LibreOffice ཨིམ་པེརེསི་ཁྱད་རྣམ་ཚུ།

LibreOffice ཨིམ་པེརེསི་འདི་གིས་གཞན་མི་རྣམ་གྲངས་ཚུ་གི་སྣ་ཁག་དང་སྣ་མང་བརྡ་ལམ་ ཚིག་ཡིག་ པར་རིས་དངོས་པོ་ཚུ་ དེ་ལས་དཔེ་རིས་ཚུ་གྲངས་སུ་བཙུགས་མི་ཁྱད་ལས་ཀྱི་བཤུད་བརྙན་ཚུ་ཁྱོད་ལུ་གསར་བསྐྲུན་འབད་བཅུགཔ་ཨིན། ཁྱོད་ལུ་དགོ་པ་ཅིན་ ཁྱོད་ཀྱིས་ཡང་ནང་འདྲེན་འབད་ཚུགས་ནི་དང་མའི་ཀོརོ་སོཕཊི་པ་ཝར་པོ་འིནཊི་གསལ་སྟོན་ཚུ་ལེགས་བཅོས་འབད་ཚུགས།

གསལ་གཞི་བཤུད་བརྙན་ཚུའི་དོན་ལུ་ བསྒུལ་བཟོ་ བཤུད་འགྱུར་ཚུ་དང་སྣ་མང་བརྡ་ལམ་ཚུ་ ཁྱོད་ཀྱིས་ཁྱོད་རའི་གསལ་སྟོན་འདི་ཧེང་བཀལ་སྤྲོ་སྣང་ཅན་བཟོ་ནིའི་དོན་ལས་ལག་ལེན་འཐབ་ནིའི་ཐབས་རིག་དག་པ་ཅིག་ཨིན།

མཉམ་ཐིག་ཚད་རིས་ཚུ་གསར་བསྐྲུན་འབད་དོ།

LibreOffice ཌྲོ་ནང་མཉམ་ཐིག་ཚད་རིས་ཚུ་གསར་བསྐྲུན་འབད་ནིའི་དོན་ལུ་ལག་ཆས་ཚུ་ལེ་ཤ་ཅིག་LibreOffice ཨིམ་པེརེསི་ནང་ཐོབ་ཚུགས།

བཤུད་ཚུ་གསར་བསྐྲུན་འབད་དོ།

LibreOffice ཨིམ་པེརེསི་འདི་གིས་ཁྱད་ལས་ཀྱི་-བལྟ་ནིའི་བཤུད་ཚུ་གསར་བསྐྲུན་འབད་ནི་ལུ་ཊེམ་པེལེཊི་ཚུ་དང་གཅིག་ཁར་ཁྱོད་ལུ་བྱིནམ་ཨིན།

ཁྱོད་ཀྱིས་ཡང་བསྒུལ་བཟོ་དང་འགྱུར་བའི་ནུས་པ་ཚུ་གྲངས་སུ་བཙུགས་ཏེ་ཁྱོད་ཀྱི་བཤུད་ལུ་ནུས་ཅན་གུས་པ་ཚུ་གི་གྲངས་འགན་སྤྲོད་འབད་ཚུགས།

གསལ་སྟོན་ཚུ་གསར་བསྐྲུན་འབད་དོ།

ཁྱོད་ཀྱིས་བཤུད་བརྙན་བཀོད་བསྒྲིག་འབདཝ་ད་ཤོག་ལེབ་ཚུ་ཡང་ན་མཐོང་སྣང་ཚུ་ལེ་ཤ་ཅིག་ཐོབ་ཚུགས། དཔེར་ན་ བཤུད་དབྱེ་སེལ་འབད་མི་འདི་གིས་བཀྲམ་ཤོག་ཤོག་ལེབ་འདི་ལུ་བཤུད་གཉིས་ཆ་རང་དང་ཁྱོད་ཀྱིས་ལྟོདམོ་ལྟ་མི་ལུ་ཚིག་ཡིག་བགོ་བཀྲམ་འབད་ནི་ནང་ན་ཡོདཔ་ད་ཁྱོད་ཀྱི་བཤུད་ཚུ་གི་སྤྱི་མཐོང་འདི་མཐེ་གཟེར་ནང་བཀྲམ་སྟོན་འབདཝ་ཨིན།

LibreOffice ཨིམ་པེརེསི་འདི་གིས་ཡང་ཁྱོད་ལུ་ཁྱོད་ཀྱི་བཤུད་བརྙན་གྱི་དུས་འཛིན་མཐའ་སྦྱང་འབད་བཅུགཔ་ཨིན།

གསལ་སྟོན་ཚུ་དེབ་བསྐྲུན་འབད་དོ།

ཁྱོད་ཀྱིས་ཁྱོད་ཀྱི་བཤུད་ཚུ་གསལ་གཞི་གུ་བཀྲམ་ཤོག་ཚུ་ཡང་ན་ཨེཆ་ཊི་ཨེམ་ཨེལ་ཡིག་ཆ་ཚུ་བཟུམ་སྦེ་དཔེ་བསྐྲུན་འབད་ཚུགས།

གསལ་སྟོན་ཚུ་བྱིན་དོ།

LibreOffice ཨིམ་པེརེསི་འདི་གིས་ཁྱོད་ལུ་བཤུད་བརྙན་རང་བཞིན་གྱིས་ཡང་ན་ལག་ཐོག་ལས་གཡོག་བཀོལ་ནིའི་གདམ་ཁ་བྱིནམ་ཨིན།