གནས་ཚད་ཕྲ་རིང་།

གནས་ཚད་ཕྲ་རིང་འདི་གིས་ད་ལྟོ་སེལ་འཐུ་འབད་ཡོད་པའི་དངོས་པོ་གྲངས་སུ་བཙུགས་ཏེ་ཁྱོད་ཀྱི་ཡིག་ཆའི་སྐོར་ལས་བརྡ་དོན་བཀྲམ་སྟོན་འབདཝ་ཨིན། ཁྱོད་ཀྱིས་འབྲེལ་བ་ཅན་གྱི་ཌའི་ལོག་སྒོ་སྒྲིག་ཁ་ཕྱེ་ནི་ལུ་གནས་ཚད་ཕྲ་རིང་རྣམ་གྲངས་ཚུ་ལ་ལོ་ཅིག་ཐེངས་གཉིས་ཨེབ་གཏང་འབད་ཚུགས།

ད་ལྟོའི་ཚད།

སེལ་འཐུ་འབད་ཡོད་པའི་དངོས་པོ་གི་ཚད་དང་འོད་རྟགས་ཀྱི་ཨེཀསི་དང་ཝའི་གནས་ཁོངས་བཀྲམ་སྟོན་འབདཝ་ཨིན།

རྒྱས་ཟུམ་འབད།

ད་ལྟོའི་ ཤོག་ལེབ་བཀྲམ་སྟོན་ཀྱི་ རྒྱས་བཟུམ་ཆ་རྐྱེན་དེ་གསལ་བཀོད་འབདཝ་ཨིན།

ཡིག་ཆའི་ ལེགས་བཅོས།

ཡིག་ཆའི་བསྒྱུར་བཅོས་ཚུ་ད་ལྟོ་ཡང་ཧརཌི་འདྲེན་འཕྲུལ་གུ་མ་སྲུང་པ་ཡོད་པ་ཅིན་ "*"འདི་ གནས་ཚད་ཕྲ་རིང་གུ་གི་ས་སྒོ་ནང་བཀྲམ་སྟོན་འབདཝ་ཨིན། དེ་མ་ཚད་ ད་ཚུན་ཡིག་སྣོད་མ་སྲུང་མི་གསརཔ་ཚུ་ལུ་ འཇུག་སྤྱོད་འབདཝ་ཨིན།

ད་ལྟོའི་བཤུད་/གནས་རིམ་

བཤུད་ཚུ་གི་གྲངས་བསྡོམས་ཀྱིས་རྫེས་སུ་འབྲང་ཡོད་པའི་ད་ལྟོའི་བཤུད་གྲངས་བཀྲམ་སྟོན་འབདཝ་ཨིན།

ད་ལྟོའི་ཤོག་ལེབ་བཟོ་རྣམ་

ད་ལྟོའི་ཤོག་ལེབ་བཟོ་རྣམ་བཀྲམ་སྟོན་འབདཝ་ཨིན། བཟོ་རྣམ་ཞུན་དག་འབད་ནི་ལུ་ཐེངས་གཉིས་ཨེབ་གཏང་འབད་ བཟོ་རྣམ་གཞན་སེལ་འཐུ་འབད་ནི་ལུ་གཡས་ཨེབ་གཏང་།