ་དང་བསྒྱུར་གྲངས་ཚུ་གི་སྐོར་ལས་གཞི་རིམ་བརྡ་དོན་འཐོབ་ཚུགས། ཁྱོད་ལུ་ཧ་དགོ་ནི་དང་རྒྱས་བཤད་གྲོས་བསྡུར་འབད་ཡོད་ཚུའི་སྐོར་ལས་གྲོགས་རམ་འབད་ནིའི་དོན་ལས་ ན་ལུ་འགྲེལ་བཤད་རྐྱབས་ཡོད་མི་དཔེར་བརྗོད་ཚུ་ཁྱོད་ཀྱིས་འབད་རྩོལ་བསྐྱོད། (འ་ནི་ཚིག་ནང་གི་འདྲེན་ཚིག་རྟགས་ཚུ་ གཙོ་བཏོན་དགོས་མཁོ་ཚུའི་དོན་ལུ་རྐྱངམ་ཅིག་ཨིན་ འདི་ཚུ་དཔེར་བརྗོད་ཀྱི་ཡན་ལག་མེན།)

ཡིག་འབྲུ་ཅིག་གི་དོན་ལུ་ཟུར་ཐོ་དང་བསྒྱུར་གྲངས་ཚུ་གཅིག་གི་ལྟག་ལུ་གཅིག་སྦེ་བཀྲམ་སྟོནའབད་ཡོདཔ་ཨིན་ གཞི་རྟེན་ཡིག་འབྲུ་ལུ་ གཡོན་-ལྟེམས་བཅོས་འབད་ཡོད། དཔེར་ན་ type a_2^3 ཡང་ན་ a^3_2 ཡིག་དཔར་རྐྱབས། '_' དང་ '^' གི་ཚབ་ལུ་ ཁྱོད་ཀྱིས་ 'sub' དང་ 'sup' ལག་ལེན་འཐབ།

གང་ལྟར་ཡང་ འོག་གི་དཔེ་གཞི་ཚུ་ལག་ལེན་འཐབ་ནི་ད་མི་སྲིད།

a_2_3

a^2^3

a_2^3_4

གཞི་རྟེན་ཡིག་འབྲུ་གི་འོག་-/སྟེང་ཡིག་གནས་ས་རེ་རེ་བཞིན་ ཚར་གཅིག་རྐྱངམ་ཅིག་ལག་ལེན་འཐབ་བཏུབ། ཁྱོད་ཀྱིས་རེ་འདུན་ཡོད་པའི་གྲུབ་འབྲས་འདི་བརྡ་སྟོན་འབད་ནིའི་དོན་ལས་གུག་ཤད་ཚུ་ལག་ལེན་འཐབ་དགོ འོག་གི་དཔེར་བརྗོད་ཚུ་གིས་དེ་སྦེ་སྟོནམ་ཨིན་

a_{2_3}

a^{2^3}

a_2^{3_4}

a_{2^3}^{4_5}

ཊི་ཨའི་པི་ངོས་དཔར།

མན་ངག་ཞིན་དག་པ་གཞན་མི་ "_" དང་ " ^ " འདི་ཡིག་འབྲུ་ཤུལ་མམ་ ("a_24" གིས་ "2" ལུ་རྐྱངམ་ཅིག་གཞི་བསྟུན་འབདཝ་ཨིན།) འདི་ལུ་རྐྱངམ་ཅིག་གཞི་བསྟུན་འབད་དོ་བཟུམ་ LibreOffice ཨང་རྩིས་འདི་གིས་ཨང་གྲངས་(ཚུ་)/མིང་(ཚུ་)/ཚིག་ཡིག་ ཧྲིལ་བུམ་ལུ་གཞི་བསྟུན་འབདཝ་ཨིན། ཁྱོད་ཀྱིས་སྟེང་ཡིག་དང་འོག་ཡིག་ཚུ་འབམྱུང་རིམ་ནང་བཙུགས་ནི་ཨིན་པ་ཅིན་ གསལ་བརྗོད་འདི་འོག་ལུ་ཡོད་དོ་བཟུམ་སྦེ་འབྲི་བཏུབ་: a_2{}^3 or a^3{}_2


ཊེན་སོར་ཚུ་འབྲི་ནིའི་དོན་ལས་ LibreOffice ཨང་རྩིས་ གིས་གདམ་ཁ་ལེ་ཤ་བྱིནམ་ཨིན། དབྱངས་རྟགས་འདི་གི་ཁ་སྐོང་ལུ་ "R_i{}^{jk}{}_l" གློག་རིམ་གཞན་མི་ཚུ་ནང་ལུ་ཡོད་མི་ ཁ་སྐོང་དབྱངས་རྟགས་ཚུ་ལག་ལེན་འཐབ་བཏུབ་ དེ་ཡང་ "R_i{}^jk{}_l" དང་ "{{R_i}^jk}_l." ཨིན།

གཞི་རྟེན་ཡིག་འབྲུ་འདི་གི་ སྟེང་- དང་འོག་ཡིག་ཚུ་གཡས་་-ལྟེམས་བཅོས་འབད་ཚུགས། འདི་འབད་ནིའི་དོན་ལས་ བརྡ་བཀོད་གསརཔ་ "lsub" དང་ "lsup" ཚུ་ལག་ལེན་འཐབ་ཡོད། བརྡ་བཀོད་གཉིས་ཆ་རང་ལུ་ འདི་ཚུ་གཞི་རྟེན་ཡིག་འབྲུ་གི་གཡོན་མ་གཏོགས་ "sub" དང་ "sup" བཟུམ་སྦེ་ནུས་པ་གཅིག་པ་ཡོད། "a lsub 2 lsup 3." ཡང་བལྟ།

ལམ་ལུགས་ ངེས་པ་མེད་པ་མེན་མི་བཟུང་མི་དང་གུག་ཤད་ལག་ལེན་འཐབ་ནིའི་མཁོ་ཆས་ ཚུ་གཅིག་པ་སྦེ་སྡོདཔ་ཨིན། འ་ནི་འདི་ {}_2^3 a དང་གཅིག་ཁར་འཐོབ་ཚུགས།

དྲན་འཛིན་ངོས་དཔར།

བརྡ་བཀོད་ "sub" དང་ "sup" འདི་ཚུ་ "rsub" དང་ "rsup"སྦེ་འཐོབ་ཚུགས།


"csub" དང་ "csup" བརྡ་བཀོད་ཚུ་ལག་ལེན་འཐབ་ཐོག་ ཁྱོད་ཀྱིས་ སྟེང་དང་འོག་ཡིག་ཚུ་ཐད་ཀར་དུ་ ཡིག་འབྲུ་ཅིག་གི་མགོ་ཡང་ན་འོག་ལུ་འབྲི་ཚུགས། དཔེར་བརྗོད་འདི་ "a csub y csup x" ཨིན། ཟུར་ཐོ་ཚུ་དང་བསྒྱུར་གྲངས་ཚུ་ གཅིག་ཁར་མཉམ་མཐུད་འབད་འབདཝ་ཚུ་ཡང་སྲིད་: "abc_1^2 lsub 3 lsup 4 csub 55555 csup 66666."

སྟེང་- དང་འོག་ཡིག་ཚུ་ གཅིག་ལྡན་དང་ཟུང་ལྡན་བཀོལ་སྤྱོད་པ་མང་ཤོས་ལུ་མཉམ་སྦྲགས་འབད་བཏུབ། དཔེར་བརྗོད་གཉིས་: "a div_2 b a<csub n b +_2 h" དང་ "a toward csub f b x toward csup f y."

ཉེན་བརྡའི་ངོས་དཔར།

འ་ནི་དཔེར་བརྗོད་ཚུ་ བརྡ་བཀོད་ཀྱི་ སྒོ་སྒྲིག་ནང་ལུ་ཐོ་བཀོད་འབད་བའི་སྐབས་ ཡིག་འབྲུ་ཚུའི་བར་ན་བར་སྟོང་ཚུ་ཆ་མཉམ་ཐོ་བཀོད་འབད་ནི་ངེས་ཏིག་བཟོ།